དགོང་ཀ་དང་སྙན་ངག་གི་རྦ་རླབས།

 

 

ཉི་མ་ནུབ་ཕྱོགས་ཀྱི་རི་རྩེར་འགྲོ་དུས།།
སྤང་ནས་གྲིབ་བརྙན་ཞིག་ཡོལ་ཡོལ་འགུལ་བྱུང་།།
སེམས་པའི་བར་ལྗོངས་ཀྱི་གློ་བ་དམར་པོ།།
དཀོན་ཅོག་ཡང་དག་ཚོའི་ཐུ་སྣེར་བཏགས་ཡོད།།
 
ཅོ་ཏོའི་འཕྲ་རྒྱན་ལ་ཟླ་བ་བཙུགས་པའི།།
 དབང་ཕྱུག་ནག་པོ་ཡི་ཞལ་ཁེབ་བཀྱགས་ཏེ།།
ཏི་སེའི་ལམ་ཡིག་ལ་ཐེའུ་ཞིག་ཞུས་ན།།
བྲན་གཡོག་ཁ་ཐད་ལས་དགོས་སྙམ་མེད་འདྲ།།
 
ཉི་མའི་གདུང་བྱེད་ཀྱིས་སྐེམ་སྐེམ་བཞུ་བའི།།
གངས་རི་ཕྱེ་མར་འདྲའི་ལ་ཐོད་རལ་དུས།།
འཇམ་རླུང་དྭངས་མོ་ཡིས་སིལ་སིལ་སྒུལ་བའི།།
དབུ་ཡི་སྐྲ་ལོ་ལ་སེ་མདའ་བབ་སོང་།།
 
གཙང་བོའི་རབས་ཁ་ན་ཞགས་གཅིག་ལྷུང་བས།།
རྡོ་བ་སྨུག་སྨུག་དག་ཕར་ཙམ་འཁྱུག་སོང་།།
ལྗོན་པ་དཀར་པོ་ཞིག་ཐང་དུ་འགྲེམ་ན།།
སྤྲིན་པ་དཀར་པོ་ཡི་ཞོ་ཞིག་ཆགས་རེད།།
 
ནུབ་མཐའི་སྤྲིན་པ་འདི་ནག་ནག་ཡིན་ཡང་།།
སྤྲིན་མཐའི་ཁ་ཁྱུ་དག་ཤིང་བལ་འདྲ་བས།།
གནམ་གྱི་ཕྱེད་ཀ་ན་སིང་སིང་འགུལ་དུས།།
ཚོར་བའི་ཡོལ་གྲུ་དེ་ཇེ་མཐོར་སྐྱོད་འགྲོ།།
 
སྟོན་ཀའི་རྩྭ་རྩེ་ལ་སེར་ཐིག་བབ་དུས།།
ཡིད་ཀྱི་ཟེགས་མ་ཞིག་འབྱམས་སུ་ཀླས་པས།།
སྣང་བ་རབ་གསལ་གྱི་རླུང་ཡན་འཇམ་པོ།།
སྒྱུ་མའི་ནགས་ཁྲོད་ན་ལྟད་མོར་འཁྱམས་སོང་།།
 
ལ་བ་རྣ་རིང་ལ་ཁ་ཐེགས་བོར་བའི།།
གཤིན་རྗེའི་ཁྲིམས་ར་ཡི་ཐུབ་པ་ནག་པོས།།
ཀ་ཁའི་དབྱངས་འགྲོས་དག་ཐ་གུས་བཏོད་དེ།།
ལྕགས་མཁར་སྒོ་མེད་ན་བུ་ལོན་འཇལ་འདུག །
 
 མིག་ཟུང་རབ་རིབ་ཀྱི་སྣང་བ་ནག་ནོག །
སོ་སྐྱེའི་རྨི་ལམ་གྱི་འཁྲུལ་སྒྱུ་ཡིན་ཡང་།།
དབེན་པའི་ནགས་ཁྲོད་ན་སྙན་ངག་སྒོམ་མཁན།།
སྒྱུ་མའི་འཇའ་ལམ་གྱི་ཡུལ་གྱར་ཡིན་རེད།།
 
དར་གོས་ལྗང་གུ་ལ་ཁྲ་ཚོམ་བཀོད་དེ།།
རི་བོའི་གཅིན་པ་རུ་ཁྲག་རྩི་ལྷུང་པ།།
སྐྱེ་དགུ་བདག་པོ་ཡི་དོར་མཐར་འགོས་ཀྱང་།།
ང་ལ་སྙན་ངག་གི་རྣ་ལུང་ལྷག་འདུག །  
 
ཇ་ཤིང་མེ་ཏོག་གི་རྣ་ལོར་འཇུས་པའི།།
རྭ་ཅོ་ཤང་ཤང་གི་ཤ་སྦྲང་ཡིན་འདྲའི།།
ང་ཡི་དཔུང་པ་ནས་དམུག་དམུག་གཏང་བའི།།
ས་འབུ་གྲོག་མ་ཚོར་མིག་དབང་ཡོད་འདྲ།།
 
