གཟེབ་ཚུད་བྱེའུ་ཆུང་།

བོད་པའི་འཇིགས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-29


ཕ་ལོའི་སྐུ་ཚེ་དགོང་གའི་ཉི་ཟེར་རེད། །
སྐྱེས་མཐའ་བྲལ་བ་སྲོད་ཁའི་མུན་པ་རེད། །
བུ་ངའི་དྲན་པ་ས་ཡི་ཆུ་མིག་རེད། །
བྲལ་བའི་ཁ་ཐག་དགུན་གྱི་གྲང་ངར་རེད། །

མ་ལོའི་སེམས་པ་ལ་ཁའི་དར་ལྕོག་རེད། །
བུ་ངར་འཁྲེན་པ་སྐྱི་སེར་རླུང་བུ་རེད། །
བུ་ངའི་དྲན་པ་རྩྭ་མགོའི་ཟིལ་བ་རེད། །
བྲལ་བའི་ཁ་ཐག་སྟོན་གྱི་བ་མོ་རེད། །

ཕུ་བོའི་ཕུགས་བསམ་སྦྲང་ཆར་སིལ་མ་རེད། །
མཚན་དང་སྙན་གྲགས་དབྱར་སྐྱེས་རྔ་སངས་རེད། །
བུ་ངའི་དྲན་པ་རྨ་བྱའི་སྒྲོ་གུར་རེད། །
བྲལ་བའི་ཁ་ཐག་གནམ་ལྕགས་ཐོག་མདའ་རེད། །

ཆུང་མའི་རེ་སྒུག་དྭངས་གསལ་མཚོ་མོ་རེད། །
ཉིན་མཚན་སྐྱོ་བ་འཇགས་མེད་རྦ་རླབས་རེད། །
བུ་ངའི་དྲན་པ་གསེར་མིག་ཉ་ཆུང་རེད། །
བྲལ་བའི་ཁ་ཐག་དབྱར་ཁའི་ཐན་པ་རེད། །

གཅེས་པའི་བུ་ཕྲུག་ཡངས་པའི་སྐྱེད་ཚལ་རེད། །
སླད་མེད་བྱིས་བློ་ཆུ་སྐྱེས་ཐོ་འུ་རེད། །
བུ་ངའི་དྲན་པ་མེ་ཏོག་འཐུང་བ་རེད། །
བྲལ་བའི་ཁ་ཐག་སྨག་རིམ་སྟུག་པོ་རེད། །

དུངས་པའི་གྲོགས་རྣམས་ཞིང་ས་ནེམ་པོ་རེད། །
གཞན་ཕན་ལྷག་བསམ་འབྲུ་རིགས་སྙེ་མ་རེད། །
བུ་ངའི་དྲན་པ་དྲངས་པའི་ཡུར་ཆུ་རེད། །
བྲལ་བའི་ཁ་ཐག་སྤྲིན་གྱི་རུས་པ་རེད། །

འདང་ཅན་མཛེས་མ་རྫ་རི་སྨུག་པོ་རེད། །
འགྱུར་མེད་བརྩེ་བ་གཞོམ་མེད་བྲག་རི་རེད། །
བུ་ངའི་དྲན་པ་གཉོམ་ཆུང་ཤ་བ་རེད། །
བྲལ་བའི་ཁ་ཐག་མདའ་འཛིན་རྔོན་པ་རེད། །

ཕ་ཡུལ་རྣམ་པ་དཔྱིད་ཀྱི་དཔལ་ཡོན་རེད། །
རྣམ་མང་རྩེད་རིགས་གྲངས་མེད་མཁའ་རྒྱུ་རེད། །
བུ་ངའི་དྲན་པ་འདོད་པའི་ཏཱ་ལ་རེད། །
བྲལ་བའི་ཁ་ཐག་གཟེབ་ཚུད་བྱེའུ་ཆུང་རེད། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟེབ་ཚུད་བྱེའུ་ཆུང་།

