མུན་ནང་གི་སྒྲོན་མེ།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-28

            ______དགེ་རྒན་དུས་ཆེན་ལ་སྨོན་འདུན་ཞུས་པ།
                
འཇམ་དཔལ་སྨྲ་བའི་ཉི་མ་དང་།།
དབྱངས་ཅན་ངག་གི་གེ་སེར་གྱིས།།
རིང་ནས་བརྩེ་བས་བསྐྱངས་པ་ཡི།།
དགེ་རྒན་རྣམས་ཀྱི་ཐུགས་བཞེད་ལ།།
དགེ་ལེགས་ཤིས་པ་ཆར་དུ་སྙིལ།།
 
ཤེས་བྱའི་ཟེའུ་འབྲུ་མངར་མོའི་བཅུད།།
ཕངས་དང་སེར་སྣ་མ་མཆིས་པར།།
སློབ་ཚོགས་བློ་སྣ་བརྟས་ཕྱིར་བསྟབས།།
བཀའ་དྲིན་གཞལ་དུ་མ་མཆིས་པའི།།
དགེ་རྒན་རྣམས་ལ་ཕྱག་འཚལ་ལོ།།
 
མ་རིག་མ་ཤེས་ཉོན་མོངས་སོགས།།
རྨོངས་པའི་མུན་པ་འཐུག་པོའི་སྨག།
རིག་པ་སྒྲོན་མེས་མཐར་བསྒྲད་ཅིང་།།
ཡང་དག་ལམ་གྱི་དེ་ཉིད་བསྟན།།
ཐུ་མིའི་རང་ལུགས་རྒྱལ་གྱུར་ཅིག།
 
དགེ་ཆོས་རིག་པའི་དཔའ་བོ་དང་།།
རང་གྲོལ་མཁས་པའི་ཁྱུ་མཆོག་སོགས།།
གནའ་དེང་མཁས་དང་གྲུབ་པའི་ཚོགས།།
དགེ་རྒན་དག་ལ་མ་བསྟེན་མེད།།
དེ་ཕྱིར་འདི་ཕྱིའི་སྐྱབས་གནས་ལགས།།
 
དང་བོ་དབྱངས་དང་གསལ་བྱེད་ཀྱི།།
གསེར་དངུལ་རྒྱན་གྱིས་སྤུད་པ་དྲན།།
བར་དུ་ཕྱི་ནང་རིག་གནས་ཀྱི།།
ལྟད་མོའི་ལོངས་སྤྱོད་རེག་པ་དྲན།།
བཀའ་དྲིན་ཟེར་ན་འདི་ལས་གང་།།
 
ནམ་མཁའ་ལས་ནི་ཆར་འབབ་དང་།།
རྒྱ་མཚོའི་གཏིང་ནས་ནོར་འབྱུང་ལྟར།།
དགེན་རྣམས་ཐུགས་ཀྱི་གན་མཛོད་ལས།།
ཤེས་རིག་དངོས་གྲུབ་བསྙིལ་བའི་མཐའ།།
ས་ཆེན་ཁྱོན་ལས་རབ་ཏུ་འགོངས།།
       ༢༠༡༣   ༩   ༡༠ ཟི་ལིང་ནས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་ནང་གི་སྒྲོན་མེ།

2013-10-28 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

            ______དགེ་རྒན་དུས་ཆེན་ལ་སྨོན་འདུན་ཞུས་པ།
                
འཇམ་དཔལ་སྨྲ་བའི་ཉི་མ་དང་།།
དབྱངས་ཅན་ངག་གི་གེ་སེར་གྱིས།།
རིང་ནས་བརྩེ་བས་བསྐྱངས་པ་ཡི།།
དགེ་རྒན་རྣམས་ཀྱི་ཐུགས་བཞེད་ལ།།
དགེ་ལེགས་ཤིས་པ་ཆར་དུ་སྙིལ།།
 
ཤེས་བྱའི་ཟེའུ་འབྲུ་མངར་མོའི་བཅུད།།
ཕངས་དང་སེར་སྣ་མ་མཆིས་པར།།
སློབ་ཚོགས་བློ་སྣ་བརྟས་ཕྱིར་བསྟབས།།
བཀའ་དྲིན་གཞལ་དུ་མ་མཆིས་པའི།།
དགེ་རྒན་རྣམས་ལ་ཕྱག་འཚལ་ལོ།།
 
མ་རིག་མ་ཤེས་ཉོན་མོངས་སོགས།།
རྨོངས་པའི་མུན་པ་འཐུག་པོའི་སྨག།
རིག་པ་སྒྲོན་མེས་མཐར་བསྒྲད་ཅིང་།།
ཡང་དག་ལམ་གྱི་དེ་ཉིད་བསྟན།།
ཐུ་མིའི་རང་ལུགས་རྒྱལ་གྱུར་ཅིག།
 
དགེ་ཆོས་རིག་པའི་དཔའ་བོ་དང་།།
རང་གྲོལ་མཁས་པའི་ཁྱུ་མཆོག་སོགས།།
གནའ་དེང་མཁས་དང་གྲུབ་པའི་ཚོགས།།
དགེ་རྒན་དག་ལ་མ་བསྟེན་མེད།།
དེ་ཕྱིར་འདི་ཕྱིའི་སྐྱབས་གནས་ལགས།།
 
དང་བོ་དབྱངས་དང་གསལ་བྱེད་ཀྱི།།
གསེར་དངུལ་རྒྱན་གྱིས་སྤུད་པ་དྲན།།
བར་དུ་ཕྱི་ནང་རིག་གནས་ཀྱི།།
ལྟད་མོའི་ལོངས་སྤྱོད་རེག་པ་དྲན།།
བཀའ་དྲིན་ཟེར་ན་འདི་ལས་གང་།།
 
ནམ་མཁའ་ལས་ནི་ཆར་འབབ་དང་།།
རྒྱ་མཚོའི་གཏིང་ནས་ནོར་འབྱུང་ལྟར།།
དགེན་རྣམས་ཐུགས་ཀྱི་གན་མཛོད་ལས།།
ཤེས་རིག་དངོས་གྲུབ་བསྙིལ་བའི་མཐའ།།
ས་ཆེན་ཁྱོན་ལས་རབ་ཏུ་འགོངས།།
       ༢༠༡༣   ༩   ༡༠ ཟི་ལིང་ནས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།