སྒྱུ་མའི་སྣང་བ།
གཞོན་སྣང་ཕྲ་མོ་རླུང་གི་ཞབས་ཟུང་ཅན།།
བདག་མེད་འཕྲུལ་གྱི་བང་དང་འགྲོགས་འགྲོགས་ནས།།
འཇིག་རྟེན་རྙོག་མའི་དྲ་བའི་རིས་དབྱིབས་འདིས།།
རང་གི་མགོ་བོ་རླུང་ལ་བསྐུར་ཉེན་ཆེ།།
བརྩེ་བའི་འཛུམ་ཆུང་བཅོས་མ་བྲིས་མའི་གཟུགས།།
བསླུ་བའི་གཟུགས་ཀྱིས་མིག་ལ་ཤར་ཤར་ནས།།
ཡིད་ཆེས་ཤི་མེད་འདྲ་བའི་ཁ་དོག་དེ།།
འཐོར་རླུང་གང་གིས་བསུབ་ཉེན་ལྷག་ཏུ་ཆེ།།
འཕྲུལ་སྣང་ཟ་ཟིས་བཟི་བའི་རྣམ་ཤེས་དེ།།
སྟོང་བའི་མཁའ་ལ་ཤར་བའི་འཇའ་རིས་དེར།།
ཡང་ཡང་འཁྲེང་བའི་ཟློས་གར་འཁྲབ་འཁྲབ་ནས།།
མིག་ཆུ་གཙང་བོར་འདྲེས་པའི་ལོ་ཟླ་ཚེས།།
གཏད་མེད་རོ་ལ་འཐམ་པའི་རོལ་རྩེད་ཅིག།
མི་རྟག་མི་ཡུལ་འདི་ན་མང་མང་བས།།
མགོ་དང་མཇུག་མ་བརྗེ་བའི་སྤྲེ་འུ་ཞིག།
ས་སྒང་འདི་ནས་འཚོ་བའི་རྣམ་ཐར་བྲིས།།
རྩོམ་ཁུངས། ངེད་དྲ་བ།