རྣམ་རྟོག་སྟག་གི་ཐིག་ལེ་ཅན།

རྩེ་སྐྱེས་རིག་པའི་རྣོ་གྲི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-17

 
སྣང་བའི་འོད་ཞགས་ཡིད་ནས་འབར་དུས་རྣམ་རྟོག་སྟག་གི་ཐིག་ལེ་ཅན།།
སྤྲིན་པའི་གསེབ་ཀྱི་ཚེས་རིས་དཀར་བོའི་འཕེལ་འགྲིབ་ཅི་བཞིན་སྙིང་ལ་ཡོམ།།
ལྷ་ཆོས་བདེན་པའི་ཐག་སྣེར་བཏགས་པའི་སེམས་ཀྱི་ལྷགས་རླུང་འགོག་མེད་ལྡང་།།
ཁྱེད་ཀྱི་བློ་ཁ་བདེ་བར་གནོངས་དང་བདག་གིས་བདག་ཉིད་རྟོགས་ནས་ཡོད།།

ཕུན་རོན་དཀར་བོའི་རྣམ་ཤེས་ལས་འཁྲུངས་སྟོན་ལོ་པདྨ་འདབ་བརྒྱད་ཅན་།།
རླུང་གིས་མ་བཅོམ་མེ་ཡིས་མ་བསྲེགས་སྙིང་ལ་བཏབ་པའི་ཚངས་མགུར་ཞིག།
དབྱངས་རྟ་སྙན་མོའི་འགྱུར་ཁུགས་དེ་ཡང་སྲིད་གསུམ་རྫ་རིའི་རྩེ་ནས་གྲགས།།
 ད་ཆ་ཁྱོད་ཀྱི་རྐང་རྗེས་འཚོལ་བཞིན་འབྲོང་ཁྱུ་ལྡོམ་པོས་དཔའ་རྟགས་ངོམ།།

འདས་རྩིས་ཆེ་བའི་རྟ་མཆོག་དྲན་ནས་ངུ་མ་དགོད་ཀྱིས་ཨག་ཤིག་མཆེད།།
བདེན་རྫུན་མཁྱེན་པའི་འཇམ་དབྱངས་ལྷ་ཡི་སྤྱན་ཀོང་མཐོང་བ་མ་ཡིན་མོད།།
སྣང་བ་སྟག་རྒོད་གང་སར་རྩེན་ཏེ་གནས་ལུགས་ཞིག་གི་གྲལ་མཐར་སླེབས།།
ད་སྐབས་འུ་ཚང་དབུལ་བོ་མིན་པས་རིང་ལུགས་དམར་བོ་ཁྲག་གིས་ཀློག།

ཁྱི་སྤྱང་སྡར་མས་མཚན་སྨག་ཁྲོད་ནས་བདེན་དོན་ལོ་རྒྱུས་མཆེ་བས་ལྡད།།
ང་ཡི་སྙིང་གི་དཀྱིལ་ལ་ཕོག་པའི་ལྕགས་མདའ་ད་དུང་ཡལ་ཐབས་མེད།།
རི་བོང་རྭ་འདྲའི་རེ་བ་བཙན་པོ་འགྱུར་མེད་སྙིང་གི་ཤ་གསེང་ནས།།
ཁྱེད་ཀྱི་ཆེད་དུ་བཞུར་བ་ཡིན་པས་བདག་ཉིད་འགྱོད་པའི་ཨ་ཧོ་མེད།།

འཕྲུལ་གྱིས་བཏབ་པའི་ལྕགས་ཚེར་རྣོན་པོ་མཛེས་ལྡན་སེར་ཆེན་ག་ལ་ཡིན།།
བཙན་གྱིས་བཀོན་པའི་ཞྭ་མོ་ནག་པོ་ལུགས་མཐུན་འབེལ་གཏམ་ཡེ་ནས་མིན།།
ལོ་ཟླ་འགའ་ཞིག་དེ་ལྟར་རྫོགས་ཀྱང་ཐམས་ཅད་རྫོགས་ན་སུ་ཡིས་བཟོད།།
རླུང་གིས་ཟད་ཅིང་ཉི་མས་བསྐུམས་པའི་ལུགས་འདི་ནམ་ཞིག་རྒྱལ་ངེས་ཡིན།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣམ་རྟོག་སྟག་གི་ཐིག་ལེ་ཅན།

