ཞེ་འཁྲེང་མིག་ཆུའི་དོ་ཤལ།

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-23

 

 

རི་ཕྲེང་བ་ཚར་དུ་དངར་ས།།
ཤིང་སིལ་སྡོང་ཚང་ཚིང་སྐྱེས་ས།།
བྱེའུ་འཇོལ་མོའི་གླུ་སྐད་སྙན་ས།།
མདོག་སྣ་ཚོགས་མེ་ཏོག་བཀྲ་ས།།
ཆུ་རྨ་ཆུ་ལྷོད་ཀྱིས་བཞུར་ས།།
རྟེན་འགངས་ཆེན་ལྷ་སྲུང་བཙན་ས།།
འཇམ་མཁའ་དབུགས་དྭངས་ཤིང་གཙང་ས།།
གནས་སྐྱིད་པོ་རྟེན་རྫོང་ཁྲི་ཀ།
སྔོན་ཚེ་བསོད་ལས་དབང་ཞིག་གིས།།
ཞེ་འདང་ཆེན་གཡུ་སྒྲོན་ངེད་གཉིས།།
རྫོང་མི་རིགས་སློབ་འབྲིང་ནང་དུ།།
ལས་སློབ་གསོའི་གཞི་རྐང་འདྲ་སོང་།།
མཉམ་གཅིག་ཏུ་འཛོམས་སྐལ་འགྲིག་སོང་།།
གོང་མགོ་ཁྲིད་བློ་རྒྱ་ཅན་པོས།།
ཇུས་འཆར་འགོད་གོར་མོ་ཞིག་གིས།།
མ་ངེད་གཉིས་སྒྲུབ་ཁང་གཅིག་ནས།།
གཞུང་ལས་དོན་སྐྱོང་དགོས་བྱུང་སོང་།།
དཔེ་བཞག་ན་རེ་འདོད་མྱུ་གུ།
ཞིང་གྲུ་བཞིའི་པང་ནས་འཁྲུངས་འདྲ།།
ལུས་ལང་ཚོ་དར་ལ་བབ་དུས།།
གནས་ཞིང་བཀོད་ཟི་ལིང་གྲོང་གི།།
གླིང་སློབ་ཆེན་གཅིག་ལ་ཁེལ་ཡོད།།
རྒན་བཤེས་གཉེན་གཅིག་གི་དགེ་ཕྲུག།
གནས་བཅུ་ཕྲག་ཡོན་ཏན་མཉམ་སྦྱོང་།།
རང་སོ་སོའི་འདུན་མའི་སླད་དུ།།
དུང་བརྩེ་བ་ལྒིང་ཁོམ་མ་བྱུང་།།
སྤོབས་བསྐྱེད་དེ་དགའ་ཚུལ་མ་སྟོན།།
དོན་ངོ་མར་ཡ་ཆུང་ཁོག་དང་།།
སེམས་གངས་དཀར་རས་གཞིའི་ངོས་ན།།
དགའ་དྲགས་པའི་མེ་ལྕེ་འུར་འུར།།
ཞེ་དུངས་པའི་སྙིང་ཆུང་ལྷོག་ལྷོག།
རྒན་དམ་པའི་སློབ་ཁྲིད་བགྱིད་དུས།།
ཤེས་ཡོན་ཏན་བུམ་པ་གང་བྱོ།།
ཕྱོགས་རིས་མེད་བློ་ངོར་བཀོད་ཀྱང་།།
སྐྱོན་ཁ་སྦུབ་ལྟ་བུའི་ལེ་ལོས།།
ཤེས་ཡོན་ཏན་རྒྱུད་ལ་མི་འཁོར།།
དུས་རྒྱུན་པར་ལོབས་ཕྱོགས་གཅིག་ལ།།
མཛེས་མེ་ཏོག་ལྟ་བུའི་སྙིང་སྡུག།
འོག་ལྐོག་མིག་ལང་ལིང་བསྐོར་ཡོད།།
རྒྱབ་རོ་སྟོད་ཁུད་དུ་དཔྱངས་པའི།།
གནག་སྣུམ་པོའི་ལྕང་ལྕུག་ལན་བུ།།
མིག་ཧྲིག་གེར་འཛུམ་གྱིས་ལྟ་ཞོར།།
སེམས་རྒྱ་ཡན་ཕྱི་རོལ་འགྲིམས་ནས།།
ཡིད་འཕྲུལ་བའི་འཆར་ཡན་ཕྱེ་ཚེ།།
ཞལ་གོར་མོ་བཅོ་ལྔའི་ཟླ་འདྲའི།།
ངའི་སེམས་ཀྱི་སྙིང་སྡུག་ངེད་གཉིས།།
གཟུགས་ལུས་པོ་མཉམ་གཤིབ་བྱས་ཏེ།།
འཛུམ་དགའ་དགོད་མེ་ཏོག་འདྲ་བོ།།
གནས་གྲུ་བཞིའི་སློབ་ཁང་ནང་གི།།
འདུག་ཅོག་ཙེ་གཅིག་ནས་བཞད་དེ།།
དོགས་དཀའ་གནད་མདུད་རྒྱ་མཉམ་གྲོལ།།
རིག་ཤེས་བྱའི་འོ་མ་མཉམ་འཐུང་།།
གཡུ་སྦྲང་ཆུང་གཉིས་ལ་འཕྱ་བའི།།
ཞེ་ཐོགས་པའི་ཉམས་འགྱུར་དོད་པོ།།
སྐྱིད་འཁོར་བའི་རྒྱན་གཅིག་རེད་འདོད།།
བློ་སྒྲིམ་ནས་ཡར་མར་ལྟ་དུས།།
ཐང་འབྱམས་ཀླས་བྱེ་མའི་ཀློང་གི།།
གཟུགས་མི་རྟག་སྨུག་རྒྱུའི་ཚུལ་འདྲ།།