ཆུང་གྲོགས་ལྷ་མོ་འདྲའི་རྩི་ཏོག་དཀར་དམར།།
རིག་འཛིན་གོང་མ་ཚོའི་ཤུལ་ལམ་བསྙེགས་ཏེ།།
ངུར་སྨྲིག་རྒྱལ་མཚན་གྱི་བླ་གོས་གཟར་འདྲའི། །
རན་སྙེའི་ཕོན་པོ་ཞིག་རི་ཞོལ་བཀྲམ་འདུག །
 
དཔའ་བོའི་མདུང་དར་བཞིན་སྤུ་ལོ་དམར་ཅིང་།།
ཁ་བའི་དར་གོས་ལ་སྒུག་སྙིང་འདོད་པའི།།
རི་ཁུད་ཉག་མ་ཡི་ལྕུག་ཕྲན་ཆུན་པོ།།
མཚོ་ཏིང་བྱུ་རུ་ཡི་འཁྲི་ཤིང་ཡིན་འདྲ།།
 
རྒྱང་རིང་རྒྱང་རིང་གི་མུན་པ་བན་བུན།།
རི་རྩེའི་སྨུག་པ་ཞིག་ཡིན་སྙམ་དོད་ཀྱང་།།
གནམ་གྱི་མེ་ལོང་འདི་ཀྲག་ཀྲག་རྡུང་བས།།
ཆར་བའི་སྒྲ་དབྱངས་ཤིག་སིང་སིང་གྲགས་སོང་།།
 
འབྲོག་པའི་རུ་སྡེ་ཡི་སྦྲ་གུར་ཀླད་ནས།།
དུ་བའི་བརྐྱང་ཟམ་ཞིག་ལྷ་ཡུལ་བཙུགས་པས།།
ལྷ་སྲིན་སྡེ་བརྒྱད་ལ་མཆོད་ཁ་འཕེན་པའི།།
དྲི་ཞིམ་མེ་ཏོག་ཞིག་སྦྲ་སྒོར་བཞད་སོང་།།
 
ལུང་ཆུང་གཡས་གཡོན་འདི་ཁྱོ་ཤུག་ཡིན་ན།།
རྐང་པའི་མལ་སྟན་ལ་སྔས་ཙམ་བྱས་ཏེ།
ཆུ་ཆུང་སྣ་རིང་གཉིས་སྒྲོ་གུ་བརྒྱབས་པ།།
སྲིད་པའི་ཕུན་ཚོགས་ལ་ཧུབ་ཅིག་བྱས་འདྲ།།
 
                              2013/09/22
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགོང་ཀ་དང་སྙན་ངག་གི་རྦ་རླབས།

2013-12-04 དབའ་བཀྲ། ཀློག་གྲངས། མཆན ཡོད།

 

 

ཉི་མ་ནུབ་ཕྱོགས་ཀྱི་རི་རྩེར་འགྲོ་དུས།།
སྤང་ནས་གྲིབ་བརྙན་ཞིག་ཡོལ་ཡོལ་འགུལ་བྱུང་།།
སེམས་པའི་བར་ལྗོངས་ཀྱི་གློ་བ་དམར་པོ།།
དཀོན་ཅོག་ཡང་དག་ཚོའི་ཐུ་སྣེར་བཏགས་ཡོད།།
 
ཅོ་ཏོའི་འཕྲ་རྒྱན་ལ་ཟླ་བ་བཙུགས་པའི།།
 དབང་ཕྱུག་ནག་པོ་ཡི་ཞལ་ཁེབ་བཀྱགས་ཏེ།།
ཏི་སེའི་ལམ་ཡིག་ལ་ཐེའུ་ཞིག་ཞུས་ན།།
བྲན་གཡོག་ཁ་ཐད་ལས་དགོས་སྙམ་མེད་འདྲ།།
 
ཉི་མའི་གདུང་བྱེད་ཀྱིས་སྐེམ་སྐེམ་བཞུ་བའི།།
གངས་རི་ཕྱེ་མར་འདྲའི་ལ་ཐོད་རལ་དུས།།
འཇམ་རླུང་དྭངས་མོ་ཡིས་སིལ་སིལ་སྒུལ་བའི།།
དབུ་ཡི་སྐྲ་ལོ་ལ་སེ་མདའ་བབ་སོང་།།
 
གཙང་བོའི་རབས་ཁ་ན་ཞགས་གཅིག་ལྷུང་བས།།
རྡོ་བ་སྨུག་སྨུག་དག་ཕར་ཙམ་འཁྱུག་སོང་།།
ལྗོན་པ་དཀར་པོ་ཞིག་ཐང་དུ་འགྲེམ་ན།།
སྤྲིན་པ་དཀར་པོ་ཡི་ཞོ་ཞིག་ཆགས་རེད།།
 
ནུབ་མཐའི་སྤྲིན་པ་འདི་ནག་ནག་ཡིན་ཡང་།།
སྤྲིན་མཐའི་ཁ་ཁྱུ་དག་ཤིང་བལ་འདྲ་བས།།
གནམ་གྱི་ཕྱེད་ཀ་ན་སིང་སིང་འགུལ་དུས།།
ཚོར་བའི་ཡོལ་གྲུ་དེ་ཇེ་མཐོར་སྐྱོད་འགྲོ།།
 
