སེམས་ཀྱི་འཆར་རྟོག་སྒྱུ་མའི་མགུར།

            ----ཁྲིན་ཏུའུ་ནས་ལན་གྲུ་ལ་བསྐྱོད་པའི་མེ་འཁོར་ནང་གི་ཟིན་ཐོ།

མི་རྟག་སྒྱུ་མའི་གྲོང་གི །    བཅོས་མིན་སེམས་ཀྱི་འཆར་རྟོག །
རྟེན་གསུམ་ཀློང་ལ་འཁྱམས་དུས། ། འཁྱམས་པའི་རྣམ་ཤེས་རྙེད་འོངས། །
སེམས་ཀྱི་དྲན་འཕྲུལ་རྒོད་པོས། ། གཤོག་པའི་ཆ་ལང་བསྡེབས་དུས། །
ནམ་མཁའི་སྤྲིན་པ་དཀར་པོ། ། ཕྱོགས་བཞིའི་རླུང་གིས་དེད་འགྲོ །
གདོས་བཅོས་ཕུང་ཁམས་གཟུགས་འདིར། ། ཕྱི་ནང་རྐྱེན་ཚོགས་འཇིགས་པར། །
རྒོལ་བའི་མདུང་རྩེ་རྣོན་པོས། ། བདག་ལ་ཡང་ཡང་བསྣུན་ཡོད། །
བཟོད་པའི་ཕར་ཕྱིན་བཏང་ཡང་། ། སེམས་ཉིད་གཡོ་འགུལ་མང་བས། །
སྒྱུ་མའི་གྲོང་གི་གླུ་འདི། ། འགོག་མེད་རྒྱུད་ལ་འཆར་ཡོང་། །
ན་ནིང་དོ་ཚིགས་བར་འདིར། ། ཐར་བ་བདེ་བའི་དོན་དུ། །
ནུས་ཤུགས་གང་ཡོད་བཏོན་པས། ། རང་ལུས་སྐམ་པོར་གྱུར་ཡོད། །
ལུས་ནི་མི་རྟག་སྐྱེ་དངོས། ། ནང་བཞིན་གསོ་ཐུབ་བསམས་པས། །
སེམས་ཉིད་མ་འགག་བར་དུ། ། འབད་པའི་དམ་བཅའ་བཞག་ཡོད། །
ད་ལོ་གསུམ་པའི་ནང་དུ། ། སྐར་འབྲས་མཐོང་ཐོས་བྱུང་དུས། །
ཅུང་ཙམ་འགྲིག་གི་བསམས་ནས། ། སེམས་པ་ལྷོད་ནས་བསྡད་མྱོང་། །
མི་ཁ་གྲམ་ཆུ་ལན་པས། ། མི་སྙན་རེ་མེད་སྐོར་ཞིག །
ཐོས་འཛིན་བཅུད་དུ་སྨིན་པས། ། སྐྱེན་པོར་ལྷ་བསང་ཕུད་ཡོད། །
ལྷ་དང་གཞི་བདག་རྣམས་ལ། ། གཏིང་ནས་ལས་བཅོལ་བྱས་ཁར། །
སེམས་པ་ཅུང་ཙམ་བདེ་བྱུང་། ། གེགས་དང་བར་ཆད་བཟློག་པར། །
ཕ་ལོའི་ངག་བཀོད་ལྟར་དུ། ། གསའ་ལུང་རི་བོའི་རྩེ་དེར། །
དར་ལྕོག་བསྩོངས་དུ་བརྫངས་བྱུང་། ། དེའི་ཉིན་རླུང་རྟ་མང་པོ། །
ནམ་མཁའི་ཁྱོན་ལ་སྤུར་དུས། ། ཕྱོགས་བཞིའི་འཕུར་ལམ་རེ་ལ། །
སེམས་ཀྱི་སྨོན་པ་བཅོལ་ཡོད། ། ཕྱིར་རྟོག་མཚོ་མོའི་ཀློང་དུ། །
རང་ལ་སྤྱི་སྡོམ་བརྒྱབ་པས། ། དཀའ་སྤྱད་སྡུག་རུས་བཟོད་པ། །
རང་གི་རྒྱན་ཡིན་སྙམ་བྱུང་། ། ཏག་ཏག་ང་རྒྱལ་དེ་ལ། །
འཛིན་པ་ཅི་ཡང་མེད་པས། ། ཟད་ཀྱིས་དོགས་པའི་འདུ་ཤེས། །
རྩྭ་ལ་མེ་མཆེད་ཇི་བཞིན། ། དགུང་དུ་སྙེགས་པའི་སྟོབས་ཀྱིས། །