མིག་འཕྲུལ་བའི་གར་འཁྱུག་གློག་འདྲ།།
ཆོས་སྟོང་བ་སྟོང་འདང་ཁོ་ན།།
ལུས་ལང་ཚོ་གཉོམ་ལག་རྒྱས་དུས།།
མ་ངེད་གཉིས་འཛིན་གྲྭ་གཅིག་རུང་།།
ངར་དགའ་བའི་ཏིལ་འབྲུའི་ས་བོན།།
ཞེ་བསམ་ན་སྟེར་འདོད་ཡོད་རུང་།།
དུང་བརྩེ་བ་ང་ལ་མ་དབང་།།
གཟའ་ཉི་མའི་ངལ་གསོ་ཞིག་གི།
དགོང་ཕྱི་དྲོའི་ས་རྩ་རུབ་དུས།།
བརྩེ་འདང་ཡོད་ཨ་འགྲིག་ཆ་འགྲིག།
དཔུང་སྡེབ་ནས་མཉམ་འགྲོ་བྱེད་གི།
ཁ་བགད་ལེ་འཛུམ་རིས་སྟོན་གི།
མཛེས་སྐྱེད་ཚལ་མེ་ཏོག་ཚོགས་ལ།།
གཡུ་རྐང་དྲུག་སྦྲང་མ་འཁོར་འདྲ།།
འགྲོ་གོམ་པའི་ལེན་ཕྱོགས་ཤིག་ལ།།
ཁང་ཐོག་བརྩེགས་གྲུ་ཟུར་ཞིག་ཏུ།།
མཚན་མི་ཐོགས་སྟག་ཤར་ཞིག་དང་།།
མ་བུ་མོ་གཡུ་སྒྲོན་གཉིས་ཀས།།
མགོ་བསྡུས་ནས་སྙིང་གཏམ་ཚུལ་གྱིས།།
ཚིག་སྐད་ཆའི་ལྷུ་རྐང་སྒྲིག་ཞོར།།
ཞེ་མཐུན་པའི་ཧབ་ཆ་དགོད་གི།
ཐག་ལེ་དབར་རིང་པོ་ཆོད་ཀྱང་།།
མོའི་ལྷན་སྐྱེས་དགོད་སྒྲའི་འགྱུར་ཁུགས།།
ངའི་རྣ་འཛིན་ཡུལ་དུ་ལྷུང་གི།
སེམས་དམར་པོ་ཙག་ཤད་རྒྱུག་གི།
ཞེ་སྣང་བའི་མཐུན་ལུགས་ཤིག་གམ།།
སྟག་ཤ་རའི་ཕོ་སྒོའི་རྐྱེན་གྱིས།།
དམན་ང་ལ་ཐོབ་སྐལ་མེད་སོང་།།
ཐོབ་མེད་རུང་དགའ་དུངས་སེམས་པ།།
རྡོ་བྲག་ལ་བཏབ་འདྲའི་རི་མོ།།
འདི་སུ་དང་གང་གིས་མི་གསུབ།།
དུས་རེས་མོས་འཁོར་སྐྱོད་ཀློང་ནས།།
ལོ་བཞི་བོའི་སློབ་ཆེན་འཚོ་བ།།
སྡུག་ཁུར་བོ་ཞིག་ལ་གཞིབ་ནས།།
སེམས་སྟོང་འདང་ཞིག་ལ་འཐིམས་ནས།།
འདི་ཇི་ལྟར་འདས་པ་མ་ཤེས།།
རང་སོ་སོའི་འདུན་མའི་སླད་དུ།།
བྱེའུ་བྱ་བརྒྱ་གཤོག་རྩལ་རྒྱས་ལྟར།།
གནས་ངེས་མེད་ཁ་འཐོར་དགུ་འཐོར།།
ལས་མཛད་འཕྲིན་བསྐྱང་ལ་བྲེལ་སོང་།།
གྲོགས་གྲོགས་མོའི་ཁ་ཐག་ཆད་སོང་།།
གནས་རྒྱང་ཐག་རིང་བོ་ཆོད་ཀྱང་།།
རིག་སློབ་བུ་རེ་འགའི་དུང་བརྩེ།།
ལྷད་མི་འདྲེས་འོ་མའི་ཡན་རེད།།
བརྩེ་མི་འགྱུར་རྡོ་རྗེའི་བརྟན་རེད།།
དུས་ལོ་གཅིག་མི་འགོར་ཡུན་ལ།།
མ་གཡུ་སྒྲོན་དོན་གྲུབ་གཉིས་ཀའི།།
དུང་བརྩེ་བར་ཆག་གྲུམ་ཤོར་ནས།།
ཞེ་སྣང་བའི་རྒྱུན་ཐག་བཅད་དེ།།
ལས་མི་གཅིག་ཁ་ཕྱོགས་ཟློག་གི།
མཐུན་བརྩེ་བའི་ཨ་ལོང་གྲོལ་ཏེ།།
འདོད་མི་གཅིག་ཁ་ཁ་སྙེག་གི།
ངའི་གངས་དཀར་སེམས་ཀྱི་འདོད་རེད།།
འདོད་ཡིན་རུང་གཡུ་སྒྲོན་གན་གི།
ཡིད་ཁང་བཟང་གྲུ་བཞིའི་ནང་ན།།
སྟག་ཤ་ར་སུ་ཞིག་བཅུག་ཡོད།།
དུང་བརྩེ་བ་གང་ལ་འཕངས་ཡོད།།
བགེག་ཡོད་ཀྱང་ལས་སྐལ་ཆུང་ངུ་།།
གནས་ཁྲི་ཀའི་ཡུལ་ནས་བཞད་སོང་།།
རྫོང་སློབ་འབྲིང་གླིང་ནས་བརྡོལ་སོང་།།
དུས་རྒྱུན་པར་གཞུང་དོན་སྒྲུབ་ན།།
མིག་ཁྲ་རིལ་ལྟ་ཕྱོགས་བདེ་གི།
སེམས་དྲོན་མོས་གླན་ས་ཉེ་གི།
ཚིག་ལྷུ་རྐང་སྒྲིག་ས་འགྲིག་གི།
