ཡིད་ཀྱི་བདེན་གཏམ།
ཉི་མའི་གསེར་ཐིག་ལྷུང་བའི་སྒང་དྲུག་གི་བོད་ནས།།
ཤེས་རབ་གློག་འོད་འཕྲོ་བའི་བཙན་པོ་བའི་གདོང་རྒྱུད།།
མུ་ཏིག་ཕྲ་རྒྱན་བཀོད་པའི་བདེན་དོན་གྱི་ལོ་རྒྱུས།།
གང་གི་བཞུགས་ཁྲི་འཚོལ་བའི་ཐབས་ལམ་ཞིག་ཡིན་ན།།
དྭངས་གཙང་མེ་ལོང་འཁྱིལ་བའི་ཆུ་ཉེར་གྱི་སེམས་པས།།
སྨྲུག་སྤྲིན་བང་རིམ་བརྒལ་ནས་ཕ་རོལ་གྱི་གནས་ལ།།
ས་སྲོད་གཅིག་ལ་ཕྱིར་ལོག་འདོད་བློ་དེ་བཀག་ནས།།
ང་དང་ཁྱོད་ཀྱི་ཡོད་ཚད་ཡོད་ཚད་དེ་སློང་དགོས།།
ལྷ་ཁང་ཀོག་པོ་ཞིག་ལ་གསོལ་རང་བཏབ་ནས།།
སྐྱོ་གདུང་དབྱངས་སུ་གྱེར་བ་མི་མང་ན་མི་ཉུང་།།
འབྲས་བུ་དུས་སུ་སྨིན་པའི་གནས་ལུགས་འདི་ཡིན།།
ལྷ་ཆོས་མི་ཆོས་གང་རུང་གང་ཞིག་གིས་དོར་གདའ།།
ནང་སེམས་ཧྲིལ་བོ་ནང་བའི་ལྟ་བ་ལ་ཞུགས་ནས།།
བརྩེ་བའི་དྲོད་རླངས་རུས་མེད་ལྷག་བསམ་ངང་བསྟན་ཀྱང་།།
དད་སེམས་མེད་པའི་མི་ཡི་ངོ་བོ་དེ་མཐོང་ན།།
དམ་ཆོས་དེ་ཡི་བརྗོད་དོན་རང་སྡུག་ལས་མ་ཡོད།།
ཁྱོད་ཀྱི་ཚེ་སྲོག་རིན་ཆེན་གསེར་ཐག་ཞིག་ཡིན་ན།།
ང་ཡི་ཚེ་སྲོག་ཅིའི་ཕྱིར་དེ་འདྲ་ཞིག་མིན་དགོས།།
འདྲ་མི་གནས་ལུགས་ཁྱེད་སྒོ་ནས་མངོན་ན།།
འདྲ་མིན་སྙན་ངག་ང་ཡི་ཚོར་ལམ་དུ་རྒྱུ་ངེས།།
སེམས་པའི་བར་གསེང་འདི་ན་རེ་བ་ཡོད་པས།།
འཇིག་རྟེན་འཁྱགས་ལ་སྦྱར་བའི་རྨི་ལམ་ཀྱི་འཚོ་བ།།
ཚོར་བས་ཟིན་པས་བཟོད་སྒོམ་སྡོམ་དེ་དོར་ནས།།
དྲང་གཏམ་ཚིག་གི་ཆ་ཙམ་རང་ཡིད་དུ་བྲིས་སོ།།
རྩོམ་ཁུངས། ངེད་དྲ་བ།