དེང་རབས་ཁ་པར་ལམ་ནས། ། མི་ཆེན་མི་ཆུང་ཀུན་ལ། །
འདྲི་རྟོག་དཀའ་ལས་བཅོལ་ཡོད། ། ཡོད་ཡོད་མེད་མེད་འདྲ་ཡང་། །
མིན་མིན་ཡིན་ཡིན་འདྲ་བྱུང་། ། ནུས་ནུས་མི་ནུས་འདྲ་བར། །
ལས་བཅོལ་གནམ་བཅོལ་ཟེར་མྱོང་། ། མཚམས་ལར་སྨིག་རྒྱུའི་གྲོང་དུ། །
བདག་ཉིད་གཅིག་པར་འཁྱམས་ལ། ། སྐབས་འགར་མིག་ཡོར་རྐྱེན་གྱིས། །
ཡིན་མིན་བདེན་པ་མ་ཆོད། ། ཆོས་ལ་འཛིན་པ་མེད་པ། །
ཆོས་ཀྱི་ཉིང་ཁུ་ཡིན་ན། ། བདག་ལ་འཛིན་པ་མེད་པ། །
བདག་གི་ཉིང་ཁུ་ལོས་ཡིན། ། འོན་ཀྱང་དངོས་ཡོད་འཚོ་བ། །
དེ་ལྟ་དེ་ལྟར་མིན་པས། ། འགའ་ཞིག་ནམ་མཁའི་ཟླ་བ། །
འགའ་ཞིག་ཆུ་ཡི་ཟླ་བ། ། གཟུགས་བརྙན་དར་ལ་ཆགས་དུས། །
སེམས་པ་སྟོན་ལྗོངས་འདྲ་ཡང་། ། གཟུགས་ལ་རེག་པ་མེད་དུས། །
དེའི་ཡན་སྡུག་ཅིག་མེད་ཀི ། དཔྱིད་རླུང་དལ་བུར་ལྡིང་དུས། །
སེམས་ཅན་ཁྲི་མ་འབུམ་གྱིས། ། དབྱར་གྱི་མེ་ཏོག་བཞད་པར། །
རེ་སྒུག་སྙིང་ནས་བྱས་ཡོད། ། མེ་ཏོག་དྲི་བསུང་འཐུལ་བས། །
བློ་ལྡན་རྐང་དྲུག་མང་པོ། ། བར་སྣང་ཡངས་པའི་ཁྱོན་དེར། །
ལྡིང་སྐོར་ཅི་ཡང་བརྒྱབ་བྱུང་། ། འོན་ཀྱང་བས་མཐའི་འབྲོང་མོར། །
རྩ་ལྗང་ཞིམ་པ་མེད་བཞིན། ། ཀྱེ་མ་བུ་ཆུང་ང་ལ། །
དབྱར་གྱི་དུས་ཤིག་མ་སླེབས། ། རང་ལ་རེ་མེད་བསམས་ནས། །
རང་སེམས་ཁོ་ཐག་ཆད་དེ། ། རང་ལུས་འདོམས་པ་གང་བོ། །
རང་གི་མལ་ཁྲིར་བརྐྱངས་ཡོད། ། སྐད་ཅིག་དབུགས་དབྱུང་དེ་ཡིས། །
བདག་གདོང་པད་མའི་ཞིང་སར། ། ལྗང་ལོའི་སྨྱུ་གུ་འབུས་ཏེ། །
ལམ་སྣེ་གཞན་ལ་བསྐོར་ཡོད། ། འོན་ཀྱང་གྲོགས་པོ་གྲོགས་མོས། །
སྤྱི་སྐར་མཐོ་བར་བསམས་ནས། ། ཁྲིན་ཏུའུ་ལྷ་ཡི་གྲོང་དུ། །
གདུལ་བྱ་ཡོད་རབས་གླེང་བྱུང་། ། བདག་ལ་རང་ཚུགས་མེད་པས། །
ཅུང་ཟད་དགའ་སྣང་བྱུང་ཡང་། ། དགའ་སྐྱོ་འདྲེས་མའི་ཆར་བ། །
བབས་དང་འབབ་བཞིན་ཡོད་ཀི ། ད་དུང་གསལ་ཐག་མིན་པས། །
ལུས་སེམས་ངལ་བའི་འཁོར་ལོ། ། བར་མེད་རྟག་ཏུ་བསྐོར་བཞིན། །
དུས་ཚོད་བདའ་ནས་བསྡད་ཡོད། ། དགེ་བའི་བཤེས་གཉེན་རྣམས་ཀྱིས། །
གསུང་གི་བཀའ་བཀོད་བཞིན་དུ། ། ལྷོ་ནུབ་གླིང་གི་མཚོ་དེར། །
