མཚམས་ལན་རེར་ཚོར་བ་འདི་འདྲ་ཡོད།

མི་ལོ་གཉིས་ཀྱི་བྲེལ་འཚུབ་ཁྲོད་ནས་ཉམས་མྱོང་སྣ་ཚོགས་ངང་གིས་འཕེལ།།
སྐྱིད་སྡུག་རེས་མོས་འཁོར་ནས་བྱུང་བ་སོས་ཀའི་གནམ་ངོའི་ཟླ་ལ་སྙེག།
ཟླ་བ་ཆུ་ལས་ལྷོད་ཀྱིས་འཛུམ་པ་དག་པ་ཤེལ་གྱི་དཔལ་ལ་འགྲན།།
ལག་པ་རིང་བོས་ཤེད་ཀྱིས་བསྙབས་ན་གློ་སྟོང་གཡང་ལ་གཡུགས་ནས་ཚར།།

ད་ནི་ཁ་བ་སྟོབས་ཀྱིས་བབས་ཀྱང་ཆར་བའི་སྣ་འདྲེན་ཡིན་པ་ཤེས།།
སེར་བའི་ཤུགས་ལ་ཉི་འོད་འཁྱིལ་བ་མངོན་སུམ་མིག་གིས་མཐོང་ནས་ཡོད།།
རྣ་བའི་ལམ་དུ་སྒྲ་སྙན་དཀྲོལ་ཀྱང་ཕུག་ན་བླ་བཙག་ལྐོག་འདྲེན་ཡོད།།
གཞན་གྱི་མདུན་དུ་དགའ་དགའ་གནང་ཡང་ལྐོག་ན་ཚིག་གི་མཚོན་ཆ་ཡོད།།

སློབ་གྲོགས་ལ་ལར་ཡུད་ཙམ་འཕྲད་ཀྱང་འདྲེ་ལ་ཐུག་པའི་འཇིགས་སྣང་ཞིག།
སློབ་གྲོགས་ལ་ལར་ཡུན་གྱིས་འགྲོགས་ཀྱང་སུན་པའི་སྣང་བ་དེ་ཙམ་མེད།།
གཅིག་ཏུ་མ་ངེས་རླུང་ལ་བསྡོངས་པ་སེམས་པ་ཡང་མོ་གྱང་ཁའི་རྩྭ།།
བཅོས་པའི་ཐབས་ཤིག་ད་དུང་མ་རྙེད་མི་ཚེ་འདི་ལའང་རྙེད་ཐབས་དཀའ།།

འཁོར་བར་ངེས་འབྱུང་སྐྱེས་པ་མིན་ཡང་བྱ་བར་ཞེན་པ་ལོག་ནས་ཐལ།།
ལྷ་ལ་བརྩེ་བ་ཟབ་པ་མིན་ཡང་མི་ལ་སྤྲོ་བ་ཡལ་ནས་སོང་།།
རི་ཁྲོད་འགྲིམ་པར་དུང་བ་མེད་ཀྱང་མང་པོར་འགྲོགས་རྒྱུ་དཀའ་ནས་འདུག།
གཅིག་པུར་བསྡད་ནས་སེམས་ཁམས་དྭངས་ན་གསེར་སྲང་སྟོང་གི་རིན་ལས་ལྷག།

ཁ་བ་བབས་སོང་རླུང་དམར་གཡུགས་སོང་བདེ་བའི་དངོས་པོ་ཁུར་ནས་སོང་།།
མདའ་ཡིས་ཕོག་སོང་མདུང་གིས་བསྣུན་སོང་བརྩེ་བའི་རི་བོ་རྨང་ནས་བཤིག།
རྣོ་ལ་ཐུག་ཡོད་རྡུལ་གྱིས་ཟོས་ཡོད་སྦྲུལ་ལ་འཛུམ་མདངས་གྲོལ་ནས་ཡོད།།
ཕྱི་མའི་འགག་ལ་ལག་པ་སྲོང་བའི་ཤྭ་བོ་འདི་ལ་རྭ་ཅོ་མེད།།

རི་བོང་བློ་ལྡན་རི་ནས་བྲོས་ཀྱང་རྐང་རྗེས་ཡང་མོ་ཡོད་ཙམ་གདའ།།
ཝ་མོའི་སྣ་ལས་ཁྲག་དམར་བཞུར་ཡང་ཁྲག་ལ་འོད་ཟེར་རྒྱས་པ་ཙམ།།
བདག་གི་མིག་ལ་འོད་མདངས་འཁྱུག་ཀྱང་འོད་ལ་ཆུ་རིས་འཛུམ་པ་ཙམ།།
རིས་ཀྱི་ཀློང་ན་ཀ་ཁ་མེད་ཀྱང་ཀ་ཁའི་གྲིབ་མ་ལམ་ཙམ་གསལ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚམས་ལན་རེར་ཚོར་བ་འདི་འདྲ་ཡོད།

2012-11-27 དགེ་ཆོས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།