དཔེ་བཞག་ན་དགོས་འདོད་རིན་ཆེན།།
ཕར་མ་བཙལ་འཁྲིས་སུ་ལྷུང་འདྲ།།
འདེགས་གདུང་མ་ཀ་བར་འགྱུར་བའི།།
ཆུང་སློབ་བུའི་མདུན་ལམ་བསམ་ཞོར།།
ནངས་སྔ་ལངས་དགོང་འཕྱི་རེས་མོས།།
མཉམ་གཅིག་ཏུ་གོམ་འགྲོས་འདུར་བཞིན།།
རིག་སློབ་གྲྭའི་ར་སྐོར་ཀུན་ཏུ།།
ལུས་གྲིབ་མ་ལྟར་དུ་འགྲོགས་ནས།།
མཛད་འཕྲིན་ལས་རྒྱས་པའི་དོད་དུ།།
འབད་ཧུར་ཐག་བརྩོན་པ་བསྐྱེད་དེ།།
དེབ་བམ་པོ་བྲག་རི་བརྩིགས་རུང་།།
སེམས་ཞིབ་མོས་དཔྱད་འཇོག་བྱས་ཡོད།།
ནར་སྒོ་སམ་ཁ་ཞེང་ཆེ་རུང་།།
ལག་ས་སྨྱུག་ལྷན་དུ་བརྡར་ཡོད།།
དོན་དཀའ་གནད་ཐང་མར་བརྡལ་ཡང་།།
ཉིན་གཅིག་གི་དུས་ཚོད་ཕན་ཆད།།
མཚན་སྨག་རུམ་དགུང་ལ་གྱོན་ཡང་།།
གཞུང་ལས་དོན་སྒྲུབ་ཁང་ནང་དུ།།
མགོ་ནག་རིས་གཅིག་ལ་གཤིབ་ནས།།
གཟབ་ནན་མོས་སྨིན་མ་བསྡུ་ཞོར།།
ཁུངས་བཙུན་པའི་དཔྱད་གཞི་བསློགས་ཏེ།།
རྐྱ་བཀར་ནས་གསེལ་འགྲོལ་བྱས་ཡོད།།
མཇུག་འབྲས་ལེགས་ཐོབ་པའི་ཕྱིར་དུ།།
མ་ངེད་གཉིས་རྡོག་རྩ་སྒྲིལ་ཡོད།།
དཀའ་སྡུག་རུས་ཐོད་དུ་བླངས་ཡོད།།
དུས་རྟག་ཏུ་རྒྱུན་འཁྱོངས་བྱས་ཡོད།།
ལུས་སེམས་པ་ཚེགས་པའི་རྐྱེན་གྱིས།།
མ་གཡུ་སྒྲོན་བརྩོན་སེམས་ཅན་པོའི།།
ཤ་རིད་ནས་ལུས་ཀྱང་སྐམ་ཐལ།།
མདངས་ཉམས་ནས་མཛེས་ཆ་བོར་ཐལ།།
ཡིད་སྐྱོ་ནས་སེམས་གསོའི་ཚབ་ཏུ།།
སྤྱིར་རྗེས་རབས་བོད་པའི་ལས་དོན།།
འདི་མ་སྐྱུང་གཙུག་ཏུ་བཀུར་བ།།
སྨན་མཛངས་མ་ཞིག་གི་རྟགས་རེད།།
དེ་ཡིན་ཡང་རང་ལུས་རིན་ཆེན།།
འདི་མ་དོར་བདག་སྐྱོང་བྱ་དགོས།།
དེ་མིན་ན་ལུས་ཟུངས་ཟད་ནས།།
བུ་སློབ་བུའི་ཕུགས་བསམ་དྲོན་མོར།།
སྣེ་ཡག་པོ་ཁྲིད་རྒྱུ་དཀའ་གི།
མོས་སེམས་པས་ཐོས་པའི་བརྡ་ལ།།
འཛུམ་ལངས་ནས་བརྡ་ཞིག་སྟོན་གི།
ངའི་གཡར་བའི་ལུས་གཟུགས་ཧྲིལ་བོ།།
སྦྲིད་འཐོམ་མེར་དྭངས་མཐའ་མེད་ཐལ།།
དགའ་ལྷད་མེད་ཡིན་པའི་རྟགས་རེད།།
མོར་དུངས་བའི་འཁྲུལ་མེད་བརྡ་རེད།།
སེམས་རྣམ་དག་ཆུ་ཤེལ་འདྲ་བོ།།
ནམ་ཡིན་རུང་མོ་ལ་གཏད་ཡོད།།
མ་ངེད་གཉིས་འདི་ནས་འཕྲད་པ།།
ཚེ་སྔོན་བསགས་ལས་ཀྱི་འབྲས་རེད།།
འདི་བསམ་ན་ཡིད་ཀྱི་ནམ་མཁའ།།
སྔོ་ཡུག་ཡུག་རྒྱུན་དུ་དྭངས་གི།
སེམས་ཡ་ཆུང་དྲོད་ཀྱིས་ཁེངས་གི།
སྐབས་གཅིག་གི་སློབ་ལོ་འདས་ནས།།
དགུན་གུང་གསེང་ངལ་གསོ་ཐོན་ཐལ།།
འགྲོ་ལམ་སྣེ་ཁ་ཕྱོགས་སོ་སོ།།
བར་ཁ་ཐག་ལེ་དབར་ལྔ་བརྒྱ།།
འདི་བསམ་ན་སྙིང་སྡུག་གཡུ་སྒྲོན།།
དུས་གཏན་དུ་འབྲལ་འདོད་མི་སྐྱེས།།
ངའི་སྙིང་གི་ཕྱེད་ཀ་ཁྱོད་ཡིན།།
ངའི་སེམས་ཀྱི་ཚེར་ཡ་ཁྱོད་ཡིན།།
འདི་ཡིན་ཡང་འབྲལ་དགོས་བྱུང་ན།།
ལས་བསྐོས་ཐང་འགྱུར་བག་དཀའ་གི།
ཁ་བྲལ་བའི་ཉིན་མོའི་ནངས་མོར།།
