མཚན་གཞས་ཟུར་གསུམ་མ།

རི་སྔོན་འཕྲིནལས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-23


དོ་ནུབ་གློ་བུར་དུ་ཁྱོད་རང་དྲན་བྱུང་། །
སྨྱུ་གུའི་རྩེ་མོ་འདི་ཁྱོད་ལ་གཏད་སོང་། །
སྒོར་སྒོར་ཟླ་བ་ཡི་འོད་མདངས་འོག་ནས། །
སེམས་ཀྱི་སྐད་ཆ་དག་ཤོག་ངོས་བརྡལ་ཡོད། །
 
དང་ཐོག་ཀུ་རེ་དང་དགོད་སྒྲའི་ཁྲོད་ནས། །
ཁ་པར་རེ་འགའ་ཞིག་བཏང་བ་བདེན་མོད། །
ཁ་སེམས་གཉིས་མེད་ཀྱིས་སྐད་ཆ་ལབ་པ། །
འདོད་པའི་ངོ་བོ་ལ་ཞེན་པ་མིན་ནོ། །
 
ཁ་མཚར་རེ་འགའ་ཞིག་བཤད་པ་དེ་དག །
ཁ་ནས་གང་བྱུང་དུ་ལབ་པ་མིན་པས། །
ཁ་ཁོག་གང་རུང་ལ་འགལ་བ་ཡོད་ན། །
ཁ་དང་སེམས་གཉིས་ཀྱིས་དགོངས་དག་ཞུ་ངེས། །
 
ཁ་སང་ཁ་སང་ལ་ཁ་པར་བཏང་བ། །
ཁ་བརྡ་རེ་འགའ་ཡི་དོན་དུ་ཡིན་པས། །
ཁ་གཙང་སེམས་གཙང་གི་བུ་མོ་ཁྱོད་རང་། །
ཁ་ཚིག་གང་རུང་གིས་བསླུས་པ་མིན་ནོ། །
 
ཁ་འཇམ་གཤིས་འཇམ་ཞིག་ཡིན་རབས་གོ་ཡོད། །
ཁ་ལས་རླུང་རྟ་ཞིག་ཡོད་རབས་ཐོས་ཡོད། །
ཁ་བརྡ་རེ་འགའ་ལས་བྱེད་ཐབས་མེད་པས། །
ཁ་ཁོག་གཉིས་ཀ་ལ་གསལ་ཆ་མི་འདུག །
 
སློབ་ཆེན་སློབ་གྲྭ་ཡི་སྒོ་ཐེམ་བརྒལ་རྗེས། །
སློབ་ཆེན་སློབ་མ་ཚོའི་སྣང་བ་དགུང་རེད། །
ཁ་ཡག་ཚིག་ཡག་གི་ཁ་བརྡའི་ཁྲོད་ནས། །
ཁ་སྟོང་མགོ་སྟོང་ཚོའི་རྗེས་སུ་མ་རྒྱུགས། །
 
ན་ཚོད་ཆུང་ཆུང་གི་སློབ་མའི་ལང་ཚོ། །
སློབ་རའི་སྒོ་ཐེམ་ལས་རླུང་ལ་མ་སྐུར། །
ཞིབ་འཇུག་རམ་འབྱམས་པའི་ལག་རྟགས་ལོན་དུས། །
ཁ་པར་རེ་འགའ་ཞིག་གཏོང་མིན་ཁྱོད་ཐུག །
 
ཉེ་ལམ་ཁྱོད་རང་གི་གནས་ཚུལ་མ་གོ །
ཐད་ཀར་ཁྱོད་རང་ལ་འདྲི་འདུན་མི་འདུག །
གཞན་པའི་གྲོགས་རེ་ལ་འདྲི་ས་མ་བྱུང་། །
གནས་ཚུལ་གསར་བ་རེ་རྣ་ལ་ལྷུང་མེད། །
 
ཁོམ་པ་ཡོད་དུས་སུ་འཕྲིན་རེ་བྲིས་ཡོད། །
འཕྲིན་ཡིག་བསྐུར་ས་ཡི་སྡོད་གནས་མི་འདུག །
གོ་སྐབས་ཡག་པོ་ཞིག་ལག་སོན་བྱུང་ན། །
འཕྲིན་ཡིག་ཁྱོད་རང་ལ་འཕྲོད་ཐབས་བྱེད་ངེས། །
 
ད་ལོའི་དབྱར་འགོ་འདི་ཚུགས་ཚུལ་བསམ་ན། །
ཚ་བ་ཆེན་པོ་ཞིག་ལོས་ཡོད་བསམ་བྱུང་། །
མདོ་ལྷོ་གཙོད་གྲོང་གི་གནམ་གཤིས་ཁྲོད་ནས། །
ལྭ་བ་གང་འཚམ་རེ་གོན་རྒྱུ་མ་བརྗེད། །
 
