ཁྱོད་ལ་དགའ་ཚུལ།

ངུར་སྒྲ།༼ལྷོ་ནུབ་མི་རིགས་སློབ་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-21

            ____QQཡི་གྲོགས་མོ་སྒྲོལ་མིང་ཅན་ལ།
བསིལ་བསིལ་འོང་བའི་རླུང་བུ་འདི་དག །
ཁྱོད་ཀྱི་སྙིང་གཏམ་ཡིན་པའི་ཚུལ་གྱིས།།
ཤག་ཤག་འཕྱོ་བའི་སྟོན་ལོ་དེ་དག །
ང་ཡི་སེམས་པ་ཡིན་པར་བྱས་ཡོད།།

ལྷུང་ལྷུང་འབབ་པའི་དལ་འགྲོ་བུ་མོ།།
གཞས་ཤིག་ཡིན་པའི་དབང་དུ་བཏང་ན།།
ལྷང་ལྷང་ལེན་པའི་གཞས་མཁན་དེ་ནི།།
ཁྱོད་ལས་གཞན་ཞིག་མིན་འདང་བཞག་ཡོད།།

གློར་གྱིས་ཐོན་པའི་སྣང་བ་བན་བུན།།
བྲིས་ན་མོག་པའི་ཡི་གེ་ཐར་ཐོར།།
ཡུན་གྱིས་མྱངས་པའི་ཡིད་ཡུལ་རབ་རིབ།།
སྙིང་དུ་སྡུག་པའི་ཆ་མེད་གྲོགས་པོ།།

མཐོང་མྱོང་མེད་པའི་ཁྱེད་དང་བཞིན་རས།།
ཁམ་བུ་དམར་ནག་ཅིག་ཏུ་རྩིས་ཡོད།།
ཐོས་མྱོང་མེད་པའི་ངག་དང་སྐད་ཆ།།
དབྱངས་འགྲོས་སྙན་མོ་ཞིག་ཏུ་བསམ་ཡོད།།

ཟླ་འོད་རབ་རིབ་རབ་རིབ་འཆར་དུས།།
ཁྱེད་ཉིད་ཡིད་ལ་ཡང་འཁོར་ཡང་འཁོར།།
སྐར་མ་མག་མོག་མག་མོག་འཛུམ་དུས།།
སྙིང་གཏམ་ངག་ནས་ད་འབུད་ད་འབུད།།

སྨྱུག་རྩེ་ཤོག་བུར་འཛུགས་ཙམ་བྱས་ཚེ།།
ཚོར་བའི་ལོ་མ་ལྷེམ་ལྷེམ་འགུལ་བྱུང་།།
སོར་མོ་མཐེབ་གཞོང་ཐད་དུ་དཔྱར་ཚེ།།
སྙིང་གཏམ་རྫོངས་པ་འཚང་ཁ་ཤིག་ཤིག །

རྒྱབ་གཟུགས་རེ་རེ་སྲོད་དུ་གཤར་ཚེ།།
དྲན་པའི་སྐྲ་ལོ་སེམས་སུ་དཔྱངས་བྱུང་།།
སྟོང་བའི་བར་ཐག་སེམས་སུ་བླངས་ཚེ།།
འཕྲད་པའི་གོམ་སྒྲ་ང་དང་ཉེ་བྱུང་།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ལ་དགའ་ཚུལ།

2013-03-21 ངུར་སྒྲ།༼ལྷོ་ནུབ་མི་རིགས་སློབ་ ཀློག་གྲངས། མཆན ཡོད།

            ____QQཡི་གྲོགས་མོ་སྒྲོལ་མིང་ཅན་ལ།
བསིལ་བསིལ་འོང་བའི་རླུང་བུ་འདི་དག །
ཁྱོད་ཀྱི་སྙིང་གཏམ་ཡིན་པའི་ཚུལ་གྱིས།།
ཤག་ཤག་འཕྱོ་བའི་སྟོན་ལོ་དེ་དག །
ང་ཡི་སེམས་པ་ཡིན་པར་བྱས་ཡོད།།

ལྷུང་ལྷུང་འབབ་པའི་དལ་འགྲོ་བུ་མོ།།
གཞས་ཤིག་ཡིན་པའི་དབང་དུ་བཏང་ན།།
ལྷང་ལྷང་ལེན་པའི་གཞས་མཁན་དེ་ནི།།
ཁྱོད་ལས་གཞན་ཞིག་མིན་འདང་བཞག་ཡོད།།

གློར་གྱིས་ཐོན་པའི་སྣང་བ་བན་བུན།།
བྲིས་ན་མོག་པའི་ཡི་གེ་ཐར་ཐོར།།
ཡུན་གྱིས་མྱངས་པའི་ཡིད་ཡུལ་རབ་རིབ།།
སྙིང་དུ་སྡུག་པའི་ཆ་མེད་གྲོགས་པོ།།

མཐོང་མྱོང་མེད་པའི་ཁྱེད་དང་བཞིན་རས།།
ཁམ་བུ་དམར་ནག་ཅིག་ཏུ་རྩིས་ཡོད།།
ཐོས་མྱོང་མེད་པའི་ངག་དང་སྐད་ཆ།།
དབྱངས་འགྲོས་སྙན་མོ་ཞིག་ཏུ་བསམ་ཡོད།།

ཟླ་འོད་རབ་རིབ་རབ་རིབ་འཆར་དུས།།
ཁྱེད་ཉིད་ཡིད་ལ་ཡང་འཁོར་ཡང་འཁོར།།
སྐར་མ་མག་མོག་མག་མོག་འཛུམ་དུས།།
སྙིང་གཏམ་ངག་ནས་ད་འབུད་ད་འབུད།།

སྨྱུག་རྩེ་ཤོག་བུར་འཛུགས་ཙམ་བྱས་ཚེ།།
ཚོར་བའི་ལོ་མ་ལྷེམ་ལྷེམ་འགུལ་བྱུང་།།
སོར་མོ་མཐེབ་གཞོང་ཐད་དུ་དཔྱར་ཚེ།།
སྙིང་གཏམ་རྫོངས་པ་འཚང་ཁ་ཤིག་ཤིག །

རྒྱབ་གཟུགས་རེ་རེ་སྲོད་དུ་གཤར་ཚེ།།
དྲན་པའི་སྐྲ་ལོ་སེམས་སུ་དཔྱངས་བྱུང་།།
སྟོང་བའི་བར་ཐག་སེམས་སུ་བླངས་ཚེ།།
འཕྲད་པའི་གོམ་སྒྲ་ང་དང་ཉེ་བྱུང་།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།