ས་ཁྲི་ཀ་གསེར་རྨིག་རྫོང་གི།
འཕྲུལ་རླངས་འཁོར་ས་ཚིགས་ཁྲོད་ནས།།
མིག་མཆི་མ་རྨ་ཆུར་བསྲེས་ཏེ།།
ཡིད་སྐྱོ་བ་སྨུག་ལ་གཅོལ་ནས།།
གྱེས་ཕྱག་བརྡའི་བར་ནས་བསྐྱུར་ཏེ།།
རང་སོ་སོའི་ཡུལ་ལ་སྙེག་སོང་།།
འཕྲལ་གློ་བུར་གམ་ནས་བྲལ་ན།།
དངོས་རྩ་ཆེན་བོར་སྟོར་བྱུང་འདྲ།།
དོན་གལ་ཆེན་ཡིད་ནས་བརྗེད་འདྲ།།
ཡིད་སྡུག་བསྔལ་རབ་ཏུ་གནོན་དཀའ།།
སྐྱོ་མུན་པ་མཐར་སྐྲོད་བྱ་ཆེད།།
ཁོམ་བར་སྐབས་དུས་ཀྱི་གསེང་ནས།།
དྲན་གདུངས་བས་བརྡ་འཕྲིན་བསྐུར་ཏེ།།
བརྩེ་གསེར་སྐུད་དམ་དུ་འབྲེལ་ནས།།
མྱུར་མཇལ་བའི་སྙིང་གཏམ་ལྒིང་ཡོད།།
ཉིན་ཞིག་གི་ཉིན་མོ་འདས་ནས།།
དགོང་མཚན་མོ་སྨག་རུམ་ནག་དུས།།
སྤྲིན་ནག་པོ་ལང་ལོང་འཁྲིགས་གི།
རླུང་འཚུབ་མས་སྐོར་འཚུབ་རྒྱག་གི།
གན་སྐུད་མེད་ཁ་པར་གྲགས་ཐལ།།
ལྟས་ངན་པ་ཞིག་གི་རྟགས་རེད།།
འཛེམ་དོགས་པ་སེམས་ནས་འཆར་ཞོར།།
ཞེ་འཚེར་ནས་ཁ་པར་ལང་པར།།
ངའི་སྙིང་སྡུག་གཡུ་སྒྲོན་གན་གིས།
སྐད་དམའ་མོས་བདེ་འཚམ་འདྲི་གི།
ཡིད་ཉིས་འགལ་ཐེ་ཚོམ་སྐྱེས་བཞིན།།
ངས་ཅི་བྱུང་གང་བྱུང་དྲིས་པར།།
སེམས་སྨྲེང་བའི་མགྲིན་པ་བརྣངས་ཏེ།།
དོན་རྡོག་རྡོག་སྐད་ཆ་ཤོར་དཀའ།།
བསམ་བསམ་ནས་ཚིག་འགའ་ཤོར་ནོ།།
ངའི་བརྩེ་དུང་རང་དབང་མེད་ཐལ།།
མ་ང་ལ་བྱ་ཐབས་ཟད་ཐལ།།
ངའི་མདུན་ལམ་བར་གེགས་ཐོན་ཐལ།།
དྲིན་ཕ་མའི་གསུང་སྒྲོས་བཀའ་རེད།།
བཀའ་བཙན་པོ་རྒྱལ་བོའི་ཁྲིམས་རེད།།
ཁྲིམས་བཙན་པོ་དབྱར་ཁའི་ཐོག་རེད།།
ཁ་ཡར་གྲགས་ཚིག་རྐང་དང་པོས།།
ངའི་མིག་ལམ་སྨག་གིས་བསྒྲིབས་ཐལ།།
ངའི་གློ་སྙིང་ཁ་ལོ་བསྐོར་ཐལ།།
ངའི་ཡ་ཆུང་འཁྱག་གིས་བསྡམས་ཐལ།།
ཡིད་སྐྱོ་ངལ་དྲག་པོས་གཟིར་རུང་།།
ཕྱིར་ཟློག་པའི་ལམ་ཞིག་ལྟ་ཅི།།
མ་ངེད་གཉིས་ཐུག་སྐལ་ཆད་ཐལ།།
ཨ་ཤི་རེ་བུ་ང་སྙིང་རྗེ།།
ཆོས་གཟིན་རྗེའི་རྒྱལ་བོའི་བཀའ་འདྲའི།།
གན་དབང་མེད་ཁྱིམ་བདག་བཙན་པོས།།
སྡེ་ལུང་བ་གཅིག་ན་འཚོ་བའི།།
ཕྱུག་སྟོབས་ལྡན་ར་བྷ་ཚང་ལ།།
གནས་སྟེར་བའི་གྲོས་མགོ་གཤིབ་ཐལ།།
རྟགས་སྟོན་མོར་དུས་ཆད་བཞག་ཐལ།།
དུས་དེ་རིང་ཉིན་མོའི་ཕན་ཆད།།
དུང་ཞེ་བརྩེ་འཕེན་ས་གཞན་རེད།།
སེམས་སྙིང་ཆུང་གཏོད་ས་གན་རེད།།
འདི་ཞིབ་ཏུ་བསམ་ན་སྡུག་རེད།།
སྡུག་མུན་པ་དྭངས་ཐབས་མེད་གི།
ང་འདྲ་འདྲའི་བུ་ཆུང་ལས་ངན།།
ལས་ངན་རུང་བཅོ་ཐབས་མེད་གི།
གྲོགས་དམ་པ་སྐྱབས་གསུམ་མགོན་པོ།།
དམན་ང་ལ་སྡོང་གྲོགས་མཛོད་དང་།།
སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ།།
བུ་ང་ལ་ལམ་ཞིག་སྟོན་རོགས།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེ་འཁྲེང་མིག་ཆུའི་དོ་ཤལ།

