འབྲོག་མོར་སྦྱར་བའི་ཀ་རྩོམ།
ཀ་དག་སེམས་ཀྱི་གཞུང་རྒྱུད་དྲང་བ་གསར་སྐྱེས་སྨྱུག་མའི་རང་བཞིན་མ། །
ཁ་མཚར་རྩེད་མོའི་འཁོར་ལོ་སྐོར་བ་སྙིང་ཆུང་བརྐུ་བའི་ཡིད་དགའ་མ། །
ག་ནས་མཐོང་ཡང་རང་སེམས་ཤོར་བས་སྤྱང་ལྟོགས་རིགས་ལ་ཤ་ཡི་ཚུལ།།
ང་ཡི་ཡོད་ཚད་ལྷུག་ལྷུག་འགུལ་བས་བརྩེ་བའི་དར་དཀར་ཁྱོད་ལ་འཐེན། །
ཅ་དག་གོས་ཀྱིས་གཟུགས་བྱད་གཡོགས་པ་ཏཱ་རེ་དཔལ་མོའི་དོ་ཟླ་མ། །
ཆ་ཡོད་མི་ལ་ཕྱི་ཐག་རིང་བ་འཛམ་གླིང་མཛངས་མའི་ཡང་རྩེ་མ། །
ཇ་མ་ཟས་སྐོལ་ལས་ཀྱིས་མནར་ཡང་སྤྲོ་བའི་སོ་ཕྲེང་རྒྱུ་སྐར་སྤུན། །
ཉ་མོ་ལྟ་བུའི་ལྡེམ་མྱུར་ལྡན་མཁས་འཚོ་བའི་སྒལ་ཚིགས་ཁྱོད་ལ་འདོགས། །
༼ཏ་ལའི་ཤིང་ལ་ཅོ་འདྲི་བྱེད་པ་རྣམ་ཀུན་དགྱེས་པའི་སྡུག་བྲལ་མ༽། །
ཐ་ཆད་གཞན་བསླུའི་བགྱི་བ་དང་བྲལ་ནང་སེམས་འོ་མའི་རང་བཞིན་མ། །
ད་ཆ་འཇིག་རྟེན་ལྗན་ལྗིན་ཀློང་ན་འདམ་གྱིས་མ་གོས་པད་མའི་ཟླ། །
ན་གཞོན་ཡིད་ཀྱི་མཚོ་མོ་སྐྱོམ་པས་དུངས་པའི་མིག་བརྡ་ཁྱོད་ལ་བྱེད། །
པ་ལོ་གནག་སྣུམ་རྒྱབ་ལ་གཡུགས་པ་རི་མོ་མཁན་གྱིས་བྲིས་མཚུངས་མ། །
ཕ་ཁུའི་ཡིད་ཀྱི་རེ་བཞག་འཁུར་བའི་ཁྱིམ་ཆེན་འཛིན་པའི་གཞི་རྟེན་མ། །
བ་གམ་ལྟ་བུའི་ཁང་བར་མ་ཙོག་མི་དབང་རྒྱལ་བོའི་བཙུན་མོའི་དོ། །
མ་གྱུར་འགྲོ་བའི་མཆོག་གྱུར་ཡིན་པས་ཞེན་པའི་ཕྱིར་མིག་ཁྱོད་ལ་ཤོར། །
ཙ་རི་སྐོར་བའི་ཁོམ་ལོང་མེད་ཀྱང་མ་ཎའི་དབྱངས་རྟ་གྱེར་མཁས་མ། །
ཚ་གཡོལ་དུས་ཀྱིས་སྟོང་བ་ཡིན་ཡང་འཁང་ར་མེད་པའི་ཚུགས་ཐུབ་མ། །
ཛ་ལང་སྤྱོད་པས་ཡོངས་སུ་དབུལ་བ་གཡང་དཀར་ཚེར་མོའི་བལ་འཇམ་ཉིད། །
ཝ་གཡོ་ངན་གོམས་གདོད་ནས་དག་པས་སྙིང་གཏམ་མངར་མོ་ཁྱོད་ལ་ལྡུད ། །
ཞ་ར་འཐེང་བོ་ཁྱད་གསོད་མི་བྱེད་བྱམས་སེམས་སྤྲིན་བཅུད་འབེབས་བྲེལ་མ། །
ཟ་འོག་རས་ཀྱིས་གདན་ཁྲི་མེད་ཀྱང་༼འཕགས་མ་སྒྲོལ་མའི་མཚན་འཛིན་མ༽། །
འ་འུར་སྲང་ལ་རྒྱུན་འཆམ་མི་བྱེད་ཁྱིམ་གཞི་སྐྱོང་བར་རྟིང་རྡོའི་ཚུགས། །
ཡ་མ་བརླ་ཡིས་ངོ་བསྟོད་མེད་པས་སེམས་ཀྱིས་འཚོལ་བྱ་ཁྱོད་རང་ཡིན། །
ར་གསུམ་སྨན་ལ་སྦྱོང་བ་མེད་ཀྱང་ཁྱིམ་མིའི་ཚོགས་ལ་བདེ་སྦྱིན་མ། །
ལ་མོའི་རྩལ་གྱི་དྲན་རིག་དབེན་ཡང་འཁོར་བ་འདི་ཡི་སྲོག་ཤིང་མ། །
ཤ་འོད་རྡོལ་བའི་འཇིགས་སྐྲག་མྱངས་ཀྱང་ནུད་ཆུང་མེད་པ་༼མ་མའི༽་གཤིས། །
ས་སྟེང་འདི་ཡི་སྨན་ཤར་གཏོག་ཡིན་རེ་བའི་ལག་ཟུང་ཁྱོད་ལ་འཇུ། །
ཧ་ཆ་ཆེན་མོའི་གཞན་ལ་མི་འཕྱ་བཞིན་བཟང་འབྲོག་པའི་སྨན་ཆུང་དག །
ཨ་ཕོའི་སེམས་ཀྱི་རྐུན་པོ་ཡིན་པས་འཁྲེན་པའི་ཚིག་འགའ་བྲིས་མོད་ཀྱང་། །
ཧ་ལམ་ཙམ་ལས་བརྗོད་པར་མ་ནུས་འཁྱམ་པོའི་བློ་གྲོས་ཞན་པ་ལགས། །
ཨ་བུའི་ཚོགས་ལ་དགོངས་འགལ་ཡོད་ན་ད་ལྟ་ཉིད་དུ་མཐོལ་ལོ་བཤགས། །
----༢༠༡༣/༥/༡༧/ཉིན།
①ཏ་ལའི་ཤིང་ནི་དུས་རྟག་དུ་སྔོ་བས་འབྲོག་མོའི་ནམ་རྒྱུན་གྱི་དགོད་འཛུམ་དང་སྦྱར་བའོ།
②བོད་མོ་མང་བོ་ཞིག་ལ་སྒྲོལ་མ་ཞེས་པའི་མིང་འདི་བཏགས་པ་མང་བས་དེ་ལྟར་སྦྱར་རོ།
③སྐབས་འདིའི་མ་མ་ཞེས་པ་དེ་འོ་སྐོལ་གྱི་ལོ་རྒྱུས་ཁྲོད་ཀྱི་མ་བྲག་སྲིན་མོ་ལ་གོ་དགོས།

རྩོམ་ཁུངས། ངེད་དྲ་བ།