ཕྲེང་བ།

རིན་ཆེན་རྒྱུ་ཆའི་རིགས་ལས་སྐྱེས་པའི་བརྒྱ་གྲངས་བརྒྱད་ཀྱི་ཕྲེང་ཞགས་དེ།།
རྒས་ཁོག་རྒད་པའི་ལག་ན་འདྲེན་ཞིང་སྟག་ཤར་གཞོན་ནུའི་སྐེ་ན་མཛེས།།
མཐོན་པོ་གསེར་གྱི་ཁྲི་ལ་བཞུགས་པའི་བླ་མ་དེ་ཡི་ཕྱག་ཕྲེང་རེད།
དམར་སེར་གོས་ཀྱི་སྐུ་ལུས་གཡོགས་པའི་གྲྭ་བ་དེ་ཡི་ཆོས་ཕྲེང་རེད།
མི་ཚོགས་སྟོང་གི་མིག་ན་མཛེས་པའི་བུ་མོ་དེ་ཡི་རྒྱན་ཕྲེང་རེད།།
རྟ་ཕོའི་གོམ་ཁ་རླུང་ལ་སྤུར་བའི་གསར་རུ་དེ་ཡི་སྐེ་ཕྲེང་རེད།།
མ་ནིའི་དབྱངས་རྟ་དབྱངས་ལ་འགུགས་དུས་ཁྱེད་ནི་ལག་ཀྱི་གྲངས་འཛིན་རེད།།
སྒེག་ཉམས་གཟི་བྱིན་གཞན་ལ་ངོམས་དུས་ཁྱེད་ནི་སྐེ་ཡི་རྒྱན་ཆ་རེད།།
དད་པའི་བྱིན་རླབས་མཇལ་ཁ་ཕུལ་དུས་ཁྱེད་ནི་རྟེན་གྱི་གཙོ་བོ་རེད།།
ཕྱག་འཚལ་སྒྲིབ་སྦྱངས་བསྐོར་བ་བྱེད་དུས་ཁྱེད་ནི་ང་དང་མཉམ་གནས་རེད།།
མ་ནིའི་དབྱངས་རྟའི་གྲངས་ཀ་འཕར་དུས་ཁྱེད་ཀྱི་ན་ཡང་རང་བཞིན་རྒས།།
དུར་ཕྱུར་གཅིག་གི་གྲངས་ཀ་བརྩིས་ནས་དུང་སོ་ང་ལ་སྐྱེས་དུས་སུ།།
ཁྱེད་ཀྱི་སྐུ་ཡང་འོད་ཀྱི་ཁེངས་ནས་འབྲུ་རྡོག་ཙམ་གྱི་ཕུང་བོ་གྱུར།།
ཁྱེད་ནི་ང་ལ་སྐུ་དྲིན་ཁྱེད་ལ་ང་ཡང་ཁྱེད་ལ་འདང་རྩིས་ཆེ།།
མི་ཡུལ་དཀར་ངོགས་འཇིག་རྟེན་འདི་ནས་ཁྱེད་དང་འུ་གཉིས་མཉམ་ཏུ་སྐྱེས།།
བཞུད་པའི་ཉིན་མོ་དེ་རིང་ཐོན་ཀྱང་ད་དུང་ཁྱེད་རང་ང་དང་མཉམ།།
དད་པའི་་ཆོས་ཀྱི་དབྱངས་རྟ་འདོན་རོགས་སེམས་ཀྱི་ཕྲེང་བ་དྲིན་མོ་ཆེ།།
སྡུག་གི་ཁུར་བོ་ཐོད་ལ་ཡོང་ཉིན་སེམས་གསོ་མཛད་མཁན་དྲིན་མོ་ཆེ།།
རྣམ་དག་སེམས་ཀྱི་དད་པ་བརྟན་པོ་ཕྲེང་བ་འདྲེན་པའི་ཕན་ཡོན་གྱི།།
འདི་དང་ཕྱི་མ་གང་དུ་གནས་ཀྱང་ཁྱེད་དང་མི་འབྲལ་སྨོན་ལམ་འདེབས།།
           ༢༠༡༢་༡༡་༡༤་ཉིན་བྲིས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྲེང་བ།

2013-04-04 སོག་མདའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།