2013-09-23 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

 

 

རི་ཕྲེང་བ་ཚར་དུ་དངར་ས།།
ཤིང་སིལ་སྡོང་ཚང་ཚིང་སྐྱེས་ས།།
བྱེའུ་འཇོལ་མོའི་གླུ་སྐད་སྙན་ས།།
མདོག་སྣ་ཚོགས་མེ་ཏོག་བཀྲ་ས།།
ཆུ་རྨ་ཆུ་ལྷོད་ཀྱིས་བཞུར་ས།།
རྟེན་འགངས་ཆེན་ལྷ་སྲུང་བཙན་ས།།
འཇམ་མཁའ་དབུགས་དྭངས་ཤིང་གཙང་ས།།
གནས་སྐྱིད་པོ་རྟེན་རྫོང་ཁྲི་ཀ།
སྔོན་ཚེ་བསོད་ལས་དབང་ཞིག་གིས།།
ཞེ་འདང་ཆེན་གཡུ་སྒྲོན་ངེད་གཉིས།།
རྫོང་མི་རིགས་སློབ་འབྲིང་ནང་དུ།།
ལས་སློབ་གསོའི་གཞི་རྐང་འདྲ་སོང་།།
མཉམ་གཅིག་ཏུ་འཛོམས་སྐལ་འགྲིག་སོང་།།
གོང་མགོ་ཁྲིད་བློ་རྒྱ་ཅན་པོས།།
ཇུས་འཆར་འགོད་གོར་མོ་ཞིག་གིས།།
མ་ངེད་གཉིས་སྒྲུབ་ཁང་གཅིག་ནས།།
གཞུང་ལས་དོན་སྐྱོང་དགོས་བྱུང་སོང་།།
དཔེ་བཞག་ན་རེ་འདོད་མྱུ་གུ།
ཞིང་གྲུ་བཞིའི་པང་ནས་འཁྲུངས་འདྲ།།
ལུས་ལང་ཚོ་དར་ལ་བབ་དུས།།
གནས་ཞིང་བཀོད་ཟི་ལིང་གྲོང་གི།།
གླིང་སློབ་ཆེན་གཅིག་ལ་ཁེལ་ཡོད།།
རྒན་བཤེས་གཉེན་གཅིག་གི་དགེ་ཕྲུག།
གནས་བཅུ་ཕྲག་ཡོན་ཏན་མཉམ་སྦྱོང་།།
རང་སོ་སོའི་འདུན་མའི་སླད་དུ།།
དུང་བརྩེ་བ་ལྒིང་ཁོམ་མ་བྱུང་།།
སྤོབས་བསྐྱེད་དེ་དགའ་ཚུལ་མ་སྟོན།།
དོན་ངོ་མར་ཡ་ཆུང་ཁོག་དང་།།
སེམས་གངས་དཀར་རས་གཞིའི་ངོས་ན།།
དགའ་དྲགས་པའི་མེ་ལྕེ་འུར་འུར།།
ཞེ་དུངས་པའི་སྙིང་ཆུང་ལྷོག་ལྷོག།
རྒན་དམ་པའི་སློབ་ཁྲིད་བགྱིད་དུས།།
ཤེས་ཡོན་ཏན་བུམ་པ་གང་བྱོ།།
ཕྱོགས་རིས་མེད་བློ་ངོར་བཀོད་ཀྱང་།།
སྐྱོན་ཁ་སྦུབ་ལྟ་བུའི་ལེ་ལོས།།
ཤེས་ཡོན་ཏན་རྒྱུད་ལ་མི་འཁོར།།
དུས་རྒྱུན་པར་ལོབས་ཕྱོགས་གཅིག་ལ།།
མཛེས་མེ་ཏོག་ལྟ་བུའི་སྙིང་སྡུག།
འོག་ལྐོག་མིག་ལང་ལིང་བསྐོར་ཡོད།།
རྒྱབ་རོ་སྟོད་ཁུད་དུ་དཔྱངས་པའི།།
གནག་སྣུམ་པོའི་ལྕང་ལྕུག་ལན་བུ།།
མིག་ཧྲིག་གེར་འཛུམ་གྱིས་ལྟ་ཞོར།།
སེམས་རྒྱ་ཡན་ཕྱི་རོལ་འགྲིམས་ནས།།
ཡིད་འཕྲུལ་བའི་འཆར་ཡན་ཕྱེ་ཚེ།།
ཞལ་གོར་མོ་བཅོ་ལྔའི་ཟླ་འདྲའི།།
ངའི་སེམས་ཀྱི་སྙིང་སྡུག་ངེད་གཉིས།།
གཟུགས་ལུས་པོ་མཉམ་གཤིབ་བྱས་ཏེ།།
འཛུམ་དགའ་དགོད་མེ་ཏོག་འདྲ་བོ།།
གནས་གྲུ་བཞིའི་སློབ་ཁང་ནང་གི།།
འདུག་ཅོག་ཙེ་གཅིག་ནས་བཞད་དེ།།
དོགས་དཀའ་གནད་མདུད་རྒྱ་མཉམ་གྲོལ།།
རིག་ཤེས་བྱའི་འོ་མ་མཉམ་འཐུང་།།
གཡུ་སྦྲང་ཆུང་གཉིས་ལ་འཕྱ་བའི།།
ཞེ་ཐོགས་པའི་ཉམས་འགྱུར་དོད་པོ།།
སྐྱིད་འཁོར་བའི་རྒྱན་གཅིག་རེད་འདོད།།
བློ་སྒྲིམ་ནས་ཡར་མར་ལྟ་དུས།།
ཐང་འབྱམས་ཀླས་བྱེ་མའི་ཀློང་གི།།
གཟུགས་མི་རྟག་སྨུག་རྒྱུའི་ཚུལ་འདྲ།།
