གསོང་བོར་བརྗོད་པའི་གཏམ།

              ___སེམས་ཀྱི་ཁྱེད་ལ་སྤྲིངས་པ།

ཁྱེད་ཞལ་པད་མོ་དང་ནི་ཟླ་བའི་རྗེས་འགྲོ་ཞིང་།།
མཐོང་བྱེད་ཕྲ་མོ་ཟུང་ནི་ཁོ་བོར་ཟུག་པ་དང་།།
ཡུད་ཙམ་སྤོབས་པ་དང་ནི་ས་མཐར་སྤྱུགས་པ་ཡིས།།
དབང་མེད་སྐྱེས་བུ་གང་ཞིག་མོས་བཞིན་བྲན་དུ་གྱུར།།
 
དམར་པོ་སྙིང་གཏམ་དེ་ནི་བརྗོད་བསམ་ལྐུགས་པ་དང་།།
གྲོགས་པོ་མིང་བྱང་སྦྱར་བར་མ་འདོད་ཟུག་གཟེར་ལངས།།
རྣམ་ཤེས་བར་དོ་འཁྱམས་ནས་བེམ་རོ་ལུས་པ་བཞིན།།
ཚོར་མེད་ཨར་ཁང་དག་ན་དུག་ཆུ་ཇི་བཞིན་རོལ།།
 
སྨན་ཤར་བུ་མོའི་སྐད་ངག་ལྐུགས་པ་མིན་གྱུར་ན།།
བདག་ལ་མཁོ་བའི་ཚིག་གསུམ་ག་ལེར་ལབ་ཞོག་དང་།།
བརྩེ་བའི་མེ་ལྕེ་ཆུ་ཡིས་བསད་པ་ལྟ་བུ་ཡི།།
དཔེ་རུ་མ་བཀོད་བརྩེ་དུང་དྲོན་མོ་གླན་ཞོག་དང་།།
 
མཛེས་མ་ཞེས་པ་མཛེས་མ་མིན་པར་རང་བློ་ལ།།
བབས་པ་དེ་ནི་མཆོག་གྱུར་སྔོན་བྱོན་མཁས་པས་གསུངས།།
རྒྱལ་བ་ཐུབ་དབང་ཟས་གཙང་རྒྱལ་པོའི་སྲས་ཀྱིས་ཀྱང་།།
དེ་ལྟར་གསུངས་པར་ལགས་ན་དྲན་ཚུལ་གང་འདྲ་འདུག།
 
སྤྱིར་ན་དགའ་བ་ཞེས་པ་རྒྱུ་རྐྱེན་གནས་ལུགས་འདུག།
འོན་ཀྱང་ཚད་ལས་འགོངས་དུས་སྨྲར་བསམ་རྗོད་བྱེད་འདས།།
རགས་བཤད་ཡིད་འཐད་མོས་པ་དང་ནི་བརྗོད་ཀྱང་རུང་།།
ཞིབ་དོན་མཁས་པའི་ངག་ལྐུགས་བླུན་པོ་དེ་བས་ཀྱང་།།
 
དགའ་བའི་རྒྱུ་ནི་སེམས་པ་ཁོ་ནར་རག་ལས་ཤིང་།།
རྐྱེན་ནི་རང་རྒྱུད་གཞན་རྒྱུད་གཉིས་ལ་གནས་པ་དང་།།
རང་རྒྱུད་ནང་སེམས་ཕྱི་ལ་བལྟས་ནས་ཡིད་ལ་འཐད།།
གཞན་རྒྱུད་རྟོགས་པ་མཐོ་དམན་ཐོག་ནས་འཇོག་དགོས་སེམས།།
 
ཨ་ཙི་བརྗོད་བསམ་དག་ལས་དཔག་ཚད་བརྒྱ་ཕྲག་འདས།།
ལར་ན་ཁོ་བོ་ཁྱེད་ལ་དུངས་རབས་བརྗོད་བསམ་ཀྱང་།།
ཡང་སྙིང་དེ་ལྟར་བརྗོད་པའི་ཀུན་སློང་ཉག་གཅིག་ནི།།
ཁོ་བོ་ལྐུགས་པ་མིན་པའི་ར་སྤྲོད་བགྱིས་པ་ཙམ།།
 
ཉིན་མོ་ཟས་བརྗེད་མཚན་མོ་འདྲེ་ཡིས་བཟུང་བ་འདྲ།།
དྲན་པའི་ལོ་ཟླའི་བང་རིམ་ཁྲོད་ན་སེམས་འགྱུ་ལྕི།།
ཇི་སྲིད་རྣམ་ཤེས་ཤ་ཁྲག་གདོས་བཅས་མ་འཇིག་པར།།
དེ་སྲིད་ང་ཡི་བརྩེ་ཞེན་དྭངས་མ་ཉམས་མེད་ཡིན།།
 
ཁོ་བོ་ཁྱེད་ལ་དགའ་བའི་ངལ་བ་འབྲས་མེད་དམ།།
ཡང་ན་མྱི་ཁའི་རླུང་བུ་ཀུན་ནས་ལྡང་ཡང་ཆོག།
དེ་ལྟར་དཀའ་བ་མཐའ་དག་མ་ལུས་བཅོམ་བཞིན་དུ།།
ང་རང་ཁྱེད་ཕྱོགས་ལམ་སྣེར་སྙེག་ནས་བསྐྱོད་བཞིན་ཡོད།།
 
ཨ་ཅང་གསོང་པོར་སྨྲས་ན་ཁོ་བོ་དེ་ལྟར་རེད།།
ཨེ་བདེན་མི་བདེན་མིག་ལྡན་རིག་པས་དཔྱད་ན་ཤེས།།
ལ་ལ་དགོད་བྲོ་ལ་ཤས་སྐྱོ་ནས་ངུ་ཡང་སྲིད།།
ག་ལེར་བསམ་ན་འཁོར་བ་དེ་ལྟར་མིན་འགྲོ་སྙམ།།
 
མདོར་ན་སྒྲིབ་གཉིས་སངས་ཤིང་མཁྱེན་གཉིས་མ་རྒྱས་བར།།
ཁོ་བོ་མ་ཟད་ཁྱེད་ཅག་འདོད་ལྡན་ཐམས་ཅད་ལ།།
མནར་ཞིང་གཙེས་པའི་རྟག་བརྟན་ཆོས་ཉིད་བསྒྱུར་ཏུ་མེད།།
དེ་བས་ཆོས་ཉིད་ལ་བརྟེན་བརྩེ་བ་རུམ་ཅིག་ཨང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསོང་བོར་བརྗོད་པའི་གཏམ།

2013-08-13 འབྲོང་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།