༼ཐང་ཡིག་གསར་མ་༽ལས་བྱུང་བའི་ཐུ་བྷོད་གླེགས་བམ་ཀྱི་ དགོངས་དོན་གོ་བདེར་ཚིགས་སུ་བཅད་པ་བཙན་པོའི་ཞལ་ལུང།

མགར་རྩེ་ཨུ་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-15

            ____ཐང་ཡིག་གསར་མའི་གླེགས་བམ་ཉིས་བརྒྱ་དང་བཅུ་དྲུག་པའི་སྟོད་ཆ།

           ༼སྟོད་ཆ།༽  
ནུབ་ཕྱོགས་ས་འཛིན་སྒེག་མོའི་ལྟེ་བ་རུ།།
སྟོབས་འབྱོར་དཔལ་གྱི་གྲགས་པ་རབ་མཐོ་བའི།།
ཐུ་བྷོད་བཙན་པོའི་དཔའ་མཛངས་རྔ་ཆེན་སྒྲས།།
མཐའ་བཞིའི་རྒྱལ་ཁམས་དྲག་པོས་མངའ་དབང་མཛད།།

ས་མཐོ་ཆུ་གཙང་གངས་འདབས་གྲང་རླུང་རྒོད།།
དབྱར་ཟླ་དྲུག་པར་རི་རྩེར་ཁ་བས་གཡོགས།།
ཐུ་བྷོད་བཙན་པོས་དབྱར་ལྭ་ཕྱིང་བུ་གྱོན།།
དྲག་པོ་གཡུལ་གྱི་བྱ་བར་དཔའ་མཛངས་ལྡན།།

དབྱར་དགུན་སྟོན་དཔྱིད་དུས་བཞིའི་གོམ་སྟབས་མྱུར།།
རྩྭ་ཆུ་འཚོ་རྟེན་བཟང་སར་མཚེར་ས་སྤོ།།
ཕ་རོལ་དགྲ་བོས་རྒོལ་བའི་དུང་བརྡ་རུ།།
དཔའ་འབར་མེ་ཆེན་བཀོལ་ནས་འདུ་འཛོམས་བྱེད།།

ཁྲབ་རྨོག་བཙན་པོ་མདའ་གྲིས་ཆོད་པར་དཀའ།།
ལེ་དབར་བརྒྱ་སྟོང་མཚམས་སུ་དམག་ཚུགས་རེ།།
དམག་ཁྲིམས་ཞིབ་ཅིང་སྒྲིག་འཛུགས་གོ་རིམ་ལྡན།།
ཕྱི་དགྲར་རྒོལ་བར་འཆམ་མཐུན་དཔའ་རྩལ་འཛོམས།།

སྐབས་འགར་བཙན་པོ་རྒྱན་བློན་ཞལ་འཛོམས་ཏེ།།
རྟ་མཆོག་ཅིབས་ནས་འབྲོང་དང་རྐྱང་རྒོད་རྔོན།།
མཐུན་པའི་མི་ལ་དབུ་སྙུང་མནའ་ཆེན་བོར།།
ལྷ་རྒྱལ་འཐེན་ཅིང་ཨ་རག་འཁྱོར་བས་བཏུང་།།

ཐེ་ཙུང་ཀྲིན་ཀོན་ཁྲི་ལོ་བརྒྱད་པ་རུ།།
ཏང་ཞང་པེ་ལན་འ་ཞ་ཕམ་པར་མཛད།།
རྒྱའི་འབངས་འཇང་བ་རྣམས་ཀྱང་བོད་ལ་ལོག།།
རྒྱུ་ནོར་མངའ་ཐང་ཡོད་ཚད་བཙན་པོར་ཐོབ།།

ཐེ་ཙུང་ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་བར།།
ལྷ་ཅིག་ལྦུན་ཁྲིན་ཀོང་ཇོ་བོད་དུ་ཕེབས།།
བཙན་པོ་འཁོར་བཅས་སྟོང་རི་མཚོ་ནག་ཏུ།།
གྱི་ལིང་ཞོན་ནས་ཕེབས་བསུར་མདུན་དུ་བསྐྱོད།།

དབུས་སུ་ཐུགས་རྒྱུད་སྒམ་པོའི་སྲོང་བཙན་བཞུགས།།
འོག་ཏུ་འཕྲུལ་བློན་མཛངས་བ་སྟོང་བཙན་གནས།།
བཙན་པོའི་ཆབ་སྲིད་ལྕགས་རིའི་དབུ་འཕངས་མཐོ།།
དཔའ་མཛངས་གྲགས་པའི་དབྱངས་སྙན་མཐའ་བཞིར་ལྡིར།།

