སྙིང་ཁར་ལྡང་བའི་དངན་པ།

 

 

ཆུ་མོའི་ཟོལ་གྱིས་འབབ་པའི།།
སྙིང་གི་ངོས་སུ་འབབ་པའི།།
བདེན་པའི་བདེ་བ་སྩོལ་བའི།།
བདག་གི་བདག་པོ་དགོངས་ཤིག།

དིང་རུའི་གླིང་བུ་ཕྲ་མོ།།
འབུད་ཙམ་འབུད་ཙམ་བྱས་པས།།
ཚེ་ཡི་སྣང་བ་མོག་པོ།།
ཚོར་བའི་པང་དུ་གཉིད་བྱུང་།།

དབྱངས་ཀྱི་འོ་མ་འདི་ཉིད།།
མགྲིན་པའི་སྦུག་ལས་བབས་སོ།།
ཚིག་གི་འབྲུ་མ་དེ་ཉིད།།
ལྗགས་ཀྱི་འདབ་ལས་མཆེད་དོ།།

སྣང་བ་འུབས་ཀྱིས་བསྡུས་པས།།
རྟོག་པའི་རྒྱ་དེ་འཐོར་སོང་།།
ཨ་གསར་ཕར་ལ་བདའ་བས།།
ཞེན་པའི་མཁར་དེ་ཉིལ་སོང་།།

ཚོགས་དྲུག་སྣང་བ་བཟི་ཡོད།།
ཁྱེད་ཀྱི་མཐུ་ཡིས་བཟི་ཡོད།།
བཟི་དེའི་བཟི་ཁ་བཙན་པས།།
བཙན་པོ་རབ་ཏུ་ཁྲོས་འདུག།

རླུང་བུ་ཤིག་ཤིག་ལྡང་སྟེ།།
སྐྲ་ལོར་བྱིལ་བྱིལ་གཏོང་བའི།།
རི་ཆེན་རི་རྩེ་དེ་རུ།།
རེ་བའི་རི་དར་བསྒྲེངས་ཡོད།།

འཆི་བའི་བརྡ་ཞིག་ཐོན་ཏེ།།
གསོན་པའི་སྒོ་ཐེམ་བཅད་ཀྱང་།།
ཅང་མེད་མི་བུའི་མིག་ལ།།
མི་རན་པ་ཞིག་མེད་ཟེར།།

བརྩེ་བའི་དྭངས་མ་ཞིག་གིས།།
ཤེས་པ་སྦྲིད་དུ་བཅུག་སྟེ།།
ཤིང་ལོའི་བསིལ་གྲིབ་འོག་ཏུ།།
འོན་པའི་བཟོ་ལྟ་བཟུང་འདུག།

ལོ་ཟླའི་ར་མདའ་བསླེབས་ཀྱང་།།
ལེ་ལན་ལར་ནས་མེད་དོ།།
ལས་དབང་ལས་དབང་ཟེར་ཞོར།།
སྙིམ་པ་བྲང་ལ་གཏད་དོ།།

འདུག་དུས་མིག་ལ་སྣང་བའི།།
འགྲོ་དུས་ཤུལ་དུ་བསྐྱུར་བའི།།
ང་ཡི་རི་ལུང་ཐང་གསུམ།།
ང་ཡི་ཕ་མ་ཡིན་ནོ།།

ལག་པས་ཕར་ལ་ཀློད་ཀྱང་།།
སེམས་པས་ཀློད་ཐབས་དཀའ་འོ།།
དཀའ་བའི་དཀའ་ཚད་དེ་ཡིས།།
དཀའ་སྡུག་རི་མོ་བཞེངས་ཡོད།།

བྱང་གི་གནམ་མཚོའི་འགྲམ་དུ།།
གནའ་གཏམ་མལ་དུ་བཏིང་སྟེ།།
མོག་མོག་འཚོ་བ་ཙམ་གྱིས།།
ལུས་སེམས་འཚེངས་ཏེ་གཉིད་འདུག།

མང་པོ་བཤད་ཀྱང་ཅི་དགོས།།
སོ་སོའི་སེམས་ལ་གསལ་འདུག།
མ་བཤད་ན་ཡང་འགྲིག་ཀྱང་།།
ངག་གི་རྩ་མདུད་གྲོལ་སོང་།།
        2013 10 1
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ཁར་ལྡང་བའི་དངན་པ།