མིག་འཕྲུལ་བའི་གར་འཁྱུག་གློག་འདྲ།།
ཆོས་སྟོང་བ་སྟོང་འདང་ཁོ་ན།།
ལུས་ལང་ཚོ་གཉོམ་ལག་རྒྱས་དུས།།
མ་ངེད་གཉིས་འཛིན་གྲྭ་གཅིག་རུང་།།
ངར་དགའ་བའི་ཏིལ་འབྲུའི་ས་བོན།།
ཞེ་བསམ་ན་སྟེར་འདོད་ཡོད་རུང་།།
དུང་བརྩེ་བ་ང་ལ་མ་དབང་།།
གཟའ་ཉི་མའི་ངལ་གསོ་ཞིག་གི།
དགོང་ཕྱི་དྲོའི་ས་རྩ་རུབ་དུས།།
བརྩེ་འདང་ཡོད་ཨ་འགྲིག་ཆ་འགྲིག།
དཔུང་སྡེབ་ནས་མཉམ་འགྲོ་བྱེད་གི།
ཁ་བགད་ལེ་འཛུམ་རིས་སྟོན་གི།
མཛེས་སྐྱེད་ཚལ་མེ་ཏོག་ཚོགས་ལ།།
གཡུ་རྐང་དྲུག་སྦྲང་མ་འཁོར་འདྲ།།
འགྲོ་གོམ་པའི་ལེན་ཕྱོགས་ཤིག་ལ།།
ཁང་ཐོག་བརྩེགས་གྲུ་ཟུར་ཞིག་ཏུ།།
མཚན་མི་ཐོགས་སྟག་ཤར་ཞིག་དང་།།
མ་བུ་མོ་གཡུ་སྒྲོན་གཉིས་ཀས།།
མགོ་བསྡུས་ནས་སྙིང་གཏམ་ཚུལ་གྱིས།།
ཚིག་སྐད་ཆའི་ལྷུ་རྐང་སྒྲིག་ཞོར།།
ཞེ་མཐུན་པའི་ཧབ་ཆ་དགོད་གི།
ཐག་ལེ་དབར་རིང་པོ་ཆོད་ཀྱང་།།
མོའི་ལྷན་སྐྱེས་དགོད་སྒྲའི་འགྱུར་ཁུགས།།
ངའི་རྣ་འཛིན་ཡུལ་དུ་ལྷུང་གི།
སེམས་དམར་པོ་ཙག་ཤད་རྒྱུག་གི།
ཞེ་སྣང་བའི་མཐུན་ལུགས་ཤིག་གམ།།
སྟག་ཤ་རའི་ཕོ་སྒོའི་རྐྱེན་གྱིས།།
དམན་ང་ལ་ཐོབ་སྐལ་མེད་སོང་།།
ཐོབ་མེད་རུང་དགའ་དུངས་སེམས་པ།།
རྡོ་བྲག་ལ་བཏབ་འདྲའི་རི་མོ།།
འདི་སུ་དང་གང་གིས་མི་གསུབ།།
དུས་རེས་མོས་འཁོར་སྐྱོད་ཀློང་ནས།།
ལོ་བཞི་བོའི་སློབ་ཆེན་འཚོ་བ།།
སྡུག་ཁུར་བོ་ཞིག་ལ་གཞིབ་ནས།།
སེམས་སྟོང་འདང་ཞིག་ལ་འཐིམས་ནས།།
འདི་ཇི་ལྟར་འདས་པ་མ་ཤེས།།
རང་སོ་སོའི་འདུན་མའི་སླད་དུ།།
བྱེའུ་བྱ་བརྒྱ་གཤོག་རྩལ་རྒྱས་ལྟར།།
གནས་ངེས་མེད་ཁ་འཐོར་དགུ་འཐོར།།
ལས་མཛད་འཕྲིན་བསྐྱང་ལ་བྲེལ་སོང་།།
གྲོགས་གྲོགས་མོའི་ཁ་ཐག་ཆད་སོང་།།
གནས་རྒྱང་ཐག་རིང་བོ་ཆོད་ཀྱང་།།
རིག་སློབ་བུ་རེ་འགའི་དུང་བརྩེ།།
ལྷད་མི་འདྲེས་འོ་མའི་ཡན་རེད།།
བརྩེ་མི་འགྱུར་རྡོ་རྗེའི་བརྟན་རེད།།
དུས་ལོ་གཅིག་མི་འགོར་ཡུན་ལ།།
མ་གཡུ་སྒྲོན་དོན་གྲུབ་གཉིས་ཀའི།།
དུང་བརྩེ་བར་ཆག་གྲུམ་ཤོར་ནས།།
ཞེ་སྣང་བའི་རྒྱུན་ཐག་བཅད་དེ།།
ལས་མི་གཅིག་ཁ་ཕྱོགས་ཟློག་གི།
མཐུན་བརྩེ་བའི་ཨ་ལོང་གྲོལ་ཏེ།།
འདོད་མི་གཅིག་ཁ་ཁ་སྙེག་གི།
ངའི་གངས་དཀར་སེམས་ཀྱི་འདོད་རེད།།
འདོད་ཡིན་རུང་གཡུ་སྒྲོན་གན་གི།
ཡིད་ཁང་བཟང་གྲུ་བཞིའི་ནང་ན།།
སྟག་ཤ་ར་སུ་ཞིག་བཅུག་ཡོད།།
དུང་བརྩེ་བ་གང་ལ་འཕངས་ཡོད།།
བགེག་ཡོད་ཀྱང་ལས་སྐལ་ཆུང་ངུ་།།
གནས་ཁྲི་ཀའི་ཡུལ་ནས་བཞད་སོང་།།
རྫོང་སློབ་འབྲིང་གླིང་ནས་བརྡོལ་སོང་།།
དུས་རྒྱུན་པར་གཞུང་དོན་སྒྲུབ་ན།།
མིག་ཁྲ་རིལ་ལྟ་ཕྱོགས་བདེ་གི།
སེམས་དྲོན་མོས་གླན་ས་ཉེ་གི།
ཚིག་ལྷུ་རྐང་སྒྲིག་ས་འགྲིག་གི།
