ཤེས་ཡོན་པའི་སྡེ་ཁག་ཅིག་ལ།

འཆད་ལ་མཁས་ཀྱང་འཆད་པའི་གཞི་མེད་ན། །
མདའ་མོ་ཡོད་པའི་འཕེན་སའི་གནས་མེད་བཞིན། །
རང་གི་ཁ་ཕྱོགས་རང་ཚུགས་འཛིན་དགོས་པ། །
ཐོག་མར་བསམ་བློའི་ནང་དུ་ཡོད་ཅེས་གསུངས། །
 
རྩོམ་ལ་དགའ་ཡང་རྩོམ་རྩལ་མ་ཤེས་ན། །
བུད་མེད་སྦྲུམ་མ་གཅེར་བུ་བུད་པ་བཞིན། །
མི་མཛེས་པ་ཡང་མཛེས་པར་རློམ་འདོད་ན། །
མཐའ་ན་གནས་པའི་མི་རྣམས་བཞད་གད་རྒྱུ། །
 
སེམས་ཀྱི་གསང་བ་ཁྱེར་བའི་དྲན་པའི་རླབས། །
རྨིག་ལྡན་འཁོར་ལོའི་བགྲོད་པའི་འགྲོགས་ནས་སུ། །
ཁྱེད་དང་ཁྱེད་ལ་ཕྱོགས་པའི་ལམ་ཁ་རུ། །
ལན་གཅིག་མ་ཡིན་དུས་དྲུག་ཀུན་ཏུ་རྒྱུ། །
 
རྒྱུ་འབྲས་རྣམ་གཞག་བརྩི་བར་ཁ་གཡར་ནས། །
ནང་ཆོས་དེ་ཉིད་བདུད་ཀྱི་ཆོ་འཕྲུལ་ཙམ། །
ཡིན་པར་སྨྲ་བའི་འུར་སྐད་མཐོན་ནའང་། །
དག་ཞིང་ཡུལ་ན་རྒྱལ་བ་འཛུམ་ཞིང་བཞད། །
 
གཞུང་ལུགས་རྒྱ་མཚོ་བགྲོད་པའི་གྲུ་གཟེངས་ཙམ། །
མེད་ཕྱིར་ཁ་ནས་གང་འདོད་འཁྱིལ་བ་འདི། །
དུད་འགྲོ་ལོང་བ་ཁ་ཕྱོགས་མེད་པ་བཞིན། །
ཁྱད་མེད་ཡིན་པས་བདག་སེམས་སྐྱོ་བའི་གནར། །
 
དམིགས་ཡུལ་ཆེ་བར་རློམ་ནས་འཛིན་སྟངས་སུ། །
དངོས་འགལ་ཕུང་བོ་དྲ་རྒྱའི་ནང་དུ་ཚུད། །
དཔྱད་གཞི་མེད་ན་གཞན་གྱི་རྗེས་མ་འབྲང་། །
གསེར་སྐྱག་དབྱེར་མེད་འདྲེས་ནས་ད་དུང་སྡོད། །
 
ཨ་ཧོ་ཞིག་ཉེ་བཙན་པོའི་བུ་བརྒྱུད་ལ། །
ཨུ་ཁུང་ནང་དུ་མི་ཤོང་འཆལ་རྩོམ་འདི། །
ཨེ་མ་རྟོག་གེ་འགའ་ལ་ཟས་མཆོག་ཚབ། །
ཨ་མིང་འཛིན་པ་བདག་གིས་འཕྲལ་མར་སྤྲིངས། །
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེས་ཡོན་པའི་སྡེ་ཁག་ཅིག་ལ།

2013-02-17 མགར་འཇམ་བསམ། ཀློག་གྲངས། མཆན ཡོད།

འཆད་ལ་མཁས་ཀྱང་འཆད་པའི་གཞི་མེད་ན། །
མདའ་མོ་ཡོད་པའི་འཕེན་སའི་གནས་མེད་བཞིན། །
རང་གི་ཁ་ཕྱོགས་རང་ཚུགས་འཛིན་དགོས་པ། །
ཐོག་མར་བསམ་བློའི་ནང་དུ་ཡོད་ཅེས་གསུངས། །
 
རྩོམ་ལ་དགའ་ཡང་རྩོམ་རྩལ་མ་ཤེས་ན། །
བུད་མེད་སྦྲུམ་མ་གཅེར་བུ་བུད་པ་བཞིན། །
མི་མཛེས་པ་ཡང་མཛེས་པར་རློམ་འདོད་ན། །
མཐའ་ན་གནས་པའི་མི་རྣམས་བཞད་གད་རྒྱུ། །
 
སེམས་ཀྱི་གསང་བ་ཁྱེར་བའི་དྲན་པའི་རླབས། །
རྨིག་ལྡན་འཁོར་ལོའི་བགྲོད་པའི་འགྲོགས་ནས་སུ། །
ཁྱེད་དང་ཁྱེད་ལ་ཕྱོགས་པའི་ལམ་ཁ་རུ། །
ལན་གཅིག་མ་ཡིན་དུས་དྲུག་ཀུན་ཏུ་རྒྱུ། །
 
རྒྱུ་འབྲས་རྣམ་གཞག་བརྩི་བར་ཁ་གཡར་ནས། །
ནང་ཆོས་དེ་ཉིད་བདུད་ཀྱི་ཆོ་འཕྲུལ་ཙམ། །
ཡིན་པར་སྨྲ་བའི་འུར་སྐད་མཐོན་ནའང་། །
དག་ཞིང་ཡུལ་ན་རྒྱལ་བ་འཛུམ་ཞིང་བཞད། །
 
གཞུང་ལུགས་རྒྱ་མཚོ་བགྲོད་པའི་གྲུ་གཟེངས་ཙམ། །
མེད་ཕྱིར་ཁ་ནས་གང་འདོད་འཁྱིལ་བ་འདི། །
དུད་འགྲོ་ལོང་བ་ཁ་ཕྱོགས་མེད་པ་བཞིན། །
ཁྱད་མེད་ཡིན་པས་བདག་སེམས་སྐྱོ་བའི་གནར། །
 
དམིགས་ཡུལ་ཆེ་བར་རློམ་ནས་འཛིན་སྟངས་སུ། །
དངོས་འགལ་ཕུང་བོ་དྲ་རྒྱའི་ནང་དུ་ཚུད། །
དཔྱད་གཞི་མེད་ན་གཞན་གྱི་རྗེས་མ་འབྲང་། །
གསེར་སྐྱག་དབྱེར་མེད་འདྲེས་ནས་ད་དུང་སྡོད། །
 
ཨ་ཧོ་ཞིག་ཉེ་བཙན་པོའི་བུ་བརྒྱུད་ལ། །
ཨུ་ཁུང་ནང་དུ་མི་ཤོང་འཆལ་རྩོམ་འདི། །
ཨེ་མ་རྟོག་གེ་འགའ་ལ་ཟས་མཆོག་ཚབ། །
ཨ་མིང་འཛིན་པ་བདག་གིས་འཕྲལ་མར་སྤྲིངས། །
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།