སྟོན་ཀའི་རྩྭ་རྩེ་ལ་སེར་ཐིག་བབ་དུས།།
ཡིད་ཀྱི་ཟེགས་མ་ཞིག་འབྱམས་སུ་ཀླས་པས།།
སྣང་བ་རབ་གསལ་གྱི་རླུང་ཡན་འཇམ་པོ།།
སྒྱུ་མའི་ནགས་ཁྲོད་ན་ལྟད་མོར་འཁྱམས་སོང་།།
 
ལ་བ་རྣ་རིང་ལ་ཁ་ཐེགས་བོར་བའི།།
གཤིན་རྗེའི་ཁྲིམས་ར་ཡི་ཐུབ་པ་ནག་པོས།།
ཀ་ཁའི་དབྱངས་འགྲོས་དག་ཐ་གུས་བཏོད་དེ།།
ལྕགས་མཁར་སྒོ་མེད་ན་བུ་ལོན་འཇལ་འདུག །
 
 མིག་ཟུང་རབ་རིབ་ཀྱི་སྣང་བ་ནག་ནོག །
སོ་སྐྱེའི་རྨི་ལམ་གྱི་འཁྲུལ་སྒྱུ་ཡིན་ཡང་།།
དབེན་པའི་ནགས་ཁྲོད་ན་སྙན་ངག་སྒོམ་མཁན།།
སྒྱུ་མའི་འཇའ་ལམ་གྱི་ཡུལ་གྱར་ཡིན་རེད།།
 
དར་གོས་ལྗང་གུ་ལ་ཁྲ་ཚོམ་བཀོད་དེ།།
རི་བོའི་གཅིན་པ་རུ་ཁྲག་རྩི་ལྷུང་པ།།
སྐྱེ་དགུ་བདག་པོ་ཡི་དོར་མཐར་འགོས་ཀྱང་།།
ང་ལ་སྙན་ངག་གི་རྣ་ལུང་ལྷག་འདུག །  
 
ཇ་ཤིང་མེ་ཏོག་གི་རྣ་ལོར་འཇུས་པའི།།
རྭ་ཅོ་ཤང་ཤང་གི་ཤ་སྦྲང་ཡིན་འདྲའི།།
ང་ཡི་དཔུང་པ་ནས་དམུག་དམུག་གཏང་བའི།།
ས་འབུ་གྲོག་མ་ཚོར་མིག་དབང་ཡོད་འདྲ།།
 
ཆུང་གྲོགས་ལྷ་མོ་འདྲའི་རྩི་ཏོག་དཀར་དམར།།
རིག་འཛིན་གོང་མ་ཚོའི་ཤུལ་ལམ་བསྙེགས་ཏེ།།
ངུར་སྨྲིག་རྒྱལ་མཚན་གྱི་བླ་གོས་གཟར་འདྲའི། །
རན་སྙེའི་ཕོན་པོ་ཞིག་རི་ཞོལ་བཀྲམ་འདུག །
 
དཔའ་བོའི་མདུང་དར་བཞིན་སྤུ་ལོ་དམར་ཅིང་།།
ཁ་བའི་དར་གོས་ལ་སྒུག་སྙིང་འདོད་པའི།།
རི་ཁུད་ཉག་མ་ཡི་ལྕུག་ཕྲན་ཆུན་པོ།།
མཚོ་ཏིང་བྱུ་རུ་ཡི་འཁྲི་ཤིང་ཡིན་འདྲ།།
 
རྒྱང་རིང་རྒྱང་རིང་གི་མུན་པ་བན་བུན།།
རི་རྩེའི་སྨུག་པ་ཞིག་ཡིན་སྙམ་དོད་ཀྱང་།།
གནམ་གྱི་མེ་ལོང་འདི་ཀྲག་ཀྲག་རྡུང་བས།།
ཆར་བའི་སྒྲ་དབྱངས་ཤིག་སིང་སིང་གྲགས་སོང་།།
 
འབྲོག་པའི་རུ་སྡེ་ཡི་སྦྲ་གུར་ཀླད་ནས།།
དུ་བའི་བརྐྱང་ཟམ་ཞིག་ལྷ་ཡུལ་བཙུགས་པས།།
ལྷ་སྲིན་སྡེ་བརྒྱད་ལ་མཆོད་ཁ་འཕེན་པའི།།
དྲི་ཞིམ་མེ་ཏོག་ཞིག་སྦྲ་སྒོར་བཞད་སོང་།།
 
ལུང་ཆུང་གཡས་གཡོན་འདི་ཁྱོ་ཤུག་ཡིན་ན།།
རྐང་པའི་མལ་སྟན་ལ་སྔས་ཙམ་བྱས་ཏེ།
ཆུ་ཆུང་སྣ་རིང་གཉིས་སྒྲོ་གུ་བརྒྱབས་པ།།
སྲིད་པའི་ཕུན་ཚོགས་ལ་ཧུབ་ཅིག་བྱས་འདྲ།།
 
                              2013/09/22
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།