ཞན་ཆིན་ཁྲི་ལོ་གསུམ་པའི་སྔ་རོལ་ཏུ།།
ཐུ་བྷོད་བཙན་པོའི་གཟུགས་སྐུ་དབྱིངས་སུ་ཡལ།།
དབོན་སྲས་མང་སྲོང་མང་བཙན་སྐུ་ན་ཕྲ་།།
སྲིད་ཀྱི་གཉེར་ཁ་ཐམས་ཅད་མགར་གྱིས་བསྐྱངས།།

སྟོང་བཙན་རྣམ་དཔྱོད་པདྨོའི་སྦྲང་རྩི་ལ།།
ཐེ་ཙོང་བུང་བའི་ཡིད་སེམས་རབ་མྱོས་ནས།།
ལང་ཡ་ཀོང་ཇོའི་ཚ་མོར་གཉེན་བསླངས་ཡང་།།
རེ་འདོད་དབང་གཞུའི་རི་མོ་ངལ་མེད་སྟོང་།།

མི་འདོད་རྐྱེན་ངན་བདག་མོའི་བཀའ་ལུང་གིས།།
དགུང་སྟོང་བཙན་དམག་ཐོག་དགོངས་པ་རྫོགས།།
ཁྲི་འབྲིང་བཙན་བྲོད་ཟི་མདོ་འབའ་བློན་དང་།།
བཙན་སྙ་ལྡེམ་བུ་སོགས་ཀྱིས་སླར་ཡང་བསྐྱངས།།

ཞན་ཧྲན་ཁྲི་ལོ་དང་པོར་ཁྲི་འབྲིང་གིས།།
འ་ཞ་བཅོམས་ཞིང་ཨ་ཞི་སྡེ་བཞི་བླངས།།
ཀྲུའུ་ཆེན་བཅོ་བརྒྱད་ཕབ་ཅིང་པོ་ཧན་ཐོབ།།
རྒྱལ་ཁའི་ལྷ་དར་འཐེན་ཅིང་དགའ་བདེར་རོལ།།

ཀྲུང་ཙུང་གོང་མར་འཕྲད་པའི་ལབ་གླེང་ལས།།
ཨ་མདོ་རྡོ་སྤི་སྟོང་རི་མཚོ་ནག་རྒྱུད།།
དབྱར་དུས་ཁ་བ་མི་བཞུ་གྲང་རླུང་རྒོད།།
བཙན་པོ་རྒྱལ་བློན་དབྱར་ལྭ་ཕྱིང་བུ་གྱོན།།

ཧྲན་ཡོན་ཁྲི་ལོ་གཉིས་པར་ཐུ་བྷོད་ཀྱིས།།
ཧྲན་ཀྲིག་ཧི་ཀྲིག་ཀོ་ཀྲིག་ཧྤངས་ཀྲིག་བཅོམས།།
འབངས་སེམས་བཀུགས་ཤིང་རྒྱུ་ནོར་ཐམས་ཅད་འཕྲོག།།
ཐང་དམག་ཕམ་ཞིང་བྷོད་འགོག་གྲོས་ཁ་བཏོན།།

དབྱི་ཧྥིན་ཁྲི་ལོ་བཞི་བར་བཙན་པོ་གཤེགས།།
ཐུགས་སྲས་འདུས་སྲོང་མང་རྗེ་རྒྱལ་སར་བཀོད།།
མགར་སྲས་ཁྲི་འབྲིང་བློན་གྱི་གཙོ་བོར་བསྐོས།།
བཙན་བྲོལ་འབའ་བློན་སོགས་ཀྱིས་མཐའ་མཚམས་བསྲུངས།།

ཁྲི་འབྲིང་སྤུན་མཆེན་མཛམས་ལ་དཔའ་ངར་ལྡན།།
ཤར་ཕྱོགས་ཐང་ཡང་རྒོལ་བས་ལན་མང་ཕམ།།
བློན་འབངས་རྣམས་ཀྱང་ཁོ་བོའི་ཕྱོགས་སུ་འཁོར།།
སྲིད་ཁྲིམས་ཞལ་ལྕེ་གཅོད་པར་བློ་གྲོས་མངའ།།

