སེམས་པ་གཅིག་ཤོར་གཉིས་ཤོར།


བརྒྱ་ཚོགས་སྟོང་འདུས་ཀྱི་སློབ་ཁང་གྲུ་བཞིར།།
གཅིག་ལས་གཅིག་སྒེག་གི་མཛེས་མ་མང་རུང་།།
སེམས་ཀྱི་བརྟན་པ་དེ་རྨང་ནས་འཕྲོག་མཁན།།
བརྩེ་བའི་ལྷ་མོ་ཁྱོད་སྙིང་ལ་བཞད་བྱུང་།།
 
དཀར་དམར་བྱུགས་རྫས་སོགས་གདོང་ལ་མ་བསྒོས།།
འབྲོག་སྐད་རྣལ་མ་ཞིག་ངག་ན་སྙན་འདུག།
གཤིས་ཀ་འཇམ་པོ་ཞིག་ངང་གིས་མངོན་པའི།།
ལས་འཕྲད་བུ་མོ་ཁྱོད་ཡིད་དུ་སྡུག་ཨང་།།
 
ཚེ་རབས་ལས་འཕྲོ་ཡི་མདུད་པ་དམ་པོ།།
སྙིང་གི་ཟབ་ས་ནས་གྲོལ་མཁན་མ་རྙེད།།
མ་སྐྱེས་ཁྱོད་ཉིད་ཀྱི་འཛུམ་མདངས་རྣོན་པོས།།
འཁྲེང་ཞེན་ཕྱིར་མིག་ལ་ཡོལ་བ་འཐེན་བྱུང་།།
 
སྔོན་སྨོན་ལས་འབྲས་ཀྱིས་ལྷན་དུ་བསྡུས་པའི།།
ཆ་མེད་རྒྱུས་མེད་ཀྱི་བུ་མོ་ཁྱོད་ལ།།
ཕྱི་གསལ་ནང་གསལ་གྱི་སེམས་པའི་གུར་ན།།
དུངས་བ་གསེར་དངུལ་གྱི་བཞུགས་ཁྲི་བརྒྱབ་ཡོད།།
 
དགོང་ཚོགས་ཐེངས་གཅིག་གི་གོ་སྐབས་མ་གཏོགས།།
ཁ་བརྡ་རིང་མོ་ཞིག་གློད་ཁོམ་མ་བྱུང་།།
བལྟས་ཀྱིན་བལྟས་ཀྱིན་དུ་བློ་ལ་འབབ་པའི།།
ན་ཆུང་བུ་མོ་ཁྱོད་བྱུ་རུའི་མེ་ཏོག།
 
ཨ་གསར་ཁ་ཕོ་ལ་ཁོ་བོ་མི་དགའ།།
ཚུལ་འཆོས་རྫིག་ཉམས་ཀྱང་ཁྱོད་ལ་མེད་འདྲ།།
ག་ལེར་ཕན་ཚུན་ལ་རྒྱུས་མངའ་ལོན་ཚེ།།
བརྩེ་དུང་མེ་ཏོག་ཅིག་བཞད་ན་ཐང་གི།
 
དུངས་བ་དར་དཀར་གྱི་རྨུ་ཐག་རིང་མོ།།
ཁྱོད་སེམས་མཚོ་མོ་ཡི་རྒྱན་དུ་བྲེས་ན།།
སྙིང་གཏམ་མུ་ཏིག་གི་ལྡེ་མིག་ཅིག་གིས།།
མཛའ་བརྩེའི་གསེར་སྒོ་དེ་ཕྱེས་ན་ཆོག་ཨང་།།
 
བུ་མོ་ཁྱོད་ཕྱོགས་ལ་ཤོར་བའི་སེམས་འདི།།
ཕྱི་རུ་འགུག་ཐབས་ཤིག་ཁྱོན་ནས་མི་འདུག།
དགའ་བ་རྣམ་དག་གི་བརྩེ་བའི་འཕྲིན་ལ།།
མིག་ཟུང་ཕྲ་མོ་དེ་རེ་ཞིག་གཏད་རོགས།།
                             ༢༠༡༢.༣.༡༥ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་གཅིག་ཤོར་གཉིས་ཤོར།

