ལམ་འགྲོ་བའི་གླུ།

ནག་ལྡོང་འཁྱམས་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-14

 

 

མཐོན་པོའི་རྫ་ལུང་བསྐོར་ཏེ་ཇག་ལ་མ་ཆས།།
བདེ་མོའི་ལམ་བུ་དེད་ནས་སྤྲང་དབྱུག་མ་དྲུད།།
སྐྱིད་སྡུག་ལས་ཀྱི་རི་མོ་ཐོད་ལ་མདུད་ནས།།
འཚོ་བ་ཉིན་མཚན་འདྲ་བོ་ད་དུང་རོལ་རྒྱུ།།
 
སྐྱེ་དངོས་འཆི་བའི་ང་རོ་གནམ་སར་འཐུལ་བས།།
ནང་གི་སེམས་རྩ་དྲོན་མོ་སྐྱོ་བས་ཟོས་འགྲོ།།
རྣམ་ཤེས་ཟེར་མ་འདྲ་བོ་འདར་ཞིང་འཕྱོ་དུས།།
གོང་མ་ལྷ་ཡིས་རྨུ་ཐག་བརྐྱང་རྒྱུ་བྱུང་ན།།
 
རིགས་དྲུག་གཡང་ལ་སྡར་བའི་ཞེ་བློ་གཉོམ་པོས།།
བྱ་བཏང་མཁའ་རུ་གཤེགས་པའི་རི་ལ་ཁྲིད་ཀྱང་།།
རྟོག་པ་གྱ་གྱུའི་དྲ་བ་ཆོད་ཐབས་མེད་པས།།
ལ་ལུང་གོམ་པས་བཅགས་ཏེ་ཕྱིར་ལ་བསླེབས་སོང་།།
 
སྲོང་བོའི་གྲོས་ཤིག་བཏབ་ཀྱང་ངོ་སོ་མི་འདུག།
ཟོལ་སྦྱོར་གྲིབ་མ་ནག་པོས་རང་རྐྱ་མི་ཐུབ།།
མིག་གི་གཏད་སོ་ཞིག་པའི་སོ་མཚམས་ཤིག་ལ།།
ད་ནི་རང་གི་སྨོན་པ་མེ་རུ་བསྒྲོན་དགོས།།
 
རེ་བའི་མཁའ་ལམ་འདི་ནས་རྒྱང་ལ་བསྲིངས་ཡོད།།
ཞེན་ཆགས་གཤོག་པ་སྔོན་མོ་ཉིན་བཞིན་འགུལ་བས།།
གཉུག་མའི་དབུ་ལོ་ལྡེམ་པའི་དགའ་ཚལ་ཞིག་དུ།།
དོགས་པའི་སྤྲིན་པ་གཏོར་ཏེ་བསླེབ་ཚོད་མ་རེད།།
 
རྟེན་འབྱུང་ལྟ་བའི་གནད་ལ་སྐུར་བས་མ་བྲན།།
དམ་ཚིག་ཤེལ་སྒོང་འདྲ་བ་བྲག་ལ་མ་བརྒྱབ།།
བདེ་ཆེན་བྲོ་གར་འཁྲབ་པའི་བར་སྣང་དེ་ནས།།
ལྷ་ཚོགས་དགྱེས་བའི་ཆོ་འཕྲུལ་ང་ལ་བསྟན་ན།།
 
མཚར་སྡུག་འཇའ་ཡི་ཐགས་བཟང་ལག་པས་མ་ཟིན།།
ཐུན་གཅིག་རྨི་ལམ་སྐྱིད་པོའི་རྒྱབ་ལྗོངས་མ་བརྟན།།
ཉི་འོད་ལམ་ལམ་བཞུར་བའི་གྲུ་ཟུར་ཞིག་ནས།།
རིག་བྱེད་རོལ་མོའི་དབྱངས་འགྲོས་ལྷོད་ཀྱིས་དཀྲོལ་ཡོད།།
 