དཔེ་བཞག་ན་དགོས་འདོད་རིན་ཆེན།།
ཕར་མ་བཙལ་འཁྲིས་སུ་ལྷུང་འདྲ།།
འདེགས་གདུང་མ་ཀ་བར་འགྱུར་བའི།།
ཆུང་སློབ་བུའི་མདུན་ལམ་བསམ་ཞོར།།
ནངས་སྔ་ལངས་དགོང་འཕྱི་རེས་མོས།།
མཉམ་གཅིག་ཏུ་གོམ་འགྲོས་འདུར་བཞིན།།
རིག་སློབ་གྲྭའི་ར་སྐོར་ཀུན་ཏུ།།
ལུས་གྲིབ་མ་ལྟར་དུ་འགྲོགས་ནས།།
མཛད་འཕྲིན་ལས་རྒྱས་པའི་དོད་དུ།།
འབད་ཧུར་ཐག་བརྩོན་པ་བསྐྱེད་དེ།།
དེབ་བམ་པོ་བྲག་རི་བརྩིགས་རུང་།།
སེམས་ཞིབ་མོས་དཔྱད་འཇོག་བྱས་ཡོད།།
ནར་སྒོ་སམ་ཁ་ཞེང་ཆེ་རུང་།།
ལག་ས་སྨྱུག་ལྷན་དུ་བརྡར་ཡོད།།
དོན་དཀའ་གནད་ཐང་མར་བརྡལ་ཡང་།།
ཉིན་གཅིག་གི་དུས་ཚོད་ཕན་ཆད།།
མཚན་སྨག་རུམ་དགུང་ལ་གྱོན་ཡང་།།
གཞུང་ལས་དོན་སྒྲུབ་ཁང་ནང་དུ།།
མགོ་ནག་རིས་གཅིག་ལ་གཤིབ་ནས།།
གཟབ་ནན་མོས་སྨིན་མ་བསྡུ་ཞོར།།
ཁུངས་བཙུན་པའི་དཔྱད་གཞི་བསློགས་ཏེ།།
རྐྱ་བཀར་ནས་གསེལ་འགྲོལ་བྱས་ཡོད།།
མཇུག་འབྲས་ལེགས་ཐོབ་པའི་ཕྱིར་དུ།།
མ་ངེད་གཉིས་རྡོག་རྩ་སྒྲིལ་ཡོད།།
དཀའ་སྡུག་རུས་ཐོད་དུ་བླངས་ཡོད།།
དུས་རྟག་ཏུ་རྒྱུན་འཁྱོངས་བྱས་ཡོད།།
ལུས་སེམས་པ་ཚེགས་པའི་རྐྱེན་གྱིས།།
མ་གཡུ་སྒྲོན་བརྩོན་སེམས་ཅན་པོའི།།
ཤ་རིད་ནས་ལུས་ཀྱང་སྐམ་ཐལ།།
མདངས་ཉམས་ནས་མཛེས་ཆ་བོར་ཐལ།།
ཡིད་སྐྱོ་ནས་སེམས་གསོའི་ཚབ་ཏུ།།
སྤྱིར་རྗེས་རབས་བོད་པའི་ལས་དོན།།
འདི་མ་སྐྱུང་གཙུག་ཏུ་བཀུར་བ།།
སྨན་མཛངས་མ་ཞིག་གི་རྟགས་རེད།།
དེ་ཡིན་ཡང་རང་ལུས་རིན་ཆེན།།
འདི་མ་དོར་བདག་སྐྱོང་བྱ་དགོས།།
དེ་མིན་ན་ལུས་ཟུངས་ཟད་ནས།།
བུ་སློབ་བུའི་ཕུགས་བསམ་དྲོན་མོར།།
སྣེ་ཡག་པོ་ཁྲིད་རྒྱུ་དཀའ་གི།
མོས་སེམས་པས་ཐོས་པའི་བརྡ་ལ།།
འཛུམ་ལངས་ནས་བརྡ་ཞིག་སྟོན་གི།
ངའི་གཡར་བའི་ལུས་གཟུགས་ཧྲིལ་བོ།།
སྦྲིད་འཐོམ་མེར་དྭངས་མཐའ་མེད་ཐལ།།
དགའ་ལྷད་མེད་ཡིན་པའི་རྟགས་རེད།།
མོར་དུངས་བའི་འཁྲུལ་མེད་བརྡ་རེད།།
སེམས་རྣམ་དག་ཆུ་ཤེལ་འདྲ་བོ།།
ནམ་ཡིན་རུང་མོ་ལ་གཏད་ཡོད།།
མ་ངེད་གཉིས་འདི་ནས་འཕྲད་པ།།
ཚེ་སྔོན་བསགས་ལས་ཀྱི་འབྲས་རེད།།
འདི་བསམ་ན་ཡིད་ཀྱི་ནམ་མཁའ།།
སྔོ་ཡུག་ཡུག་རྒྱུན་དུ་དྭངས་གི།
སེམས་ཡ་ཆུང་དྲོད་ཀྱིས་ཁེངས་གི།
སྐབས་གཅིག་གི་སློབ་ལོ་འདས་ནས།།
དགུན་གུང་གསེང་ངལ་གསོ་ཐོན་ཐལ།།
འགྲོ་ལམ་སྣེ་ཁ་ཕྱོགས་སོ་སོ།།
བར་ཁ་ཐག་ལེ་དབར་ལྔ་བརྒྱ།།
འདི་བསམ་ན་སྙིང་སྡུག་གཡུ་སྒྲོན།།
དུས་གཏན་དུ་འབྲལ་འདོད་མི་སྐྱེས།།
ངའི་སྙིང་གི་ཕྱེད་ཀ་ཁྱོད་ཡིན།།
ངའི་སེམས་ཀྱི་ཚེར་ཡ་ཁྱོད་ཡིན།།
འདི་ཡིན་ཡང་འབྲལ་དགོས་བྱུང་ན།།
ལས་བསྐོས་ཐང་འགྱུར་བག་དཀའ་གི།
ཁ་བྲལ་བའི་ཉིན་མོའི་ནངས་མོར།།
