ངས་བྲིས་མི་ཚར་བའི་སྙན་ངག་འདི།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-24


དཔྱིད་ཀའི་ཉི་ཟེར་གྱི་བརྩེ་བ་རིས་འཇམ་རིས་བསིལ།།
སྲང་ལམ་དོག་མོ་འདིའི་མགྲོན་པོ་ཆ་ཡོད་རྒྱུས་ཡོད།།
མི་ཚོགས་བརྒྱ་སྟོང་གི་དབུས་ཀྱི་ཆུང་འདྲིས་བྱམས་པ།།
ང་ཡི་མཐོང་ལམ་ནས་དམར་ཆུང་མེ་ཏོག་རྐང་གཅིག།
 
སྐྱིད་རིའི་འདུ་ཁང་གི་གྲིབ་གཟུགས་སྲང་ལ་འཐེན་ཡོང་།།
རྒོངས་ཀའི་མི་ཚོགས་ཀྱི་གོམ་ཁ་ཡུལ་ལ་བསྒྱུར་སོང་།།
ལམ་ཐུག་ཆུང་འདྲིས་ཀྱི་མིག་མདའ་ང་ལ་ཕོག་པས།།
འཕྲེང་ཞེན་ཕྱིར་མིག་གི་མདུད་པ་སྙིང་ལ་ཐེབས་སོང་།།
 
རྩེ་ཆུ་དངུལ་དཀར་གྱི་ཞུན་མ་ས་ལ་བྲེས་པའི།།
དཔྱིད་ཉི་རིང་མོ་འདི་སྲང་ནས་སྐྱེལ་དགོས་བྱུང་དུས།།
མ་བསམ་གློ་རྡེག་ལ་ཁོ་མོར་འཕྲད་པའི་དབང་གིས།།
ཚོར་བ་མག་མོག་གི་ན་བུན་སེམས་ལ་གཏིབས་བྱུང་།།
 
ལོ་ཟླའི་རྒས་གཉེར་གྱི་རི་མོ་ཐོད་ལ་བབས་ཀྱང་།།
སེམས་སོང་བུ་མོ་ཡི་ཞལ་རས་བརྗེད་པ་མ་བྱུང་།།
མྱི་ཁའི་རླུང་བུ་དེ་སེམས་ལ་གཡུགས་ཐེངས་མང་བས།།
མི་མངོན་སེམས་གཅོང་གི་ན་ཟུག་ང་རས་མྱངས་སོང་།།
 
               གསུམ་བརྒྱད་བུད་མེད་དུས་ཆེན་གྱི་ཉིན་མོའི་རྒོངས་ཀ་ཞིག་ལ་རྩེ་ཁོག་ནས་བྲིས།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་བྲིས་མི་ཚར་བའི་སྙན་ངག་འདི།

2013-03-24 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།


དཔྱིད་ཀའི་ཉི་ཟེར་གྱི་བརྩེ་བ་རིས་འཇམ་རིས་བསིལ།།
སྲང་ལམ་དོག་མོ་འདིའི་མགྲོན་པོ་ཆ་ཡོད་རྒྱུས་ཡོད།།
མི་ཚོགས་བརྒྱ་སྟོང་གི་དབུས་ཀྱི་ཆུང་འདྲིས་བྱམས་པ།།
ང་ཡི་མཐོང་ལམ་ནས་དམར་ཆུང་མེ་ཏོག་རྐང་གཅིག།
 
སྐྱིད་རིའི་འདུ་ཁང་གི་གྲིབ་གཟུགས་སྲང་ལ་འཐེན་ཡོང་།།
རྒོངས་ཀའི་མི་ཚོགས་ཀྱི་གོམ་ཁ་ཡུལ་ལ་བསྒྱུར་སོང་།།
ལམ་ཐུག་ཆུང་འདྲིས་ཀྱི་མིག་མདའ་ང་ལ་ཕོག་པས།།
འཕྲེང་ཞེན་ཕྱིར་མིག་གི་མདུད་པ་སྙིང་ལ་ཐེབས་སོང་།།
 
རྩེ་ཆུ་དངུལ་དཀར་གྱི་ཞུན་མ་ས་ལ་བྲེས་པའི།།
དཔྱིད་ཉི་རིང་མོ་འདི་སྲང་ནས་སྐྱེལ་དགོས་བྱུང་དུས།།
མ་བསམ་གློ་རྡེག་ལ་ཁོ་མོར་འཕྲད་པའི་དབང་གིས།།
ཚོར་བ་མག་མོག་གི་ན་བུན་སེམས་ལ་གཏིབས་བྱུང་།།
 
ལོ་ཟླའི་རྒས་གཉེར་གྱི་རི་མོ་ཐོད་ལ་བབས་ཀྱང་།།
སེམས་སོང་བུ་མོ་ཡི་ཞལ་རས་བརྗེད་པ་མ་བྱུང་།།
མྱི་ཁའི་རླུང་བུ་དེ་སེམས་ལ་གཡུགས་ཐེངས་མང་བས།།
མི་མངོན་སེམས་གཅོང་གི་ན་ཟུག་ང་རས་མྱངས་སོང་།།
 
               གསུམ་བརྒྱད་བུད་མེད་དུས་ཆེན་གྱི་ཉིན་མོའི་རྒོངས་ཀ་ཞིག་ལ་རྩེ་ཁོག་ནས་བྲིས།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།