མེས་པོ་དྲན་མགུར།
མི་ལོ་གྲངས་མེད་འདས་པའི་ཕ་རོལ་གྱི་བྱུང་བ།།
དབྱངས་གསལ་སྲད་བུར་རྒྱུས་པའི་གླེགས་བམ་དང་མཇལ་ཚེ།།
སྔ་རབས་གདོན་མའི་དུས་ནས་དེ་རིང་གི་བར་དུ།།
ཨ་མཚར་མཚར་དགུའི་གཏམ་རྒྱུད་རིམ་པ་ཞིག་ཆགས་འདུག།
དང་པོ་བརྟན་པ་སྣོད་ཀྱི་གཞོངས་ཆེན་གྱི་ནང་ལ།།
གཡོ་བ་བཅུད་ཀྱི་སེམས་ཅན་རེ་རེ་བཞིན་འཁྲུངས་ནས།།
ངོ་མཚར་སྐྱེད་པའི་སྐྱེ་དངོས་གྲངས་མེད་ཀྱི་བྱུང་བས།།
སྐྱེ་བོའི་ངག་ལ་གྲགས་པའི་གཏམ་རྒྱུད་ཞིག་གྲུབ་སོང་།།
དེ་ཡང་ལོ་རྒྱུས་འཕེལ་བའི་གོ་རིམ་གྱི་ཁྲོད་ནས།།
གདོན་མའི་སྤྱི་ཚོགས་དང་ནི་བྲན་གཡོག་གྱི་ལུགས་སོགས།།
རེ་རེ་གྲུབ་ནས་འཐབ་རྩོད་རིམ་པ་ཞིག་བརྒྱུད་མཐར།།
སྔ་རབས་བོད་ཀྱི་རྗེ་བོ་གཉའ་ཁྲི་ཞེས་གྲགས་སོ།།
སྟོད་ཀྱི་ཡར་ཀླུང་ཡུམ་བུ་བླ་མཁར་གྱི་ནང་ནས།།
རྒྱལ་རབས་གསེར་གྱི་མེ་ཏོག་ཆེན་ཞིག་འཁྲུངས་ཤིང་།།
མཚར་སྡུག་ཡལ་འདབ་ལོ་མ་ཕྱོགས་ཀུན་ལ་གྲོལ་བ།།
ཆེན་པོ་བོད་ཞེས་འཛམ་གླིང་ཡང་རྩེ་རུ་གྲགས་སོང་།།
དུས་ཀྱི་རྩིབས་སྟོང་འཁོར་ལོ་བར་མེད་དུ་འཁོར་ཞིང་།།
ཕྱི་ནང་འཚོ་བའི་མཐུན་རྐྱེན་ཆུ་གཏེར་རྒྱས་པས།།
གཉན་པོ་གསང་བའི་དུས་ལ་དམ་ཆོས་ཀྱི་ལུགས་འདི།།
ཐོག་མར་དབུ་བརྙེས་དང་པོའི་འཕེལ་རྒྱས་གྱི་མགོ་བརྩམས།།
འཁོར་འབངས་རབ་དུ་སྐྱོངས་བའི་ཐབས་ལམ་ལ་མཁས་ཤིང་།།
སིལ་འཐོར་བོད་ཁམས་ཡོངས་སུ་གཅིག་རང་མཛད་མཁན།།
སྲོང་བཙན་ནམ་མཁའི་ནོར་བུའི་མངའ་མཛད་ཀྱི་དུས་ལ།།
དབྱངས་གསལ་འདི་ཉིད་དར་བའི་རིག་གཞུང་གི་མགོ་བརྩམས།།
སྟོབས་ཆེན་དཔའ་བོའི་དཔུང་ཚོགས་སྤྲིན་ནག་བཞིན་འཁྲུགས་ནས།།
དཔའ་གདངས་ཀི་སྒྲས་གནམ་ས་ཡེར་ཡེར་དུ་བསྒུལ་ཏེ།།
སུམ་གཉིས་ས་ཡི་ཁྱོན་ཀུན་ཆབ་འབངས་སུ་འགུགས་མཁན།།
ཁྲི་སྲོང་ལྡེ་བཙན་དེ་ཉིད་རྒྱལ་མཚན་གྱི་དོག་ཡིན།།
རིག་གཞུང་རི་སུལ་ཉུལ་བའི་ཤུལ་ལམ་གྱི་ཁྲོད་ནས།།
མཛད་བཟང་ཡབ་ཀྱི་ཡིག་ཚང་རེ་རེ་བཞིན་མཐོང་ན།།
སྔོན་ནས་རིང་དུ་གྱེས་པའི་མཐུ་བྷོད་ཀྱི་མེས་པོར།།
རྗེས་སུ་དྲན་པའི་གཏམ་འདི་དབང་མེད་དུ་ཤོར་སོང་།།
༢༠༡༣.༤..༢༩ཉིན།

རྩོམ་ཁུངས། ངེད་དྲ་བ།