ཐགས་འཐག་འབྲོག་མོ།

ས་ཉལ་རིན་ཆེན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-21

           སྔ་དུམ།

ཁྱེད་སར་ཡོང་ནས་ནོར་ཞིག་འདྲི་ཁུལ་བྱས།།
ཁྱེད་དང་འགྲོགས་ནས་ཁྱིམ་ལ་སོང་བ་ན།།
དཀར་ཡོལ་འབྲུག་གར་ནང་ལ་ཇ་ཞིག་ལྡུད།།
མི་འཐུང་ཟེར་ཞོར་ཁྱེད་ལ་ཀུ་རེ་རྩེས།།
 
མགོ་དཀྲིས་གློ་དམར་བརྒྱབ་པའི་འབྲོག་མོ་མ།།
ཁ་ཐུམ་ཁྲ་ཁྲས་བཏུམ་པའི་འབྲོག་མོ་མ།།
རས་ལྭ་སྐྱ་སྐྱ་གོན་པའི་འབྲོག་མོ་མ།།
བདག་གིས་ནམ་རྒྱུན་ཁྱེད་རང་བརྗེད་རྒྱུ་མེད།།
 
གདོང་ན་མེ་ཏོག་ལྟ་བུའི་འཛུམ་ཞིག་ཡོད།།
བགད་ན་སེར་ཆེན་སྐྱེས་འདྲའི་ཡག་ཅིག་ཡོད།།
སོང་ན་བུང་བ་འཁོར་འདྲའི་ཉམས་ཤིག་ཡོད།།
བཤད་ན་སྦྲང་མ་གྲག་འདྲའི་གདངས་ཤིག་ཡོད།།
 
སྦྲ་ནག་གྲུ་བཞིའི་མཐའ་ན་རྒྱུ་བ་དང་།།
ནོར་ནག་ལྷས་ར་ནང་ན་འགྲོ་བ་དག།
ཉིན་མཚན་དུས་དྲུག་ཀློང་ནས་དོར་མེད་རེད།།
ཅི་བྱས་བྱ་བ་བསྒྲུབས་རུང་བརྗེད་མེད་རེད།།
 
རང་དོན་སྤྱི་དོན་གང་ཞིག་བསྒྲུབས་ན་ཡང་།།
རང་དབང་འགྲོ་ལམ་ཕྲ་ཞིང་དོག་ན་ཡང་།།
རང་ཁ་རང་གི་སོས་ཐབས་མེད་ན་ཡང་།།
ཐག་འཐག་འབྲོག་མོ་ནམ་ཡང་བརྗེད་མེད་རེད།།
 
གཞན་གསོས་བུ་འདི་བོད་ལ་ཕེབས་ཉིན་དེར།།
སྨིན་དྲུག་ཁྲ་མོ་ས་མཐའ་འཁྱམས་ཉིན་རེད།།
ཐག་འཐག་འབྲོག་མོ་མིག་གི་མཐོང་ཉིན་དེར།།
བུ་ང་ཞེན་ཆགས་ལྕི་མོ་ཡོད་ཉིན་རེད།།
 
དབྱར་གསུམ་ལོ་ཟླ་སྨུག་དང་བྲལ་མེད་རེད།།
སྦྲ་ནག་གཞིས་ཁྱིམ་དེ་དང་གཞར་མེད་རེད།།
སྨན་ཆུང་འབྲོག་མོ་འབྲི་མོར་འགྲོགས་དུས་རེད།།
སྟག་ཤར་གཞོན་ནུས་ལུག་ཁྱུ་འཚོ་དུས་རེད།།
 
སྦྲ་ནག་གྲུ་བཞི་ཞིག་གི་སྒོ་ཁ་ན།།
གཡས་གྱི་ཆོན་ཐག་གཉིས་ཀྱི་བར་གསེབ་ན།།
ཐགས་འཐག་འབྲོག་མོ་ཐགས་རན་ཡོད་ལེ་ཞིག།
མ་རྒན་བུ་མོ་དང་བཅས་ལྷན་ཏུ་གནས།།
 
ཨ་ཕོས་རྫ་སྒང་རི་ན་ལུག་རྫི་བྱེད།།
ཨ་མས་ལྷས་ར་ནང་ན་ལྕི་འཕུལ་ལས།།
ནུ་བོས་རྒྱ་ནག་ཁྲོམ་ན་སློབ་གྲྭ་འགྲིམ།།
ཐག་འཐག་འབྲོག་མོ་ཁེར་མོ་ཡུལ་ན་ཡོད།།
 
དེ་རིང་ཁྱེད་དང་འགྲོགས་ནས་འདུག་ཁོམ་མེད།།
ལྷག་ཏུ་དེ་དགོང་ང་རང་ཡོང་ཁོམ་མེད།།
རྗེས་ཕྱོགས་ཁྱེད་དང་འབྲེལ་འདྲིས་ཟབ་གྱུར་ན།།
ད་དུང་བདག་གིས་ཁྱོད་ལ་གཅེས་ཞིང་བཀུར།།
               ༢༠༡༢   ༦   ༡༦ཉིན་དབྱར་ས་ནས་བྲིས་སོ།།
 
            ཕྱི་དུམ
 
ཞལ་གྱི་སྨིན་མ་འགུལ་ཙམ་འགུལ་ཙམ་མིག་སྤུ་གཟེངས་ཞོར་ཚུར་ལ་བལྟ།།
མགོ་ཡི་སྐྲ་ལོ་གནག་སྣུམ་སྣུམ་དུ་རྒྱབ་གཞོང་ཐུར་ལ་ཤད་སེ་དཔྱངས།།
ཤངས་ཀྱི་ཁུང་གཉིས་སྟོང་སང་ངེ་ལ་སུ་ཞིག་ཨེ་འབུད་སྙིང་ཁ་ལྡིང་།།
ཅོར་ཅོར་རྣ་བ་ཀླས་མཐར་བསྲིངས་ཞོར་ང་སར་འཁོར་ནས་མནན་གྱིས་ཉན།།
ཁ་ཤ་སྲབ་པོ་ཐད་དུ་འདའ་ནས་ཚེམས་ཕྲེང་མུ་ཏིག་ཕྲེང་བར་མཚུངས།།
 
