སྲིད་པའི་ཆོས།
འཁོར་བའི་རྩ་བ་མ་རིག་རྟེན་འབྲེལ་གྱི་སྡེ་ཚན།།
སྲིད་པའི་འདོད་ཆགས་ཉིན་མཚན་ཀུན་གྲུབ་ཀྱི་འཁོར་ལོ།།
ཉིན་མོངས་དུག་གསུམ་འགྲོ་དྲུག་ལྷན་སྐྱེས་ཀྱི་ནག་ཆང་།།
མ་དག་ཞིང་ཁམས་དགའ་ལྡན་ཞིང་མཆོག་གི་གཉན་པོ།།
འཁོར་བའི་སྐྱེས་བུ་འཁོར་བས་གང་ཟག་གི་དགྲ་ཟླ།།
དམྱལ་བའི་གྲོང་ཁྱེར་སྡུག་བསྔལ་རྒྱ་མཚོ་ཡི་ཞིང་ཁམས།།
སེར་སྣ་ཆེ་བ་ཡི་དྭགས་སྐྱེས་བྱེད་ཀྱི་སྨོན་ལམ།།
གོ་བ་ཅུང་ཙམ་མེད་པ་དུད་འགྲོ་ཡི་ཆ་ལུགས།།
སྲིད་པའི་སྡུག་བསྔལ་སྐྱེད་པ་འདོད་ཆགས་ཀྱི་ངོ་བོ།།
སེམས་ཁམས་དྲག་ཏུ་འཁྲུག་པ་ཞེ་སྡང་གི་ནད་རིགས།།
རིག་པས་ཚོར་སྣང་མཉམ་པ་གཏི་མུག་གི་འདུལ་བྱ།།
དུག་གསུམ་སྤངས་པར་འདོད་པ་རང་ཉིད་ཀྱི་བདེ་ལམ།།
སྔར་མེད་གསར་དུ་སྐྱེ་བ་ཤ་ཁྲག་གི་རྣམ་ཤེས།།
ལོ་ན་སོན་དང་ཡོལ་བ་རྒ་བ་ཡི་མཚན་ཉིད།།
ན་ཚ་ཆེ་བ་མངོན་སུམ་སྡུག་བསྔལ་གྱི་མེ་འབར།།
འཆི་འམ་འཇིག་པ་སྐད་ཅིག་གཉིས་བ་ཡིས་ངོ་གདོང་།།
2013/10/8ཉིན་པདྨོ་རོང་གི་རང་ཤག་ནས།
རྩོམ་ཁུངས། ངེད་དྲ་བ།