2013-10-17 རྩེ་སྐྱེས་རིག་པའི་རྣོ་གྲི ཀློག་གྲངས། མཆན ཡོད།

 
སྣང་བའི་འོད་ཞགས་ཡིད་ནས་འབར་དུས་རྣམ་རྟོག་སྟག་གི་ཐིག་ལེ་ཅན།།
སྤྲིན་པའི་གསེབ་ཀྱི་ཚེས་རིས་དཀར་བོའི་འཕེལ་འགྲིབ་ཅི་བཞིན་སྙིང་ལ་ཡོམ།།
ལྷ་ཆོས་བདེན་པའི་ཐག་སྣེར་བཏགས་པའི་སེམས་ཀྱི་ལྷགས་རླུང་འགོག་མེད་ལྡང་།།
ཁྱེད་ཀྱི་བློ་ཁ་བདེ་བར་གནོངས་དང་བདག་གིས་བདག་ཉིད་རྟོགས་ནས་ཡོད།།

ཕུན་རོན་དཀར་བོའི་རྣམ་ཤེས་ལས་འཁྲུངས་སྟོན་ལོ་པདྨ་འདབ་བརྒྱད་ཅན་།།
རླུང་གིས་མ་བཅོམ་མེ་ཡིས་མ་བསྲེགས་སྙིང་ལ་བཏབ་པའི་ཚངས་མགུར་ཞིག།
དབྱངས་རྟ་སྙན་མོའི་འགྱུར་ཁུགས་དེ་ཡང་སྲིད་གསུམ་རྫ་རིའི་རྩེ་ནས་གྲགས།།
 ད་ཆ་ཁྱོད་ཀྱི་རྐང་རྗེས་འཚོལ་བཞིན་འབྲོང་ཁྱུ་ལྡོམ་པོས་དཔའ་རྟགས་ངོམ།།

འདས་རྩིས་ཆེ་བའི་རྟ་མཆོག་དྲན་ནས་ངུ་མ་དགོད་ཀྱིས་ཨག་ཤིག་མཆེད།།
བདེན་རྫུན་མཁྱེན་པའི་འཇམ་དབྱངས་ལྷ་ཡི་སྤྱན་ཀོང་མཐོང་བ་མ་ཡིན་མོད།།
སྣང་བ་སྟག་རྒོད་གང་སར་རྩེན་ཏེ་གནས་ལུགས་ཞིག་གི་གྲལ་མཐར་སླེབས།།
ད་སྐབས་འུ་ཚང་དབུལ་བོ་མིན་པས་རིང་ལུགས་དམར་བོ་ཁྲག་གིས་ཀློག།

ཁྱི་སྤྱང་སྡར་མས་མཚན་སྨག་ཁྲོད་ནས་བདེན་དོན་ལོ་རྒྱུས་མཆེ་བས་ལྡད།།
ང་ཡི་སྙིང་གི་དཀྱིལ་ལ་ཕོག་པའི་ལྕགས་མདའ་ད་དུང་ཡལ་ཐབས་མེད།།
རི་བོང་རྭ་འདྲའི་རེ་བ་བཙན་པོ་འགྱུར་མེད་སྙིང་གི་ཤ་གསེང་ནས།།
ཁྱེད་ཀྱི་ཆེད་དུ་བཞུར་བ་ཡིན་པས་བདག་ཉིད་འགྱོད་པའི་ཨ་ཧོ་མེད།།

འཕྲུལ་གྱིས་བཏབ་པའི་ལྕགས་ཚེར་རྣོན་པོ་མཛེས་ལྡན་སེར་ཆེན་ག་ལ་ཡིན།།
བཙན་གྱིས་བཀོན་པའི་ཞྭ་མོ་ནག་པོ་ལུགས་མཐུན་འབེལ་གཏམ་ཡེ་ནས་མིན།།
ལོ་ཟླ་འགའ་ཞིག་དེ་ལྟར་རྫོགས་ཀྱང་ཐམས་ཅད་རྫོགས་ན་སུ་ཡིས་བཟོད།།
རླུང་གིས་ཟད་ཅིང་ཉི་མས་བསྐུམས་པའི་ལུགས་འདི་ནམ་ཞིག་རྒྱལ་ངེས་ཡིན།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།