སྐེ་འདའ་ཕྲ་མོ་བྱུ་རུས་གཡོགས་ནས་རྣ་ཐོག་དང་བཅས་ཤག་སྒྲ་སྒྲོག།
བྲང་གཞུང་ནུ་ཟུང་ཐུར་དུ་གནར་ནས་སྣེ་མོ་ཐགས་དང་སྦྲེལ་ནས་འདུག།
ཚར་དཀར་བོད་ལྭ་སྐེད་པར་བཅིངས་ནས་སྐ་རགས་གློ་དམར་རླུང་ལ་བསྐྱོད།།
སྦྲ་ནག་གྲུ་བཞིའི་སྒོ་འགྲམ་ཞིག་ན་ཐགས་འཐག་ལས་ཀ་ལྕི་མོ་ལས།།
བོད་ཀྱི་བུ་མོ་ངོ་མ་ཞིག་ལ་འཛོམས་གསུམ་འཛོམས་རྒྱུ་ཁྱེད་ལ་འཛོམས།།
 
འཛུམ་ཞལ་གདོང་ནས་པད་མོ་མངོན་པས་མེ་ཏོག་གླིང་གི་སྲས་མོ་ཁྱེད།།
སེར་ཆེན་སྟོང་གི་བདག་མོ་ལྟ་བུའི་ལས་དང་དབང་ཆ་དེ་འདྲ་གདའ།།
བུང་བ་ཁྲི་ཡི་མིག་གིས་མི་གཏོང་དྲི་ཞིམ་ནམ་རྒྱུན་སྣ་ལམ་ཁྱབ།།
ས་མཐར་འཁྱམས་པའི་སྦྲང་ཕྲུག་ང་ཡིས་མེ་ཏོག་ཁྱེད་ནི་ཡིད་དུ་སྒོམས།།
སྒོམས་ཀྱིན་སྒོམས་ཀྱིན་འདི་རུ་ཐོན་ནས་ད་ཆ་ཁྱེད་དང་མཉམ་ཏུ་གནས།།
 
ནག་པོ་སྦྲ་ཡི་ནང་ཁྱིམ་དེ་ན་ས་དམར་ཐམ་ཀའི་བདག་མོར་མཛད།།
དཀར་ནག་ཕྱུགས་ཁྱུའི་ལྷས་ར་ནང་ན་ཐུལ་དཀར་འབྲི་མོའི་བདག་མོར་མཛད།།
གསོམ་སྐོར་བཞོ་ཟོས་ལག་ཏུ་བཟུང་ནས་འོ་སྤྲི་མངར་མོའི་བདག་མོར་མཛད།།
ཕ་དང་ཨ་ཁུར་བཀྲེས་སྐོམ་ཡོད་མེད་ཇ་དམ་བ་མའི་བདག་མོར་མཛད།།
ཐགས་འཐག་འབྲོག་མོའི་གཤིས་ཀ་མཐོང་ན་ཡིད་དབང་འཕྲོག་པའི་རྣམས་པ་ཞིག།
 
ཐགས་ཁྲིས་གཅིག་གི་མགོ་རྔ་དེ་ན་བུ་མོ་དེ་གའི་རྔུལ་ཆུ་བཞུར།།
ཐགས་རིན་ཡོད་མེད་ཁོ་མོའི་སེམས་ན་ད་ཆ་ངོ་མ་ཁྲིགས་ཁྲིགས་ཡིན།།
ཁ་ཚུབས་འདོམ་པ་བཅུ་གཉིས་འཐག་ན་ཉིན་མོ་གསུམ་ལས་དགོས་ས་མིན།།
གཡུགས་དང་ལས་ཀ་མྱུར་མོ་མགྱོགས་མོ་རླུང་བུ་ཞིག་དང་འགྲོགས་ནས་རྒྱུ།།
ཨ་ཨ་འདི་འདྲ་འབྲོག་མོ་ཞིག་ནི་ད་རག་བར་ཏུ་མཐོང་མྱོང་མེད།།
 
ཉིན་བཟང་སྐར་བཟང་དུས་བཟང་ཞིག་ལ་ཐགས་ཁྲིས་གཅིག་ནི་འཐག་རོགས་བྱས།།
ལོ་བཟང་ཟླ་བཟང་དབྱར་གཞུང་ཞིག་ལ་མོ་དང་མཉམ་འགྲོ་མཉམ་འདུག་བྱས།།
ཐ་ན་ཉིན་མོ་ངེད་གཉིས་ལྷན་ཏུ་ལུག་ཁྱུའི་མཐའ་ནས་རྩེད་དགོད་རོལ།།
ཡང་ན་མཚན་མོ་མལ་སའི་ནང་ནས་བརྩེ་བའི་རོ་མངར་མང་དུ་རོལ།།
གང་ལྟར་ཐགས་འཐག་འབྲོག་མོ་དེ་ལ་ནམ་ཡང་ངས་ནི་དགའ་འོ་སྙམ།།
                                       ༢༠༡༢    ༦  ༡༧ཉིན་དབྱར་ས་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐགས་འཐག་འབྲོག་མོ།

2013-12-21 ས་ཉལ་རིན་ཆེན་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།