བཙན་པོ་འདུས་སྲོང་མང་པོ་ཆེར་རྒྱས་པས།།
རྒྱལ་སྲིད་མངའ་དབང་འཛིན་པར་བློ་མ་བདེ།།
ཁྲི་འབྲིང་ཕྱི་རུ་སྡོད་པར་དུས་བསྟུན་ནས།།
འཁོར་གཡོག་ཉིས་སྟོང་ལྷག་ཀྱང་ཉེས་མེད་བསད།།

བཙན་པོས་གློ་བ་ཉེ་རྣམས་ཚུར་བསྡུས་ཏེ།།
ནང་དམེའི་གཡུལ་ཆེན་བཤམ་པར་གྲ་སྒྲིག་ཀྱང།།
ཁྲི་འབྲིང་རྒོལ་བ་མ་བརྩམས་རང་བཀུམས་པས།།
འཁོར་གཡོག་ཉིས་བརྒྱ་ལྷག་གིས་སྲོག་བཅད་སོང་།།

བཙན་བྲོད་མང་བོ་རྗེ་སོགས་ཁོ་ཆད་དེ།།
ཤར་ཕྱོགས་ཐང་གི་རྗེ་བོར་སྐྱབས་བཅོལ་བས།།
དགའ་སྟོན་རྟེན་འབྲེལ་འཛོམས་པོའི་སྐྱེས་ཕུལ་ནས།།
དངུལ་ཡིག་ཆོ་ལོ་མཐོན་པོའི་ཐོབ་གནངས་སོ།།

ལྷོ་ཕྱོགས་ཐུ་བྷོད་མངའ་སྡེ་གློ་བ་རིང་།།
བཙན་པོ་འདུས་སྲོང་མང་རྗེ་དམག་ཐོག་འདས།།
གཅེན་གཅོང་སྲས་རྣམས་མ་མཐུན་རྒྱལ་ས་རྩོད།།
བཙན་པོ་ཁྲི་གཙུགས་ལྡེ་བཙན་རྒྱལ་སར་བཀོད།།

ཀྲུང་ཙུང་ཅིན་ལུང་ཁྲི་ལོ་གཉིས་པ་རུ།།
ལིག་ཧྲིག་ཅིན་ཁྲིན༼གྱིམ་ཤིང་༽ཀོང་ཇོ་བོད་དུ་ཕེབས།།
གསེར་དངུལ་དར་གོས་སྣ་ཚོགས་རྫོངས་བར་ཕུལ།།
རོལ་རྩེད་བྲོ་གར་མཁན་སོགས་མང་དུ་ཕེབས།།
                       
རྐང་མགྱོགས་ཕོ་ཉས་ཡིག་འཕྲིན་མང་དུ་བསྐྱལ།།
བཙན་པོ་དབོན་ཞང་མཐུན་པའི་རྡོ་རིང་བཙུགས།།
དགུང་སྔོན་ཉི་ཟླ་མཐུན་པའི་འོད་སྣང་གསལ།།
རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ལོ་ལེགས་འབྱུང་།།

ཐེན་པོ་ཁྲི་ལོ་བཅུ་བར་བཙན་པོ་གཤེགས།།
ཐུགས་སྲས་ཁྲི་སྲོང་ལྡེ་བཙན་རྒྱལ་སར་བཀོད།།
སུམ་པའི་སྟག་སྒྲ་ཐང་ལ་མགོ་བོ་འཛུལ།།
ཧེད་དབྱིན་དབང་སོགས་ཆོ་ལོ་ཆེན་པོ་སྦྱར།།

པོ་དབྱིན་ཁྲི་ལོ་དང་བོར་བཙན་པོ་ཡིས།།
མཐའ་བཞིའི་རྒྱལ་ཁམས་མ་ལུས་མངའ་དབང་མཛད།།
ཏེ་ཙོང་གོང་མ་ཧྲན་ཀྲིག་ཕྱོགས་སུ་བྲོས།།
རྒྱའི་འབངས་གོང་བློན་རྣམས་ཀྱང་མགོ་བོ་འཛུལ།།
                      
         ༢༠༡༣  ༥    ༤

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ཐང་ཡིག་གསར་མ་༽ལས་བྱུང་བའི་ཐུ་བྷོད་གླེགས་བམ་ཀྱི་ དགོངས་དོན་གོ་བདེར་ཚིགས་སུ་བཅད་པ་བཙན་པོའི་ཞལ་ལུང།

2013-06-15 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།