ཐོལ་བརྒལ་ལ་རེ་བའི་སེམས་མདངས།

ཁངས་ཆར་ཙག་གི་ཟུག་ཚོར་འགམས་པའི་རྫ་རིའི་བདག་པོ་འབྲོག་གི་བུ།།
ཟོར་ཁེམ་གཤོལ་གྱི་ལྗིད་ཚད་ཁུར་བའི་ཞིང་ས་གོར་མོའི་སོ་ནམ་བུ།།
ལས་དབང་བཙན་པོར་ཐེངས་གཅིག་རྒོལ་ལ་གུ་དོག་བསམ་བློའི་རུམ་ཕྱེས་དང་།།
ང་ཚོས་མཉམ་དུ་ཤེས་བྱའི་མཁའ་ནས་བློ་གྲོས་རྒོད་པོས་རྩལ་ཞིག་ངོམས།།
 
སྐྱུག་རོ་མིད་ལ་མགྲིནལམ་ཡངས་ཤིང་གད་སྙིགས་བསོགས་པའི་སློབ་གསོ་བ།།
ལད་ཟློས་བཤུ་འབྲིའི་ལག་ཟུང་རིང་ཞིང་གཡམ་རྒྱུག་རྒོད་པའི་སྙན་ངག་པ།།
གྲགས་པ་སྐམ་པོར་རེ་བསྙེགས་སྐྱུར་ལ་རྒྱང་གི་རི་ལ་མིག་གཏོད་དང་།།

ནང་བསྟན་སྐྱོན་གྱི་གོང་བུར་སྨྲ་ཞིང་དད་ཟས་དམུར་བའི་སེར་མོ་བ།།
སྲོལ་རྒྱུན་རྗེས་ལུས་གཞི་མར་ལྟ་ཞིང་རིགས་ཞེན་གླེང་བའི་སློབ་ཆེན་པ།།
རྗེས་བཟློས་ཁ་ཆུ་གཙང་མར་ཕྱིས་ལ་ལྟ་སྤྱོད་མཚུངས་པའི་ལས་སྒྲུབས་དང།།

རིགས་ཀྱི་མཚོན་རྟགས་གོས་ལ་རེ་ཞིང་བླ་སྲོག་སྟོར་བའི་མོང་གོལ་བ།།
བོད་དོན་མགྲིན་པའི་མན་ལ་མ་ཐར་ལ་རྒྱ་གླེང་པའི་ཆོལ་གསུམ་པ།།
ཨུ་ཚུགས་སྤར་མོ་ལྷོད་ཀྱིས་ཕྱེས་ལ་གནད་ཀྱི་དོན་པོ་མ་འཕྱུག་དང་།།

མཛད་རྗེས་སྒོར་མོའི་འཇིངས་ལ་འཐིམ་ཞིང་སྒེར་ཤ་རྒྱགས་པའི་དབང་ཆེན་པ།།
གོང་མའི་རྐུབ་ཤར་ཁྱི་ལྕེ་འཕྲོད་ཅིང་བདེན་ལུགས་ཟ་བའི་གཞུང་ལས་པ།།
ངོ་གཉིས་སྐྱི་པགས་ལྷན་དུ་སྦྱོར་ལ་རྒྱུ་འབྲས་ཐེམ་པར་རྐང་ཚུགས་དང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བརྒལ་ལ་རེ་བའི་སེམས་མདངས།

2013-02-08 མདའ་མར་ལོ། ཀློག་གྲངས། མཆན ཡོད།

ཁངས་ཆར་ཙག་གི་ཟུག་ཚོར་འགམས་པའི་རྫ་རིའི་བདག་པོ་འབྲོག་གི་བུ།།
ཟོར་ཁེམ་གཤོལ་གྱི་ལྗིད་ཚད་ཁུར་བའི་ཞིང་ས་གོར་མོའི་སོ་ནམ་བུ།།
ལས་དབང་བཙན་པོར་ཐེངས་གཅིག་རྒོལ་ལ་གུ་དོག་བསམ་བློའི་རུམ་ཕྱེས་དང་།།
ང་ཚོས་མཉམ་དུ་ཤེས་བྱའི་མཁའ་ནས་བློ་གྲོས་རྒོད་པོས་རྩལ་ཞིག་ངོམས།།
 
སྐྱུག་རོ་མིད་ལ་མགྲིནལམ་ཡངས་ཤིང་གད་སྙིགས་བསོགས་པའི་སློབ་གསོ་བ།།
ལད་ཟློས་བཤུ་འབྲིའི་ལག་ཟུང་རིང་ཞིང་གཡམ་རྒྱུག་རྒོད་པའི་སྙན་ངག་པ།།
གྲགས་པ་སྐམ་པོར་རེ་བསྙེགས་སྐྱུར་ལ་རྒྱང་གི་རི་ལ་མིག་གཏོད་དང་།།
ང་ཚོས་མཉམ་དུ་ཤེས་བྱའི་མཁའ་ནས་བློ་གྲོས་རྒོད་པོས་རྩལ་ཞིག་ངོམས།།
 
ནང་བསྟན་སྐྱོན་གྱི་གོང་བུར་སྨྲ་ཞིང་དད་ཟས་དམུར་བའི་སེར་མོ་བ།།
སྲོལ་རྒྱུན་རྗེས་ལུས་གཞི་མར་ལྟ་ཞིང་རིགས་ཞེན་གླེང་བའི་སློབ་ཆེན་པ།།
རྗེས་བཟློས་ཁ་ཆུ་གཙང་མར་ཕྱིས་ལ་ལྟ་སྤྱོད་མཚུངས་པའི་ལས་སྒྲུབས་དང།།
ང་ཚོས་མཉམ་དུ་ཤེས་བྱའི་མཁའ་ནས་བློ་གྲོས་རྒོད་པོས་རྩལ་ཞིག་ངོམས།།
 
རིགས་ཀྱི་མཚོན་རྟགས་གོས་ལ་རེ་ཞིང་བླ་སྲོག་སྟོར་བའི་མོང་གོལ་བ།།
བོད་དོན་མགྲིན་པའི་མན་ལ་མ་ཐར་ལ་རྒྱ་གླེང་པའི་ཆོལ་གསུམ་པ།།
ཨུ་ཚུགས་སྤར་མོ་ལྷོད་ཀྱིས་ཕྱེས་ལ་གནད་ཀྱི་དོན་པོ་མ་འཕྱུག་དང་།།
ང་ཚོས་མཉམ་དུ་ཤེས་བྱའི་མཁའ་ནས་བློ་གྲོས་རྒོད་པོས་རྩལ་ཞིག་ངོམས།།
 
མཛད་རྗེས་སྒོར་མོའི་འཇིངས་ལ་འཐིམ་ཞིང་སྒེར་ཤ་རྒྱགས་པའི་དབང་ཆེན་པ།།
གོང་མའི་རྐུབ་ཤར་ཁྱི་ལྕེ་འཕྲོད་ཅིང་བདེན་ལུགས་ཟ་བའི་གཞུང་ལས་པ།།
ངོ་གཉིས་སྐྱི་པགས་ལྷན་དུ་སྦྱོར་ལ་རྒྱུ་འབྲས་ཐེམ་པར་རྐང་ཚུགས་དང་།
ང་ཚོས་མཉམ་དུ་ཤེས་བྱའི་མཁའ་ནས་བློ་གྲོས་རྒོད་པོས་རྩལ་ཞིག་ངོམས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།