མཚན་མོ་དེར།

ཁྲི་བསྟན་པ་རྒྱལ་མཚན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-15

 

 

ཅི་ཞིག་བསྒྲུབ་འདོད་ཀྱི་སེམས་པས།།
མཚན་མོ་གཉིད་ཆག་ནི་བྱུང་སོང་།།
མགོ་བོ་སྔས་མལ་ལས་དཀྱགས་ཀྱང་།།
ཅི་སྒྲུབ་འདི་སྒྲུབ་ནི་མི་འདུག།

གཉིད་རྒྱུ་མེད་པ་འདི་བསམ་ཚེ།།
ཕུང་བོ་སེར་སྣ་ནི་ཤོར་འགྲོ།
སད་རྒྱུ་དཀའ་བ་དེ་དྲན་ན།།
དུས་ཚོད་བརླགས་ཐལ་ཞེས་འདོད་ཀི།

མཛུབ་གུས་མཐེབ་གཞོངས་ལ་རེག་ནས།།
གང་ཞིག་འབྲི་འདོད་ནི་ཡོད་ཀྱང་།།
སྒོ་ཁའི་ཙག་རླུང་གི་ཤགས་སྒྲས།།
ལུས་ལ་ཙག་ཤེད་ཅིག་རྒྱག་ཡོང་།།

འགལ་འདུའི་འཚོ་བ་ཡི་བར་ནས།།
སེམས་སོང་བུ་མོ་དེ་མ་གཏོགས།།
དྲན་པའི་སྒོ་མོ་ཡི་གླགས་བར།།
སུ་ལ་ཕྱེས་ན་ཡང་མི་འདོད།།


ཁ་པར་ལག་ནང་དུ་བླངས་ནས།།
བུ་མོའི་ཨང་གྲངས་ལ་གཏོང་ཡང་།།
ཨ་ལེན་མེད་པ་འདི་སྔར་ནས།།
གཉིད་དུ་ཡུར་བ་དེ་ཤེས་བྱུང་།།
     
  ༢༠༡༣ལོའི་ཟླ་༡༠ཚེས་༡༨ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་དེར།

2013-11-15 ཁྲི་བསྟན་པ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

 

 

ཅི་ཞིག་བསྒྲུབ་འདོད་ཀྱི་སེམས་པས།།
མཚན་མོ་གཉིད་ཆག་ནི་བྱུང་སོང་།།
མགོ་བོ་སྔས་མལ་ལས་དཀྱགས་ཀྱང་།།
ཅི་སྒྲུབ་འདི་སྒྲུབ་ནི་མི་འདུག།

གཉིད་རྒྱུ་མེད་པ་འདི་བསམ་ཚེ།།
ཕུང་བོ་སེར་སྣ་ནི་ཤོར་འགྲོ།
སད་རྒྱུ་དཀའ་བ་དེ་དྲན་ན།།
དུས་ཚོད་བརླགས་ཐལ་ཞེས་འདོད་ཀི།

མཛུབ་གུས་མཐེབ་གཞོངས་ལ་རེག་ནས།།
གང་ཞིག་འབྲི་འདོད་ནི་ཡོད་ཀྱང་།།
སྒོ་ཁའི་ཙག་རླུང་གི་ཤགས་སྒྲས།།
ལུས་ལ་ཙག་ཤེད་ཅིག་རྒྱག་ཡོང་།།

འགལ་འདུའི་འཚོ་བ་ཡི་བར་ནས།།
སེམས་སོང་བུ་མོ་དེ་མ་གཏོགས།།
དྲན་པའི་སྒོ་མོ་ཡི་གླགས་བར།།
སུ་ལ་ཕྱེས་ན་ཡང་མི་འདོད།།


ཁ་པར་ལག་ནང་དུ་བླངས་ནས།།
བུ་མོའི་ཨང་གྲངས་ལ་གཏོང་ཡང་།།
ཨ་ལེན་མེད་པ་འདི་སྔར་ནས།།
གཉིད་དུ་ཡུར་བ་དེ་ཤེས་བྱུང་།།
     
  ༢༠༡༣ལོའི་ཟླ་༡༠ཚེས་༡༨ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།