2013-02-12 གཡུ་སྐྱེས། ཀློག་གྲངས། མཆན ཡོད།


བརྒྱ་ཚོགས་སྟོང་འདུས་ཀྱི་སློབ་ཁང་གྲུ་བཞིར།།
གཅིག་ལས་གཅིག་སྒེག་གི་མཛེས་མ་མང་རུང་།།
སེམས་ཀྱི་བརྟན་པ་དེ་རྨང་ནས་འཕྲོག་མཁན།།
བརྩེ་བའི་ལྷ་མོ་ཁྱོད་སྙིང་ལ་བཞད་བྱུང་།།
 
དཀར་དམར་བྱུགས་རྫས་སོགས་གདོང་ལ་མ་བསྒོས།།
འབྲོག་སྐད་རྣལ་མ་ཞིག་ངག་ན་སྙན་འདུག།
གཤིས་ཀ་འཇམ་པོ་ཞིག་ངང་གིས་མངོན་པའི།།
ལས་འཕྲད་བུ་མོ་ཁྱོད་ཡིད་དུ་སྡུག་ཨང་།།
 
ཚེ་རབས་ལས་འཕྲོ་ཡི་མདུད་པ་དམ་པོ།།
སྙིང་གི་ཟབ་ས་ནས་གྲོལ་མཁན་མ་རྙེད།།
མ་སྐྱེས་ཁྱོད་ཉིད་ཀྱི་འཛུམ་མདངས་རྣོན་པོས།།
འཁྲེང་ཞེན་ཕྱིར་མིག་ལ་ཡོལ་བ་འཐེན་བྱུང་།།
 
སྔོན་སྨོན་ལས་འབྲས་ཀྱིས་ལྷན་དུ་བསྡུས་པའི།།
ཆ་མེད་རྒྱུས་མེད་ཀྱི་བུ་མོ་ཁྱོད་ལ།།
ཕྱི་གསལ་ནང་གསལ་གྱི་སེམས་པའི་གུར་ན།།
དུངས་བ་གསེར་དངུལ་གྱི་བཞུགས་ཁྲི་བརྒྱབ་ཡོད།།
 
དགོང་ཚོགས་ཐེངས་གཅིག་གི་གོ་སྐབས་མ་གཏོགས།།
ཁ་བརྡ་རིང་མོ་ཞིག་གློད་ཁོམ་མ་བྱུང་།།
བལྟས་ཀྱིན་བལྟས་ཀྱིན་དུ་བློ་ལ་འབབ་པའི།།
ན་ཆུང་བུ་མོ་ཁྱོད་བྱུ་རུའི་མེ་ཏོག།
 
ཨ་གསར་ཁ་ཕོ་ལ་ཁོ་བོ་མི་དགའ།།
ཚུལ་འཆོས་རྫིག་ཉམས་ཀྱང་ཁྱོད་ལ་མེད་འདྲ།།
ག་ལེར་ཕན་ཚུན་ལ་རྒྱུས་མངའ་ལོན་ཚེ།།
བརྩེ་དུང་མེ་ཏོག་ཅིག་བཞད་ན་ཐང་གི།
 
དུངས་བ་དར་དཀར་གྱི་རྨུ་ཐག་རིང་མོ།།
ཁྱོད་སེམས་མཚོ་མོ་ཡི་རྒྱན་དུ་བྲེས་ན།།
སྙིང་གཏམ་མུ་ཏིག་གི་ལྡེ་མིག་ཅིག་གིས།།
མཛའ་བརྩེའི་གསེར་སྒོ་དེ་ཕྱེས་ན་ཆོག་ཨང་།།
 
བུ་མོ་ཁྱོད་ཕྱོགས་ལ་ཤོར་བའི་སེམས་འདི།།
ཕྱི་རུ་འགུག་ཐབས་ཤིག་ཁྱོན་ནས་མི་འདུག།
དགའ་བ་རྣམ་དག་གི་བརྩེ་བའི་འཕྲིན་ལ།།
མིག་ཟུང་ཕྲ་མོ་དེ་རེ་ཞིག་གཏད་རོགས།།
                             ༢༠༡༢.༣.༡༥ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།