ཞོགས་པར།

 

ཡར་ལ་དགྱེ་ན་སྒལ་ཚིགས་བཀན་དུས།།
མིག་ཟུང་ཕྱེ་ན་མཐོང་རྒྱུ་ཡོད་དུས།།
ཤ་གཅིར་བརྒྱབ་ན་ཚ་རྒྱུ་ཡོད་དུས།།
བཀའ་དྲིན་ཅན་ཞིག་སྙིང་སྒོར་འཛུལ་ཡོད།།
 
དབང་ཆེན་ས་གཞི་འུབས་ལ་བཟུང་ནས།།
མིན་ན་ཆུ་ཡི་རྡུལ་གཅིག་སྐྱིལ་ནས།།
དྲན་པ་མཚོན་པའི་ཀྱོས་མ་ཙམ་པོ།།
བསྐྱེད་བསྡུས་གཉིས་ཀྱི་བར་ནས་ཕུལ་ཆོག
 
ཞོགས་པ་ཉིན་ལ་མ་བསྲེས་གོང་དུ།།
འཚོ་འཚིས་ཕྱིར་ཡང་གོམས་པ་གཏོང་འོས།།
རྙེད་ན་རང་གིས་རང་ངོ་ཟིན་འོངས།།
མ་རྙེད་གཞན་གྱིས་འདྲ་པོ་བཟོས་ཡོང་།།
 
བདེ་སྡུག་གཉིས་ཀྱི་འཐེན་བརྒྱངས་བར་ནས།།
ཞོགས་པ་འདི་ནས་ཡིད་དམ་བཅོས་ན།།
ལུས་སྲོག་རྡོ་རྗེ་ལྕགས་ཀྱིས་གྲུབ་ཏེ།།
བསྒྲལ་འོས་ཚོགས་ཡང་མགོ་བོ་སྒུར་ཡོང་།།
ཞོགས་པ་འདི་ལ་དྲན་པ་གསལ་དགོས།།
མེ་ལོང་ལྟ་བུའི་སྣང་བ་འཛིན་དགོས།།
ནོར་བུ་འདྲ་བོ་འཆར་དུ་འཇུག་དགོས།།
སེམས་པའི་གཏིང་ལ་ཡང་ཡང་ཉར་དགོས།།
                    ༢༠༡༣ལོའི་ཞོགས་པ་ཞིག་ལ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་པར།

2013-07-08 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

 

ཡར་ལ་དགྱེ་ན་སྒལ་ཚིགས་བཀན་དུས།།
མིག་ཟུང་ཕྱེ་ན་མཐོང་རྒྱུ་ཡོད་དུས།།
ཤ་གཅིར་བརྒྱབ་ན་ཚ་རྒྱུ་ཡོད་དུས།།
བཀའ་དྲིན་ཅན་ཞིག་སྙིང་སྒོར་འཛུལ་ཡོད།།
 
དབང་ཆེན་ས་གཞི་འུབས་ལ་བཟུང་ནས།།
མིན་ན་ཆུ་ཡི་རྡུལ་གཅིག་སྐྱིལ་ནས།།
དྲན་པ་མཚོན་པའི་ཀྱོས་མ་ཙམ་པོ།།
བསྐྱེད་བསྡུས་གཉིས་ཀྱི་བར་ནས་ཕུལ་ཆོག
 
ཞོགས་པ་ཉིན་ལ་མ་བསྲེས་གོང་དུ།།
འཚོ་འཚིས་ཕྱིར་ཡང་གོམས་པ་གཏོང་འོས།།
རྙེད་ན་རང་གིས་རང་ངོ་ཟིན་འོངས།།
མ་རྙེད་གཞན་གྱིས་འདྲ་པོ་བཟོས་ཡོང་།།
 
བདེ་སྡུག་གཉིས་ཀྱི་འཐེན་བརྒྱངས་བར་ནས།།
ཞོགས་པ་འདི་ནས་ཡིད་དམ་བཅོས་ན།།
ལུས་སྲོག་རྡོ་རྗེ་ལྕགས་ཀྱིས་གྲུབ་ཏེ།།
བསྒྲལ་འོས་ཚོགས་ཡང་མགོ་བོ་སྒུར་ཡོང་།།
ཞོགས་པ་འདི་ལ་དྲན་པ་གསལ་དགོས།།
མེ་ལོང་ལྟ་བུའི་སྣང་བ་འཛིན་དགོས།།
ནོར་བུ་འདྲ་བོ་འཆར་དུ་འཇུག་དགོས།།
སེམས་པའི་གཏིང་ལ་ཡང་ཡང་ཉར་དགོས།།
                    ༢༠༡༣ལོའི་ཞོགས་པ་ཞིག་ལ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།