དབྱར་གནང་དགུན་གནང་ལ་ཁོམ་ལོང་བྱུང་ན། །
དུས་དེབ་ཚགས་པར་རེ་ཀློགས་རྒྱུ་མ་བརྗེད། །
ཁྱོད་ལ་བཤད་འདོད་པའི་འཕྲིན་ཡིག་འགའ་རེ། །
མིག་གི་མཐོང་ལམ་དུ་རིག་རྒྱུ་འབྱུང་ངེས། །
 
ང་ནི་ངེས་མེད་ཀྱི་འཁྱམ་པོ་ཁེར་རྐྱང་། །
གར་འགྲོ་གང་འདུག་ལ་གསལ་ཁ་མི་འདུག །
རྒྱུ་དང་དབང་ཐང་གི་རྒྱབ་སྐྱོར་མི་འདུག །
གནས་མལ་གང་ཞིག་ནས་ལུས་བར་མི་ཤེས། །
 
འཚོ་བའི་གོ་རིམ་ལ་འགྱུར་བ་བྱུང་ཡང་། །
སྨྱུ་གུའི་རྩེ་མོ་འདི་མི་གཏོང་ཁོ་ཐག །
མི་ཚེ་ཐུང་ཐུང་འདི་སྨྱུ་གུར་བཅོལ་ཡོད། །
སྨྱུ་གུའི་རྩེ་མོ་འདི་རང་ལ་དབང་ཡོད། །
 
ལྡེམ་ལྡེམ་སྨྱུ་གུ་ཡི་སྟངས་སྟབས་ཀློང་ན། །
ངག་རིག་སྒྱུ་འཕྲུལ་གྱི་གཏམ་རྒྱུད་སྦས་ཡོད། །
ལང་ཚོའི་ལམ་བུ་ལ་བར་ཆད་མེད་ན། །
ཡིད་ཀྱི་སྐད་ཆ་དག་འཕྲེང་དུ་བསྟར་ངེས། །
 
དེའི་ཕྱིར་དོ་ནུབ་ཀྱི་མཚན་ལྗོངས་ངོགས་ནས། །
སྨྱུ་གུའི་རྩེ་མོ་འདི་ཤུགས་ཀྱིས་བཏེགས་ཏེ། །
སེམས་པའི་གྲུ་ཟུར་གྱི་སྒོ་མོ་ཞིག་ནས། །
མཚན་གཞས་ཟུར་གསུམ་མ་ཁྱོད་ལ་བཏང་ཡོད། །
               2011/5/9

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གཞས་ཟུར་གསུམ་མ།

2013-02-23 རི་སྔོན་འཕྲིནལས། ཀློག་གྲངས། མཆན ཡོད།


དོ་ནུབ་གློ་བུར་དུ་ཁྱོད་རང་དྲན་བྱུང་། །
སྨྱུ་གུའི་རྩེ་མོ་འདི་ཁྱོད་ལ་གཏད་སོང་། །
སྒོར་སྒོར་ཟླ་བ་ཡི་འོད་མདངས་འོག་ནས། །
སེམས་ཀྱི་སྐད་ཆ་དག་ཤོག་ངོས་བརྡལ་ཡོད། །
 
དང་ཐོག་ཀུ་རེ་དང་དགོད་སྒྲའི་ཁྲོད་ནས། །
ཁ་པར་རེ་འགའ་ཞིག་བཏང་བ་བདེན་མོད། །
ཁ་སེམས་གཉིས་མེད་ཀྱིས་སྐད་ཆ་ལབ་པ། །
འདོད་པའི་ངོ་བོ་ལ་ཞེན་པ་མིན་ནོ། །
 
ཁ་མཚར་རེ་འགའ་ཞིག་བཤད་པ་དེ་དག །
ཁ་ནས་གང་བྱུང་དུ་ལབ་པ་མིན་པས། །
ཁ་ཁོག་གང་རུང་ལ་འགལ་བ་ཡོད་ན། །
ཁ་དང་སེམས་གཉིས་ཀྱིས་དགོངས་དག་ཞུ་ངེས། །
 
ཁ་སང་ཁ་སང་ལ་ཁ་པར་བཏང་བ། །
ཁ་བརྡ་རེ་འགའ་ཡི་དོན་དུ་ཡིན་པས། །
ཁ་གཙང་སེམས་གཙང་གི་བུ་མོ་ཁྱོད་རང་། །
ཁ་ཚིག་གང་རུང་གིས་བསླུས་པ་མིན་ནོ། །
 
ཁ་འཇམ་གཤིས་འཇམ་ཞིག་ཡིན་རབས་གོ་ཡོད། །
ཁ་ལས་རླུང་རྟ་ཞིག་ཡོད་རབས་ཐོས་ཡོད། །
ཁ་བརྡ་རེ་འགའ་ལས་བྱེད་ཐབས་མེད་པས། །
ཁ་ཁོག་གཉིས་ཀ་ལ་གསལ་ཆ་མི་འདུག །
 
