སེམས་ཀྱི་ཀོ་གྲུ་འགུལ་སྟངས།

རེ་བའི་འདུན་པ་རླུང་གིས་བསྐུལ་བ་ལས།།
སེམས་ཀྱི་ཀོ་གྲུ་གཙང་བོའི་ཕ་རོལ་ཕྱིན།།
རིན་ཆེན་གཏེར་དུ་གབ་པའི་ནང་གི་བཅུད།།
མཚོ་མོ་གཡོམ་བའི་ཀློང་ན་སུ་ལ་བསྟན།།

འགྱུར་མེད་དམ་དུ་འཆིང་བའི་བརྩེ་གཟུགས་འདི།།
མདང་གི་ཟླ་འོད་ངོགས་སུ་འཛུམ་གྱིས་འཚེར།།
དྲི་མེད་གཤིས་སུ་ཡིབ་པའི་གཏམ་སྦྱོར་དག།
མག་མོག་མུན་པའི་ཀློང་གིས་ཟས་སུ་བལྡད།།

སྒྲིབ་ཡོལ་གཡོ་བའི་འཛུམ་གྱིས་ཞུགས་པ་ན།།
བདག་གི་མིག་ཟུང་རྣོ་དབལ་བཀག་བྱེད་ཅིང་།།
སྣང་བའི་ངོ་བོར་བཏབ་པའི་གཟུགས་ཀྱི་མཆོག།
མེ་ཏོག་བུམ་པ་གང་གིས་མཚོན་ནས་ཡོད།།

ཇ་ལོ་སྦངས་པའི་མགྲིན་ལམ་བདེ་ནའང་།།
བདེ་བ་མཆོག་གིས་མཚོན་པར་མི་ནུས་པས།།
འཛིན་པའི་གདན་དུ་བཏབ་པའི་རྙེད་དོན་དེ།།
ད་ལྟ་ད་དུང་འཚོལ་བའི་མགུལ་ན་དུ་འཆིང་།།

སེམས་ཀྱི་ཀོ་གྲུ་བར་མེད་བསྐྱོད་ནུས་སུ།།
སེམས་ཀྱི་རྒྱལ་ཁམས་ཡངས་པོར་མཚོན་ནུས་མིན།།
སེམས་ཀྱི་གུར་དང་མཆོད་པའི་སྟེགས་བུ་ན།།
སེམས་ཀྱི་རི་མོ་ཞིག་གི་ཚོན་རིས་འཛུམ།།

སྒྱུ་མའི་ངོ་བོར་བརྒྱུས་བའི་གཟུགས་བརྙན་གྱི།།
ཟློས་པའི་གར་ཆུང་རྩེན་པའི་ཉམས་འགྱུར་དེ།།
ཡང་ཡང་འཆར་ཤེལ་ངོས་སུ་བརྡོལ་ནའང་།།
སྣང་ལ་རང་བཞིན་པའི་མེད་པའི་གཤིས་སུ་གྲུབ།།

ཕྱི་ཡི་སྨ་ར་འབུས་པའི་གཟུགས་འདི་ཀོ།
ལས་ཀྱི་བཀོད་པའི་འཚོ་བའི་ཟུར་ཞིག་ན།།
ཡོད་མིན་མེད་མིན་གཉིས་ཀྱི་མཐར་ལྷུང་ནས།།
སེམས་ཀྱི་ཀོ་གྲུ་བསྐྱོད་གྲབས་བྱེད་བཞིན་ཡོད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ཀོ་གྲུ་འགུལ་སྟངས།

2013-06-15 གླིང་སྙན་གྲགས། ཀློག་གྲངས། མཆན ཡོད།

རེ་བའི་འདུན་པ་རླུང་གིས་བསྐུལ་བ་ལས།།
སེམས་ཀྱི་ཀོ་གྲུ་གཙང་བོའི་ཕ་རོལ་ཕྱིན།།
རིན་ཆེན་གཏེར་དུ་གབ་པའི་ནང་གི་བཅུད།།
མཚོ་མོ་གཡོམ་བའི་ཀློང་ན་སུ་ལ་བསྟན།།

འགྱུར་མེད་དམ་དུ་འཆིང་བའི་བརྩེ་གཟུགས་འདི།།
མདང་གི་ཟླ་འོད་ངོགས་སུ་འཛུམ་གྱིས་འཚེར།།
དྲི་མེད་གཤིས་སུ་ཡིབ་པའི་གཏམ་སྦྱོར་དག།
མག་མོག་མུན་པའི་ཀློང་གིས་ཟས་སུ་བལྡད།།

སྒྲིབ་ཡོལ་གཡོ་བའི་འཛུམ་གྱིས་ཞུགས་པ་ན།།
བདག་གི་མིག་ཟུང་རྣོ་དབལ་བཀག་བྱེད་ཅིང་།།
སྣང་བའི་ངོ་བོར་བཏབ་པའི་གཟུགས་ཀྱི་མཆོག།
མེ་ཏོག་བུམ་པ་གང་གིས་མཚོན་ནས་ཡོད།།

ཇ་ལོ་སྦངས་པའི་མགྲིན་ལམ་བདེ་ནའང་།།
བདེ་བ་མཆོག་གིས་མཚོན་པར་མི་ནུས་པས།།
འཛིན་པའི་གདན་དུ་བཏབ་པའི་རྙེད་དོན་དེ།།
ད་ལྟ་ད་དུང་འཚོལ་བའི་མགུལ་ན་དུ་འཆིང་།།

སེམས་ཀྱི་ཀོ་གྲུ་བར་མེད་བསྐྱོད་ནུས་སུ།།
སེམས་ཀྱི་རྒྱལ་ཁམས་ཡངས་པོར་མཚོན་ནུས་མིན།།
སེམས་ཀྱི་གུར་དང་མཆོད་པའི་སྟེགས་བུ་ན།།
སེམས་ཀྱི་རི་མོ་ཞིག་གི་ཚོན་རིས་འཛུམ།།

སྒྱུ་མའི་ངོ་བོར་བརྒྱུས་བའི་གཟུགས་བརྙན་གྱི།།
ཟློས་པའི་གར་ཆུང་རྩེན་པའི་ཉམས་འགྱུར་དེ།།
ཡང་ཡང་འཆར་ཤེལ་ངོས་སུ་བརྡོལ་ནའང་།།
སྣང་ལ་རང་བཞིན་པའི་མེད་པའི་གཤིས་སུ་གྲུབ།།

ཕྱི་ཡི་སྨ་ར་འབུས་པའི་གཟུགས་འདི་ཀོ།
ལས་ཀྱི་བཀོད་པའི་འཚོ་བའི་ཟུར་ཞིག་ན།།
ཡོད་མིན་མེད་མིན་གཉིས་ཀྱི་མཐར་ལྷུང་ནས།།
སེམས་ཀྱི་ཀོ་གྲུ་བསྐྱོད་གྲབས་བྱེད་བཞིན་ཡོད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།