2012-10-29 བོད་པའི་འཇིགས་སྐྱབས། ཀློག་གྲངས། མཆན ཡོད།


ཕ་ལོའི་སྐུ་ཚེ་དགོང་གའི་ཉི་ཟེར་རེད། །
སྐྱེས་མཐའ་བྲལ་བ་སྲོད་ཁའི་མུན་པ་རེད། །
བུ་ངའི་དྲན་པ་ས་ཡི་ཆུ་མིག་རེད། །
བྲལ་བའི་ཁ་ཐག་དགུན་གྱི་གྲང་ངར་རེད། །

མ་ལོའི་སེམས་པ་ལ་ཁའི་དར་ལྕོག་རེད། །
བུ་ངར་འཁྲེན་པ་སྐྱི་སེར་རླུང་བུ་རེད། །
བུ་ངའི་དྲན་པ་རྩྭ་མགོའི་ཟིལ་བ་རེད། །
བྲལ་བའི་ཁ་ཐག་སྟོན་གྱི་བ་མོ་རེད། །

ཕུ་བོའི་ཕུགས་བསམ་སྦྲང་ཆར་སིལ་མ་རེད། །
མཚན་དང་སྙན་གྲགས་དབྱར་སྐྱེས་རྔ་སངས་རེད། །
བུ་ངའི་དྲན་པ་རྨ་བྱའི་སྒྲོ་གུར་རེད། །
བྲལ་བའི་ཁ་ཐག་གནམ་ལྕགས་ཐོག་མདའ་རེད། །

ཆུང་མའི་རེ་སྒུག་དྭངས་གསལ་མཚོ་མོ་རེད། །
ཉིན་མཚན་སྐྱོ་བ་འཇགས་མེད་རྦ་རླབས་རེད། །
བུ་ངའི་དྲན་པ་གསེར་མིག་ཉ་ཆུང་རེད། །
བྲལ་བའི་ཁ་ཐག་དབྱར་ཁའི་ཐན་པ་རེད། །

གཅེས་པའི་བུ་ཕྲུག་ཡངས་པའི་སྐྱེད་ཚལ་རེད། །
སླད་མེད་བྱིས་བློ་ཆུ་སྐྱེས་ཐོ་འུ་རེད། །
བུ་ངའི་དྲན་པ་མེ་ཏོག་འཐུང་བ་རེད། །
བྲལ་བའི་ཁ་ཐག་སྨག་རིམ་སྟུག་པོ་རེད། །

དུངས་པའི་གྲོགས་རྣམས་ཞིང་ས་ནེམ་པོ་རེད། །
གཞན་ཕན་ལྷག་བསམ་འབྲུ་རིགས་སྙེ་མ་རེད། །
བུ་ངའི་དྲན་པ་དྲངས་པའི་ཡུར་ཆུ་རེད། །
བྲལ་བའི་ཁ་ཐག་སྤྲིན་གྱི་རུས་པ་རེད། །

འདང་ཅན་མཛེས་མ་རྫ་རི་སྨུག་པོ་རེད། །
འགྱུར་མེད་བརྩེ་བ་གཞོམ་མེད་བྲག་རི་རེད། །
བུ་ངའི་དྲན་པ་གཉོམ་ཆུང་ཤ་བ་རེད། །
བྲལ་བའི་ཁ་ཐག་མདའ་འཛིན་རྔོན་པ་རེད། །

ཕ་ཡུལ་རྣམ་པ་དཔྱིད་ཀྱི་དཔལ་ཡོན་རེད། །
རྣམ་མང་རྩེད་རིགས་གྲངས་མེད་མཁའ་རྒྱུ་རེད། །
བུ་ངའི་དྲན་པ་འདོད་པའི་ཏཱ་ལ་རེད། །
བྲལ་བའི་ཁ་ཐག་གཟེབ་ཚུད་བྱེའུ་ཆུང་རེད། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།