ས་ཁྲི་ཀ་གསེར་རྨིག་རྫོང་གི།
འཕྲུལ་རླངས་འཁོར་ས་ཚིགས་ཁྲོད་ནས།།
མིག་མཆི་མ་རྨ་ཆུར་བསྲེས་ཏེ།།
ཡིད་སྐྱོ་བ་སྨུག་ལ་གཅོལ་ནས།།
གྱེས་ཕྱག་བརྡའི་བར་ནས་བསྐྱུར་ཏེ།།
རང་སོ་སོའི་ཡུལ་ལ་སྙེག་སོང་།།
འཕྲལ་གློ་བུར་གམ་ནས་བྲལ་ན།།
དངོས་རྩ་ཆེན་བོར་སྟོར་བྱུང་འདྲ།།
དོན་གལ་ཆེན་ཡིད་ནས་བརྗེད་འདྲ།།
ཡིད་སྡུག་བསྔལ་རབ་ཏུ་གནོན་དཀའ།།
སྐྱོ་མུན་པ་མཐར་སྐྲོད་བྱ་ཆེད།།
ཁོམ་བར་སྐབས་དུས་ཀྱི་གསེང་ནས།།
དྲན་གདུངས་བས་བརྡ་འཕྲིན་བསྐུར་ཏེ།།
བརྩེ་གསེར་སྐུད་དམ་དུ་འབྲེལ་ནས།།
མྱུར་མཇལ་བའི་སྙིང་གཏམ་ལྒིང་ཡོད།།
ཉིན་ཞིག་གི་ཉིན་མོ་འདས་ནས།།
དགོང་མཚན་མོ་སྨག་རུམ་ནག་དུས།།
སྤྲིན་ནག་པོ་ལང་ལོང་འཁྲིགས་གི།
རླུང་འཚུབ་མས་སྐོར་འཚུབ་རྒྱག་གི།
གན་སྐུད་མེད་ཁ་པར་གྲགས་ཐལ།།
ལྟས་ངན་པ་ཞིག་གི་རྟགས་རེད།།
འཛེམ་དོགས་པ་སེམས་ནས་འཆར་ཞོར།།
ཞེ་འཚེར་ནས་ཁ་པར་ལང་པར།།
ངའི་སྙིང་སྡུག་གཡུ་སྒྲོན་གན་གིས།
སྐད་དམའ་མོས་བདེ་འཚམ་འདྲི་གི།
ཡིད་ཉིས་འགལ་ཐེ་ཚོམ་སྐྱེས་བཞིན།།
ངས་ཅི་བྱུང་གང་བྱུང་དྲིས་པར།།
སེམས་སྨྲེང་བའི་མགྲིན་པ་བརྣངས་ཏེ།།
དོན་རྡོག་རྡོག་སྐད་ཆ་ཤོར་དཀའ།།
བསམ་བསམ་ནས་ཚིག་འགའ་ཤོར་ནོ།།
ངའི་བརྩེ་དུང་རང་དབང་མེད་ཐལ།།
མ་ང་ལ་བྱ་ཐབས་ཟད་ཐལ།།
ངའི་མདུན་ལམ་བར་གེགས་ཐོན་ཐལ།།
དྲིན་ཕ་མའི་གསུང་སྒྲོས་བཀའ་རེད།།
བཀའ་བཙན་པོ་རྒྱལ་བོའི་ཁྲིམས་རེད།།
ཁྲིམས་བཙན་པོ་དབྱར་ཁའི་ཐོག་རེད།།
ཁ་ཡར་གྲགས་ཚིག་རྐང་དང་པོས།།
ངའི་མིག་ལམ་སྨག་གིས་བསྒྲིབས་ཐལ།།
ངའི་གློ་སྙིང་ཁ་ལོ་བསྐོར་ཐལ།།
ངའི་ཡ་ཆུང་འཁྱག་གིས་བསྡམས་ཐལ།།
ཡིད་སྐྱོ་ངལ་དྲག་པོས་གཟིར་རུང་།།
ཕྱིར་ཟློག་པའི་ལམ་ཞིག་ལྟ་ཅི།།
མ་ངེད་གཉིས་ཐུག་སྐལ་ཆད་ཐལ།།
ཨ་ཤི་རེ་བུ་ང་སྙིང་རྗེ།།
ཆོས་གཟིན་རྗེའི་རྒྱལ་བོའི་བཀའ་འདྲའི།།
གན་དབང་མེད་ཁྱིམ་བདག་བཙན་པོས།།
སྡེ་ལུང་བ་གཅིག་ན་འཚོ་བའི།།
ཕྱུག་སྟོབས་ལྡན་ར་བྷ་ཚང་ལ།།
གནས་སྟེར་བའི་གྲོས་མགོ་གཤིབ་ཐལ།།
རྟགས་སྟོན་མོར་དུས་ཆད་བཞག་ཐལ།།
དུས་དེ་རིང་ཉིན་མོའི་ཕན་ཆད།།
དུང་ཞེ་བརྩེ་འཕེན་ས་གཞན་རེད།།
སེམས་སྙིང་ཆུང་གཏོད་ས་གན་རེད།།
འདི་ཞིབ་ཏུ་བསམ་ན་སྡུག་རེད།།
སྡུག་མུན་པ་དྭངས་ཐབས་མེད་གི།
ང་འདྲ་འདྲའི་བུ་ཆུང་ལས་ངན།།
ལས་ངན་རུང་བཅོ་ཐབས་མེད་གི།
གྲོགས་དམ་པ་སྐྱབས་གསུམ་མགོན་པོ།།
དམན་ང་ལ་སྡོང་གྲོགས་མཛོད་དང་།།
སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ།།
བུ་ང་ལ་ལམ་ཞིག་སྟོན་རོགས།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།