ཚད་མའི་སྐྱེས་བུ་དམ་པ་ཡང་གཅིག་དྲན།

        རིང་ནས་རྨོངས་ཤིང་འཁྲུལ་བའི་འགྲོ་བ་འདིར།།
        ཡུན་ནས་བླུན་ཞིང་གོལ་བའི་སེམས་ཅན་འདིར།།
        སད་བརྡའི་དྲིལ་ཆེན་ཐོག་མར་རྡུང་བྱེད་པ།།
        ས་ཆེན་སངས་རྒྱས་ཁྱེད་ལ་སེམས་ནས་འདུད།།
 
        ཁྱེད་ཉིད་འགྲོ་བ་དྲུག་པོའི་མ་རུ་གསོལ།།
        ཁྱེད་ཉིད་བདེ་བ་སྩོལ་བའི་ཡུམ་དུ་གསོལ།།
        ཡང་སངས་རྒྱས་པའི་ཚུལ་ལ་ཡི་རང་བྱེད།།
        ཡིད་གཉིས་འགྱུར་བ་མེད་པར་དད་འདུན་བྱེད།།
 
        སྟོང་ཉིང་ལྟ་བའི་ཐིག་ལེ་ཐུགས་སུ་གསལ།།
        རྟེན་འབྱུང་ཆོས་ཀྱི་གཤིས་ལུཊ་གཤིས་བཞིན་མཁྱེན།།
        ཆོས་དང་ཆོས་ཅན་གདོད་ནས་མ་སྐྱེ་བའི།།
        རང་བཞིན་རབ་ཏུ་མཁྱེན་མཁན་ཁྱེད་ཉིད་དོ།།
 
        བཤད་པས་མི་མཚོན་རིག་པའི་རང་བཞིན་དང།།
        སྨྲ་བས་མི་དཔོག་སྟོང་བའི་ལྟ་བ་སྟེ།།
        ཇི་སྙེད་ཤེས་བྱའི་གནས་ཀུན་རྣམ་མཁྱེན་པའི།།
        ཁྱེད་ཀྱི་མཁྱེན་པ་ལྟ་བུ་འཐོབ་པར་ཤོག།
 
        འཁོར་བར་འཁོར་བའི་འཁོས་ཆུང་ང་ཅག་ལ།།
        སྲིད་པར་སྲེད་པའི་སྲེད་ལྡན་ངེད་ཚོ་ལ།།
        སྲེད་པའི་སྲེད་རྩ་རྩད་ནས་གཅོད་བྱེད་པའི།།
        གདམས་པ་གནང་བར་བདག་ཅག་སྙིང་ནས་རངས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚད་མའི་སྐྱེས་བུ་དམ་པ་ཡང་གཅིག་དྲན།

2013-11-24 ཞོགས་འོད། ཀློག་གྲངས། མཆན ཡོད།

        རིང་ནས་རྨོངས་ཤིང་འཁྲུལ་བའི་འགྲོ་བ་འདིར།།
        ཡུན་ནས་བླུན་ཞིང་གོལ་བའི་སེམས་ཅན་འདིར།།
        སད་བརྡའི་དྲིལ་ཆེན་ཐོག་མར་རྡུང་བྱེད་པ།།
        ས་ཆེན་སངས་རྒྱས་ཁྱེད་ལ་སེམས་ནས་འདུད།།
 
        ཁྱེད་ཉིད་འགྲོ་བ་དྲུག་པོའི་མ་རུ་གསོལ།།
        ཁྱེད་ཉིད་བདེ་བ་སྩོལ་བའི་ཡུམ་དུ་གསོལ།།
        ཡང་སངས་རྒྱས་པའི་ཚུལ་ལ་ཡི་རང་བྱེད།།
        ཡིད་གཉིས་འགྱུར་བ་མེད་པར་དད་འདུན་བྱེད།།
 
        སྟོང་ཉིང་ལྟ་བའི་ཐིག་ལེ་ཐུགས་སུ་གསལ།།
        རྟེན་འབྱུང་ཆོས་ཀྱི་གཤིས་ལུཊ་གཤིས་བཞིན་མཁྱེན།།
        ཆོས་དང་ཆོས་ཅན་གདོད་ནས་མ་སྐྱེ་བའི།།
        རང་བཞིན་རབ་ཏུ་མཁྱེན་མཁན་ཁྱེད་ཉིད་དོ།།
 
        བཤད་པས་མི་མཚོན་རིག་པའི་རང་བཞིན་དང།།
        སྨྲ་བས་མི་དཔོག་སྟོང་བའི་ལྟ་བ་སྟེ།།
        ཇི་སྙེད་ཤེས་བྱའི་གནས་ཀུན་རྣམ་མཁྱེན་པའི།།
        ཁྱེད་ཀྱི་མཁྱེན་པ་ལྟ་བུ་འཐོབ་པར་ཤོག།
 
        འཁོར་བར་འཁོར་བའི་འཁོས་ཆུང་ང་ཅག་ལ།།
        སྲིད་པར་སྲེད་པའི་སྲེད་ལྡན་ངེད་ཚོ་ལ།།
        སྲེད་པའི་སྲེད་རྩ་རྩད་ནས་གཅོད་བྱེད་པའི།།
        གདམས་པ་གནང་བར་བདག་ཅག་སྙིང་ནས་རངས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།