2013-11-28 ཞོགས་འོད། ཀློག་གྲངས། མཆན ཡོད།

 

 

ཆུ་མོའི་ཟོལ་གྱིས་འབབ་པའི།།
སྙིང་གི་ངོས་སུ་འབབ་པའི།།
བདེན་པའི་བདེ་བ་སྩོལ་བའི།།
བདག་གི་བདག་པོ་དགོངས་ཤིག།

དིང་རུའི་གླིང་བུ་ཕྲ་མོ།།
འབུད་ཙམ་འབུད་ཙམ་བྱས་པས།།
ཚེ་ཡི་སྣང་བ་མོག་པོ།།
ཚོར་བའི་པང་དུ་གཉིད་བྱུང་།།

དབྱངས་ཀྱི་འོ་མ་འདི་ཉིད།།
མགྲིན་པའི་སྦུག་ལས་བབས་སོ།།
ཚིག་གི་འབྲུ་མ་དེ་ཉིད།།
ལྗགས་ཀྱི་འདབ་ལས་མཆེད་དོ།།

སྣང་བ་འུབས་ཀྱིས་བསྡུས་པས།།
རྟོག་པའི་རྒྱ་དེ་འཐོར་སོང་།།
ཨ་གསར་ཕར་ལ་བདའ་བས།།
ཞེན་པའི་མཁར་དེ་ཉིལ་སོང་།།

ཚོགས་དྲུག་སྣང་བ་བཟི་ཡོད།།
ཁྱེད་ཀྱི་མཐུ་ཡིས་བཟི་ཡོད།།
བཟི་དེའི་བཟི་ཁ་བཙན་པས།།
བཙན་པོ་རབ་ཏུ་ཁྲོས་འདུག།

རླུང་བུ་ཤིག་ཤིག་ལྡང་སྟེ།།
སྐྲ་ལོར་བྱིལ་བྱིལ་གཏོང་བའི།།
རི་ཆེན་རི་རྩེ་དེ་རུ།།
རེ་བའི་རི་དར་བསྒྲེངས་ཡོད།།

འཆི་བའི་བརྡ་ཞིག་ཐོན་ཏེ།།
གསོན་པའི་སྒོ་ཐེམ་བཅད་ཀྱང་།།
ཅང་མེད་མི་བུའི་མིག་ལ།།
མི་རན་པ་ཞིག་མེད་ཟེར།།

བརྩེ་བའི་དྭངས་མ་ཞིག་གིས།།
ཤེས་པ་སྦྲིད་དུ་བཅུག་སྟེ།།
ཤིང་ལོའི་བསིལ་གྲིབ་འོག་ཏུ།།
འོན་པའི་བཟོ་ལྟ་བཟུང་འདུག།

ལོ་ཟླའི་ར་མདའ་བསླེབས་ཀྱང་།།
ལེ་ལན་ལར་ནས་མེད་དོ།།
ལས་དབང་ལས་དབང་ཟེར་ཞོར།།
སྙིམ་པ་བྲང་ལ་གཏད་དོ།།

འདུག་དུས་མིག་ལ་སྣང་བའི།།
འགྲོ་དུས་ཤུལ་དུ་བསྐྱུར་བའི།།
ང་ཡི་རི་ལུང་ཐང་གསུམ།།
ང་ཡི་ཕ་མ་ཡིན་ནོ།།

ལག་པས་ཕར་ལ་ཀློད་ཀྱང་།།
སེམས་པས་ཀློད་ཐབས་དཀའ་འོ།།
དཀའ་བའི་དཀའ་ཚད་དེ་ཡིས།།
དཀའ་སྡུག་རི་མོ་བཞེངས་ཡོད།།

བྱང་གི་གནམ་མཚོའི་འགྲམ་དུ།།
གནའ་གཏམ་མལ་དུ་བཏིང་སྟེ།།
མོག་མོག་འཚོ་བ་ཙམ་གྱིས།།
ལུས་སེམས་འཚེངས་ཏེ་གཉིད་འདུག།

མང་པོ་བཤད་ཀྱང་ཅི་དགོས།།
སོ་སོའི་སེམས་ལ་གསལ་འདུག།
མ་བཤད་ན་ཡང་འགྲིག་ཀྱང་།།
ངག་གི་རྩ་མདུད་གྲོལ་སོང་།།
        2013 10 1
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།