སློབ་ཆེན་སློབ་གྲྭ་ཡི་སྒོ་ཐེམ་བརྒལ་རྗེས། །
སློབ་ཆེན་སློབ་མ་ཚོའི་སྣང་བ་དགུང་རེད། །
ཁ་ཡག་ཚིག་ཡག་གི་ཁ་བརྡའི་ཁྲོད་ནས། །
ཁ་སྟོང་མགོ་སྟོང་ཚོའི་རྗེས་སུ་མ་རྒྱུགས། །
 
ན་ཚོད་ཆུང་ཆུང་གི་སློབ་མའི་ལང་ཚོ། །
སློབ་རའི་སྒོ་ཐེམ་ལས་རླུང་ལ་མ་སྐུར། །
ཞིབ་འཇུག་རམ་འབྱམས་པའི་ལག་རྟགས་ལོན་དུས། །
ཁ་པར་རེ་འགའ་ཞིག་གཏོང་མིན་ཁྱོད་ཐུག །
 
ཉེ་ལམ་ཁྱོད་རང་གི་གནས་ཚུལ་མ་གོ །
ཐད་ཀར་ཁྱོད་རང་ལ་འདྲི་འདུན་མི་འདུག །
གཞན་པའི་གྲོགས་རེ་ལ་འདྲི་ས་མ་བྱུང་། །
གནས་ཚུལ་གསར་བ་རེ་རྣ་ལ་ལྷུང་མེད། །
 
ཁོམ་པ་ཡོད་དུས་སུ་འཕྲིན་རེ་བྲིས་ཡོད། །
འཕྲིན་ཡིག་བསྐུར་ས་ཡི་སྡོད་གནས་མི་འདུག །
གོ་སྐབས་ཡག་པོ་ཞིག་ལག་སོན་བྱུང་ན། །
འཕྲིན་ཡིག་ཁྱོད་རང་ལ་འཕྲོད་ཐབས་བྱེད་ངེས། །
 
ད་ལོའི་དབྱར་འགོ་འདི་ཚུགས་ཚུལ་བསམ་ན། །
ཚ་བ་ཆེན་པོ་ཞིག་ལོས་ཡོད་བསམ་བྱུང་། །
མདོ་ལྷོ་གཙོད་གྲོང་གི་གནམ་གཤིས་ཁྲོད་ནས། །
ལྭ་བ་གང་འཚམ་རེ་གོན་རྒྱུ་མ་བརྗེད། །
 
དབྱར་གནང་དགུན་གནང་ལ་ཁོམ་ལོང་བྱུང་ན། །
དུས་དེབ་ཚགས་པར་རེ་ཀློགས་རྒྱུ་མ་བརྗེད། །
ཁྱོད་ལ་བཤད་འདོད་པའི་འཕྲིན་ཡིག་འགའ་རེ། །
མིག་གི་མཐོང་ལམ་དུ་རིག་རྒྱུ་འབྱུང་ངེས། །
 
ང་ནི་ངེས་མེད་ཀྱི་འཁྱམ་པོ་ཁེར་རྐྱང་། །
གར་འགྲོ་གང་འདུག་ལ་གསལ་ཁ་མི་འདུག །
རྒྱུ་དང་དབང་ཐང་གི་རྒྱབ་སྐྱོར་མི་འདུག །
གནས་མལ་གང་ཞིག་ནས་ལུས་བར་མི་ཤེས། །
 
འཚོ་བའི་གོ་རིམ་ལ་འགྱུར་བ་བྱུང་ཡང་། །
སྨྱུ་གུའི་རྩེ་མོ་འདི་མི་གཏོང་ཁོ་ཐག །
མི་ཚེ་ཐུང་ཐུང་འདི་སྨྱུ་གུར་བཅོལ་ཡོད། །
སྨྱུ་གུའི་རྩེ་མོ་འདི་རང་ལ་དབང་ཡོད། །
 
ལྡེམ་ལྡེམ་སྨྱུ་གུ་ཡི་སྟངས་སྟབས་ཀློང་ན། །
ངག་རིག་སྒྱུ་འཕྲུལ་གྱི་གཏམ་རྒྱུད་སྦས་ཡོད། །
ལང་ཚོའི་ལམ་བུ་ལ་བར་ཆད་མེད་ན། །
ཡིད་ཀྱི་སྐད་ཆ་དག་འཕྲེང་དུ་བསྟར་ངེས། །
 
དེའི་ཕྱིར་དོ་ནུབ་ཀྱི་མཚན་ལྗོངས་ངོགས་ནས། །
སྨྱུ་གུའི་རྩེ་མོ་འདི་ཤུགས་ཀྱིས་བཏེགས་ཏེ། །
སེམས་པའི་གྲུ་ཟུར་གྱི་སྒོ་མོ་ཞིག་ནས། །
མཚན་གཞས་ཟུར་གསུམ་མ་ཁྱོད་ལ་བཏང་ཡོད། །
               2011/5/9

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།