             ༢༠༡༣  ༧  ༦
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་འགྲོ་བའི་གླུ།

2013-10-14 ནག་ལྡོང་འཁྱམས་པོ། ཀློག་གྲངས། མཆན ཡོད།

 

 

མཐོན་པོའི་རྫ་ལུང་བསྐོར་ཏེ་ཇག་ལ་མ་ཆས།།
བདེ་མོའི་ལམ་བུ་དེད་ནས་སྤྲང་དབྱུག་མ་དྲུད།།
སྐྱིད་སྡུག་ལས་ཀྱི་རི་མོ་ཐོད་ལ་མདུད་ནས།།
འཚོ་བ་ཉིན་མཚན་འདྲ་བོ་ད་དུང་རོལ་རྒྱུ།།
 
སྐྱེ་དངོས་འཆི་བའི་ང་རོ་གནམ་སར་འཐུལ་བས།།
ནང་གི་སེམས་རྩ་དྲོན་མོ་སྐྱོ་བས་ཟོས་འགྲོ།།
རྣམ་ཤེས་ཟེར་མ་འདྲ་བོ་འདར་ཞིང་འཕྱོ་དུས།།
གོང་མ་ལྷ་ཡིས་རྨུ་ཐག་བརྐྱང་རྒྱུ་བྱུང་ན།།
 
རིགས་དྲུག་གཡང་ལ་སྡར་བའི་ཞེ་བློ་གཉོམ་པོས།།
བྱ་བཏང་མཁའ་རུ་གཤེགས་པའི་རི་ལ་ཁྲིད་ཀྱང་།།
རྟོག་པ་གྱ་གྱུའི་དྲ་བ་ཆོད་ཐབས་མེད་པས།།
ལ་ལུང་གོམ་པས་བཅགས་ཏེ་ཕྱིར་ལ་བསླེབས་སོང་།།
 
སྲོང་བོའི་གྲོས་ཤིག་བཏབ་ཀྱང་ངོ་སོ་མི་འདུག།
ཟོལ་སྦྱོར་གྲིབ་མ་ནག་པོས་རང་རྐྱ་མི་ཐུབ།།
མིག་གི་གཏད་སོ་ཞིག་པའི་སོ་མཚམས་ཤིག་ལ།།
ད་ནི་རང་གི་སྨོན་པ་མེ་རུ་བསྒྲོན་དགོས།།
 
རེ་བའི་མཁའ་ལམ་འདི་ནས་རྒྱང་ལ་བསྲིངས་ཡོད།།
ཞེན་ཆགས་གཤོག་པ་སྔོན་མོ་ཉིན་བཞིན་འགུལ་བས།།
གཉུག་མའི་དབུ་ལོ་ལྡེམ་པའི་དགའ་ཚལ་ཞིག་དུ།།
དོགས་པའི་སྤྲིན་པ་གཏོར་ཏེ་བསླེབ་ཚོད་མ་རེད།།
 
རྟེན་འབྱུང་ལྟ་བའི་གནད་ལ་སྐུར་བས་མ་བྲན།།
དམ་ཚིག་ཤེལ་སྒོང་འདྲ་བ་བྲག་ལ་མ་བརྒྱབ།།
བདེ་ཆེན་བྲོ་གར་འཁྲབ་པའི་བར་སྣང་དེ་ནས།།
ལྷ་ཚོགས་དགྱེས་བའི་ཆོ་འཕྲུལ་ང་ལ་བསྟན་ན།།
 
མཚར་སྡུག་འཇའ་ཡི་ཐགས་བཟང་ལག་པས་མ་ཟིན།།
ཐུན་གཅིག་རྨི་ལམ་སྐྱིད་པོའི་རྒྱབ་ལྗོངས་མ་བརྟན།།
ཉི་འོད་ལམ་ལམ་བཞུར་བའི་གྲུ་ཟུར་ཞིག་ནས།།
རིག་བྱེད་རོལ་མོའི་དབྱངས་འགྲོས་ལྷོད་ཀྱིས་དཀྲོལ་ཡོད།།
 
             ༢༠༡༣  ༧  ༦
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།