ཁ་རྩོམ་ཁོ་ཁོལ་ཁུ་ནག
ཁ་སེམས་ཡག་དག་གི་ལྟ་བར་བརྩོན་བཞིན།།
ཁ་བ་གངས་ཅན་གྱི་གཞུང་ལུགས་འོད་ཆེན།།
ཁ་ཚར་གསེར་སྐུད་བཞིན་དམ་དུ་བཟུང་བར།།
ཁ་མིན་སེམས་གཏིང་ནས་དད་མོས་འབུལ་འདོད།།
ཁ་ནས་སེམས་ཅན་གྱི་འགྲོ་དོན་གླེང་བཞིན།།
ཁ་སང་སྲམ་ལམ་ནས་རིགས་མཐུན་བོད་ལ།།
ཁྭ་ཏའི་འག་སྐད་བཞིན་ལོག་གཏམ་སྨྲས་པར།།
ཁ་བའི་བུ་ཆུང་གི་ལུས་དོན་འབུལ་འདོད།།
ཁ་ཉུང་དོན་ལྡན་གྱི་སློབ་གསོ་ཆུན་པོ།།
ཁ་ཅིག་མ་བསམ་པར་ཀུན་ལ་མངོན་པའི།།
ཁ་བ་སྤུ་རྒྱལ་གྱི་བླ་ཆེན་འཁོར་ལ།།
ཁ་ཡག་མ་ཡིན་པའི་ཚིག་ཞིག་འབུལ་འདོད།།
ཁ་བ་ནག་པོ་ཡི་སྡུག་རྩུབ་ཀློང་ནས།།
ཁ་ཡིན་དོན་མེད་ཀྱི་ཉོག་གཏམ་མོད་པོ།།
ཁ་ཉིན་མ་བཤད་ཀྱང་སྔོན་ཆད་བཤད་པར།།
ཁ་བའི་མི་རིགས་ཀྱི་རིན་ཐང་འབུལ་འདོད།།
ཁ་རྒོད་མ་ཡིན་པའི་སྙིང་གཏམ་ནོར་བུ།།
ཁ་ཁོར་རང་རིགས་ཀྱི་སེམས་པའི་ངོས་ལ།།
ཁ་བཏགས་དཀར་བོ་བཞིན་པའི་སྐྱེས་སུ་ཕུལ་བར།།
ཁ་དྲོ་སེམས་དྲོ་ཞེས་ལྷག་བསམ་འབུལ་འདོད།།
ཁ་དོག་དཀར་ཡི་རྟགས་ཤིག་ཡོད་མོད།།
ཁ་འཐབ་ལག་འཐབ་ལ་རྣམ་ཤེས་འཁོར་བའི།།
ཁ་དབང་མཁས་ཆེན་གྱི་བྲལ་ནས་བུད་པར།།
ཁ་ཕྱོགས་ངེས་མེད་ཀྱི་སྐད་ཆ་འབུལ་འདོད།།
ཁ་ཟས་བཟང་མིན་ལ་སེམས་པ་མི་འཁྲེང་།།
ཁ་རྩོད་འབྲས་མེད་ལ་རྣམ་གཡེང་མི་བྱེད།།
ཁ་འཛིན་གཏུམ་སྤྱོད་ཞིག་རིང་སྤངས་པར།།
ཁ་རྩོམ་ཁུ་ནག་བཞིན་སྙིས་ནས་འབུལ་འདོད།།
ཁ་བ་གངས་ཅན་གྱི་གཞུང་ལུགས་འོད་ཆེན།།
ཁ་ཚར་གསེར་སྐུད་བཞིན་དམ་དུ་བཟུང་བར།།
ཁ་མིན་སེམས་གཏིང་ནས་དད་མོས་འབུལ་འདོད།།
ཁ་ནས་སེམས་ཅན་གྱི་འགྲོ་དོན་གླེང་བཞིན།།
ཁ་སང་སྲམ་ལམ་ནས་རིགས་མཐུན་བོད་ལ།།
ཁྭ་ཏའི་འག་སྐད་བཞིན་ལོག་གཏམ་སྨྲས་པར།།
ཁ་བའི་བུ་ཆུང་གི་ལུས་དོན་འབུལ་འདོད།།
ཁ་ཉུང་དོན་ལྡན་གྱི་སློབ་གསོ་ཆུན་པོ།།
ཁ་ཅིག་མ་བསམ་པར་ཀུན་ལ་མངོན་པའི།།
ཁ་བ་སྤུ་རྒྱལ་གྱི་བླ་ཆེན་འཁོར་ལ།།
ཁ་ཡག་མ་ཡིན་པའི་ཚིག་ཞིག་འབུལ་འདོད།།
ཁ་བ་ནག་པོ་ཡི་སྡུག་རྩུབ་ཀློང་ནས།།
ཁ་ཡིན་དོན་མེད་ཀྱི་ཉོག་གཏམ་མོད་པོ།།
ཁ་ཉིན་མ་བཤད་ཀྱང་སྔོན་ཆད་བཤད་པར།།
ཁ་བའི་མི་རིགས་ཀྱི་རིན་ཐང་འབུལ་འདོད།།
ཁ་རྒོད་མ་ཡིན་པའི་སྙིང་གཏམ་ནོར་བུ།།
ཁ་ཁོར་རང་རིགས་ཀྱི་སེམས་པའི་ངོས་ལ།།
ཁ་བཏགས་དཀར་བོ་བཞིན་པའི་སྐྱེས་སུ་ཕུལ་བར།།
ཁ་དྲོ་སེམས་དྲོ་ཞེས་ལྷག་བསམ་འབུལ་འདོད།།
ཁ་དོག་དཀར་ཡི་རྟགས་ཤིག་ཡོད་མོད།།
ཁ་འཐབ་ལག་འཐབ་ལ་རྣམ་ཤེས་འཁོར་བའི།།
ཁ་དབང་མཁས་ཆེན་གྱི་བྲལ་ནས་བུད་པར།།
ཁ་ཕྱོགས་ངེས་མེད་ཀྱི་སྐད་ཆ་འབུལ་འདོད།།
ཁ་ཟས་བཟང་མིན་ལ་སེམས་པ་མི་འཁྲེང་།།
ཁ་རྩོད་འབྲས་མེད་ལ་རྣམ་གཡེང་མི་བྱེད།།
ཁ་འཛིན་གཏུམ་སྤྱོད་ཞིག་རིང་སྤངས་པར།།
ཁ་རྩོམ་ཁུ་ནག་བཞིན་སྙིས་ནས་འབུལ་འདོད།།
རྩོམ་ཁུངས། ངེད་དྲ་བ།