སྤྱང་སྐྱ་བོ།

བྱང་ཕྱོགས་ཀྱི་བྱེ་རླུང་འཚུབ་སྟངས་ཤིག་གིས
སྐར་མདའ་བཞིན་ཆད་པའི་ཁྱེད་ཀྱི་རྣམ་ཤེས
ཆུ་ཁའི་སྡོང་ལོ་ཞིག་གི་གྲིབ་གཟུགས་སུ་ཤར་ཉིན་ནས
སུ་ཞིག་གི་དངན་པ་རྒྱང་ལ་མ་ཤོར

ཝ་མོའི་ཧམ་སེམས་ཀྱིས་གཙེས་པའི་ལུང་བ་སྒོར་མོ
སྤྱང་དར་མའི་རྔུལ་ཁྲག་གིས་ཉོས་པའི་ས་ནག་པོ
རི་སྤྱང་སྐྱ་བོ་ཞིག་ཇག་ལ་སོང་བའི་གཏམ་རྒྱུད་དེ
ཁྱེད་ཀྱི་ལྗིད་ཏིག་ཏིག་གི་ཤུགས་རིང་ཡིན་སྲིད་ལ
དགྱེ་ཆོག་ཆོག་གི་མགོ་བོ་ཡང་ག་ལ་མིན

ཤ་ཟ་བ་དེ་ཁྱེད་རང་གཅིག་པུ་མིན་ཡང
སྡང་མིག་དང་མཆིད་ཞགས་རིང་མོ་དེ་ཁྱེད་ཀྱི་ལམ་ཡིག་ཏུ་གྲུབ་ཚར
ཟུག་སྐད་རྫ་ལ་འཁོར་བའི་ཆར་ཞོད་དེའི་ཁྲོད་དུ
ཁྱེད་ཀྱིས་ཕར་རྒོད་རྩུབ་པོ་ཞིག་གི་གླུ་སྒྲ་གླིང་འདིར་འཐེན

ཁ་ཆར་བུ་ཡུག་གི་རྔམ་ཁ་རྒོད་པོས
ཁྱེད་ཀྱི་ངུ་ཟུག་ལ་གཟུགས་མེད་ཀྱི་རྨ་ཁ་བཟོས་དུས
རྒྱང་ལ་གཏད་པའི་གཅིག་སྒྲིལ་རང་རྒྱལ་གྱི་སྤོབས་པ་དེ
སྤྱང་སྐྱ་བོ       ཁྱེད་ཀྱི་བརྗེད་ཡོད་དམ

 མུན་ནག་པའི་མཚན་ལྗོངས་གྲང་མོ་འདིར
ཁྱེད་རང་སང་ཉིན་གྱི་ལམ་བྲོ་དེའི་སླད་དུ
རི་མཐོན་པོ  ཆུ་བྲུག་པོ  རྫ་སྨུག་པོ
སེམས་གྱིས་ལུས་དྲུད་དེ་མདུན་ལ་འདུར་དུས
ཁྱེད་ཀྱི་བུ་མོ་གཞུག་གི་རྔོན་པར་ཞེད
ཁྱེད་ཀྱི་བུ་ལོ་སྔུན་གྱི་ལམ་ལ་འཇིགས

གླད་རྒྱངས་ རིང་མོ་ཞིག་གི་དྲི་བ་དེ
ཁྱེད་ཀྱིས་ལྷ་སྒྲུང་རྫུན་མ་ཞིག་གི་ཚབ་ལ་བྱིན
སུ་ཞིག་གི་དད་པ་དང་མཚོན་སྲུང་ལྟ་བུའི་སྤྱང་སྐྱ་བོ
མིང་མེད་ཀྱི་ལུང་ཁོག་ཅིག་གི་རླུང་ཁ་ན་ཟད་པའི་བེམ་པོ་དེ་ག་ལ་ཡིན

སྤྱང་སྐྱ་བོ
ཉི་འོད་ལྷམ་མེར་འཚེར་བའི་མཚན་མོ་ཞིག་ལས
མུན་པ་སྟུག་པོས་སྒྲིབ་པའི་ཉིན་མོ་ཞིག་ཁྱེད་ལ་མཁོ
འདུར་དང
ཟླ་འོད་མེད་པ་དེ་ཁྱེད་ཀྱི་ཁ་ཟས་ལགས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱང་སྐྱ་བོ།

2013-09-18 སོག་སེར་ཆོ་ནཱི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།