ཟླ་བ་དཀར་པོ་ཨེ་རེད།
ཟླ་བ་སྐོར་ཚོ་སྐོར་ཚོ་བཞུར་ལམ་དུ།།
འོད་ཟེར་ཉག་མ་ཉག་མ་འཐོར་ས་རུ།།
མུན་པ་ཇེ་སྲབ་ཇེ་སྲབ་འགྲོ་བ་དེ།།
ཟླ་བ་དཀར་པོ་ཡིན་པས་ཨེ་ཡིན་ནམ།།
ཟླ་བ་འཁྲུངས་མྱོང་མེད་པའི་གྲོག་མོ་ཡི།།
སྨག་གི་རླབས་སུ་ཚུད་པའི་སྐྱེ་བོ་ཡི།།
མྱ་ངན་ནག་པོ་གདོས་སུ་ཆེ་བ་དེ།།
ཟླ་བ་དཀར་པོ་མེད་པས་མ་ཡིན་གྲང་།།
༢༠༡༢ ༡༠ ༢༡
རྩོམ་ཁུངས། ངེད་དྲ་བ།