འདྲེ་ཤར་སྒོ་དང་གླུད་ནུབ་སྒོ།
མཆེ་བའི་ཁྲག་རོ་ཕྱིས་པ་ཤར་གྱི་སྒོ་ནས་ག་ལེར་ཡོང་།།
མཆུ་འདབ་པད་མ་འཛུམ་པ་སྟོན་པའི་ཞལ་ཀྱང་ཁེངས་པ་སྐྱུངས།།
རབས་དགུ་རྒུད་པའི་དམོད་ཆང་བཀུར་བའི་ཕྱག་རྒྱས་ཡར་བཏེགས་ཏེ།།
རབ་ཏུ་གསོལ་བའི་ཚིག་ནི་སྙན་ཤལ་དང་བཅས་རྣ་བོར་སྤྲས།།
ཤ་ཁྲག་རུས་པ་རྩ་རྒྱུས་པད་མ་བདུད་རྩིས་མྱོས་ཤིང་སྦྲིད་།།
ཤ་གསེང་རུས་པའི་རྐང་ལ་དུག་ཞག་ཅན་གྱི་མཆེ་ཤུལ་བབས།།
མདོས་བཅུའི་གླུད་ཀྱི་གདེངས་ཀ་ནུབ་ཀྱི་སྒོ་ན་ཡར་ཡར་འཕྱོ།།
ཨ་རིར།
༢༠༡༣།༥།༡༨

རྩོམ་ཁུངས། ངེད་དྲ་བ།