འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།
མཁའ་འཕུར་བྱ་རིགས་ཡོད་ཚད་གཟེབ་ཏུ་བཅུག།
རི་སྐྱེས་སྲོག་ཆགས་ལྷག་པ་རི་བོང་རྭ།།
ཆུ་ནང་ཉ་སྲམ་ཡོད་ཚད་ཟོས་ནས་ཚར།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
ལྷུན་པོའི་རི་ཡི་གཏེར་ཁ་འཕྲོག་ནས་སོང་།།
རྒྱ་རྫོང་ནགས་ཀྱི་ཤིང་རྒྱུ་རྫོགས་ནས་ཚར།།
མཛེས་པའི་སྤང་གི་རྩྭ་སྨན་བཅོམ་ནས་ཟད།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
ཁ་ཡག་ངོ་བསྟོད་རྒྱུན་གྱི་གཤིས་སུ་སོང་།།
ཨ་གསར་གཡོ་སྒྱུ་ཀུན་གྱི་ལས་སུ་གྲུབ།།
སྒོར་གྱི་དོན་དུ་ཕ་གཞིས་བརླགས་ནས་ཚར།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
སྟོན་པའི་ཆོས་ལ་ངོ་ལོག་བྱེད་པ་དང་།།
སྲོག་རྒྱུན་དེང་རབས་གང་ཡིན་རྡོག་བརྫིས་གཏང་།།
རིག་པའི་སྙིང་བོ་ཕུ་མདའ་བར་བཀྲུགས་བྱས།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
རིགས་དང་རུས་ཀྱི་བར་ནས་འདྲ་མཉམ་རྩོད།།
སྡེ་བ་སྡེ་བའི་བར་ནས་རྩྭ་ཆུ་རྩོད།།
ཁྱིམ་ཚང་ཁྱིམ་མཚེས་བར་ན་ཆུ་ལམ་རྩོད།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
ཆོས་ལུགས་ཆོས་ལུགས་བར་ནས་ཞེ་འཁོན་རྒོད།།
སློབ་གསོ་སློབ་གསོའི་སྡེ་ན་ཕྲག་དོག་མཆེད།།
སྤྱི་ཚོགས་སྤྱི་ཚོགས་བར་ན་རྙོག་འཛིང་འབར།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
རྒྱ་རྫོང་ནགས་ཀྱི་ཤིང་རྒྱུ་རྫོགས་ནས་ཚར།།
མཛེས་པའི་སྤང་གི་རྩྭ་སྨན་བཅོམ་ནས་ཟད།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
ཁ་ཡག་ངོ་བསྟོད་རྒྱུན་གྱི་གཤིས་སུ་སོང་།།
ཨ་གསར་གཡོ་སྒྱུ་ཀུན་གྱི་ལས་སུ་གྲུབ།།
སྒོར་གྱི་དོན་དུ་ཕ་གཞིས་བརླགས་ནས་ཚར།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
སྟོན་པའི་ཆོས་ལ་ངོ་ལོག་བྱེད་པ་དང་།།
སྲོག་རྒྱུན་དེང་རབས་གང་ཡིན་རྡོག་བརྫིས་གཏང་།།
རིག་པའི་སྙིང་བོ་ཕུ་མདའ་བར་བཀྲུགས་བྱས།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
རིགས་དང་རུས་ཀྱི་བར་ནས་འདྲ་མཉམ་རྩོད།།
སྡེ་བ་སྡེ་བའི་བར་ནས་རྩྭ་ཆུ་རྩོད།།
ཁྱིམ་ཚང་ཁྱིམ་མཚེས་བར་ན་ཆུ་ལམ་རྩོད།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
ཆོས་ལུགས་ཆོས་ལུགས་བར་ནས་ཞེ་འཁོན་རྒོད།།
སློབ་གསོ་སློབ་གསོའི་སྡེ་ན་ཕྲག་དོག་མཆེད།།
སྤྱི་ཚོགས་སྤྱི་ཚོགས་བར་ན་རྙོག་འཛིང་འབར།།
འཇིག་རྟེན་མི་ཡིས་རང་ཚོད་འཛིན་རན་རེད།།
རྩོམ་ཁུངས། ངེད་དྲ་བ།