ནོར་བུ་ལེན་པར་བཏང་བྱུང་། ། བཀའ་ལ་འདར་བ་མེད་པ། །
བློ་གཅིག་སེམས་གཅིག་བྱས་ཏེ། ། ལན་གྲུའི་མེ་འཁོར་ནང་དུ། །
ལྷོ་ལ་མགྲོན་དུ་ཆས་སོང། ། ལྷོ་ཕྱོགས་ཁུ་བྱུག་མང་པོས། །
སྙན་མོ་གླུ་ཡིས་བསུས་ལ། ། མཉེན་སྡོང་རྒྱ་ལྕང་ཕྲ་མོས། །
ལག་པས་གཡབ་མོ་བྱས་སོང་། ། ང་དང་མཚོ་མོའི་བར་ཐག །
ཇེ་ཉེ་ཇེ་ཉེར་ཕྱིན་ཚེ། ། གསེར་ཉྭ་དངུལ་ཉྭ་མང་པོས། །
སྐྱིད་པའི་སྐོར་བྲོ་རྒྱག་གི ། ནམ་མཁའི་སྤྲིན་པ་དཀར་པོ། །
སེམས་ཅན་རིས་སུ་འབྲི་དུས། ། མཚོ་དང་ནམ་མཁའི་བར་ཐག །
ཐོ་གང་ཚད་དུ་བྱས་སོང་། ། ས་ཡི་མེ་ཏོག་དྲི་བསུང་། །
སྐབས་འགར་བསེར་བུས་འཁྱེར་དུས། ། བྱང་ཕྱོགས་འཁྱམས་པོའི་རྣམ་ཤེས། །
མཚོ་མོའི་ནང་དུ་འཐིམས་འགྲོ། ། ལྷོ་བྱང་གནམ་སའི་མཚམས་ནས། །
རྣམ་དཀར་ཡོན་ཏན་བསགས་ཏེ། ། ཐར་བ་བདེ་བའི་ཞིང་དུ། །
སྨོན་པའི་གྲུ་ཆར་སྟོར་ཡོད། ། མཚོ་མོ་མ་བསྐམས་བར་དུ། །
བྱམས་པའི་བརྩེ་བ་ཟབ་མོས། ། ངང་ངུར་ཟུང་གི་ལས་དབང་། །
ལྷ་དང་བླ་མར་བཅོལ་ཡོད། ། རང་སེམས་རང་གིས་གསོས་ཏེ། །
རང་དང་གཞན་ལ་ཕན་པའི། ། རང་གི་འཆར་རྟོག་ཙམ་ཞིག །
རང་རེའི་སྐད་ཀྱིས་བྲིས་པར། ། གཞན་སྡེ་ལྷོ་ནུབ་གླིང་ན། །
གཞན་གྱི་གནོད་པ་མེད་པའི། ། གཞན་མིན་ང་དང་མཚོ་མོར། །
གཞན་ཕན་གླིང་ཞིག་སྐྲུན་ཅིག ། ཧ་ཧ་སྒྱུ་མའི་མགུར་འདི། །
ཕྱིར་ལྡོག་མེ་འཁོར་ནང་ནས། ། མཚན་གྱི་ལྷིང་འཇགས་སྤྱད་དེ། །
སྙན་མིང་འཛིན་པས་བྲིས་སོང་། ། འདི་ལྟར་བྲིས་པའི་སྟོབས་ཀྱིས། །
རང་བཞིན་ཀུན་ལ་ཕན་པའི། ། ལས་དང་བསོད་ནམས་མང་པོ། །
རྟ་གདོང་མེ་བཞིན་རྒྱས་ཤོག ། དབྱར་གྱི་མཚོ་བཞིན་འཕེལ་ཤོག །
             སརྦ་མངྒ་ལཾ། ཐ་ཚན་མུ་ཙུག་སྨར་རོ། ། དགེ་ཞིང་བཀྲ་ཤིས་སོ། །
               ༢༠༡༣ལོའི་ཟླ་༤པའི་ཚེས་༢༠ནས་༢༡བར་གྱི་མཚན་ལམ་དུ་ཤར་མར་བྲིས་སོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་འཆར་རྟོག་སྒྱུ་མའི་མགུར།

2013-05-16 སྙན་བཟང་བྱམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།