ཤ་གཅིག་ཁྲག་གཅིག་དག་ལ།

དབང་ཆེན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-18

         ----ཉེ་མི་འགའ་ཤས་ལས།
རྒྱུན་བུ་སྣེ་རིལ་གཉིས་ཀྱི་ཁུག་ལ་ཐོགས་པའི།།
ཤོར་མིན་བཏགས་མིན་སྣང་བའི་འབུ་ཆུང་ཚོ་ལ།།
ང་ཡིས་སྟག་དང་སེང་ལ་སེམས་བསྐྱེད་བྱས་ནས།།
སྡེ་བ་བརྒྱ་བོའི་གཞུང་ནས་ལྟད་མོར་གྲབས་སོང་།།
 
ལས་ཀྱིས་རྒྱང་ལ་ཁྱེར་བའི་མགྲོན་པོ་ཚོ་ནི།།
ཡིད་ཀྱི་དུངས་ཀ་ཉེ་ཉེའི་སྣང་བ་འདྲ་ཡང་།།
རོ་དང་བཅུད་ཀྱིས་གཏམས་པའི་ཐུག་པ་ཁོལ་ན།།
ཐུར་མ་རིང་ཐུང་བཟུང་ནས་སྡོ་ལ་འཐབ་སོང་།།
 
རྩག་དང་པགས་པ་གཅིག་གི་འོག་ནས་འཕག་ཏེ།།
ཆགས་སྡང་སྔུར་བ་རིང་མོ་མཉམ་དུ་འཐེན་ཡང་།།
འཚོ་བ་རྨི་ལམ་འདྲ་མོ་རྨིས་སྟངས་འགལ་བས།།
ང་ཡི་ཆགས་འཇིག་ཁྱོད་ཀྱིས་མྱངས་རྒྱུ་མ་བྱུང་།།
 
འུ་ཚང་འུ་ཚང་ཟེར་ནས་འཛུམ་མཁན་མང་ཡང་།།
འུ་ཚང་འདི་ལ་འཁེལ་ནས་ཁྲིད་མཁན་མེད་སོང་།།
སྨུག་པའི་གསེང་ལ་འདྲེས་བའི་བཤད་ཚུལ་འདི་ལས།།
བཙལ་ནས་རྙེད་རྒྱུ་མེད་པ་འུ་ཚང་རེད་འདུག །
ང་ཡིས་ནམ་མཁའ་འདྲ་བའི་མེ་ལོང་ཕྱིས་ཀྱང་།།
རྒོད་པོ་རལ་བ་ཅན་གྱི་གཤོག་རྩལ་མ་མཐོང་།།
གློག་འོད་ཆེམ་ཆེམ་འཕྲོ་བའི་འདུ་ཁང་ལོགས་ན།།
མོ་དང་ལུང་བསྟན་ཞུ་མཁན་སུ་ཞིག་ཡིན་ནམ།།
 
མཁའ་ཡི་ལྕགས་བྱ་འཕུར་བའི་སྒྲ་ཡིས་ལན་ནམ།།
ས་ཡི་ཁང་བརྩེགས་སྒྲིག་པའི་གྲིབ་མས་ལན་ནམ།།
འོ་ཇ་ཧུབ་ཀྱིས་འདྲེན་པའི་སྟ་གོན་སྐྱུར་ནས།།
ང་ཡི་ཉེ་མི་དེ་ཚོ་སྐྱ་ཞོགས་རྒྱབ་སོང་།།
 
གོ་རིམ་མདོག་གིས་འབྱེད་པའི་ཚོགས་འདུ་ཞིག་ན།།
སྐད་གདངས་དབྱངས་རྟར་བསྟུན་ནས་གནས་ལུགས་སྟོན་མཁན།།
ང་ཡི་ཕུ་ནུ་མིན་པའི་ངེས་པ་མེད་ཅེས།།
ཁ་མིག་བརྒྱ་སྟོང་མང་པོས་རྣ་རྩར་ལབ་བྱུང་།།
 
ཚ་དང་ཙད་ཀྱིས་སྐམ་པའི་དབྱར་ཁ་ཡིན་ནམ།།
རླུང་དང་བ་མོས་བཅོམ་པའི་སྟོན་ཀ་ཡིན་ནམ།།
རབས་ཀྱི་བུམ་པར་བཙུགས་པའི་མེ་ཏོག་མ་བཞད།།
རྒྱུད་ཀྱི་ཞིང་ལ་བཏབ་པའི་གྲོ་འབྲུ་མ་སྨིན།།
 
ཅིར་ཡང་ཤ་ཉེ་ཡིན་པ་བརྗེ་ཐབས་མི་འདུག །
ངོ་གདོང་རི་མོར་ཕབ་པ་སྣོག་ཐབས་མི་འདུག །
ཁ་སྣའི་བར་ཐག་རྩོད་པའི་ཁོག་དཔུང་བཟུང་ན།།
ཚེ་བསོད་རླུང་རྟ་དར་བའི་གཟུང་ཐག་རྙེད་འོང་།།
 
ལྷམ་ཆུང་བདེ་མོ་ཅན་ཚོ་སྔུན་ལ་མ་འགྲོ །
རྐང་འབོབ་རལ་པོ་ཅན་ཚོ་གཞུག་ལ་མ་སྙིགས།།
ང་ཡིས་སྙན་ངག་དམ་པའི་གསོལ་སྟོན་བཤམས་ཡོད།།
མགོ་དཀར་སོ་དཀར་འཛོམས་ཚད་འདི་ལ་འཁོར་ཤོག །
       ༢༠༠༠ནས་༢༠༡༣ བར་ལ་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤ་གཅིག་ཁྲག་གཅིག་དག་ལ།

2013-09-18 དབང་ཆེན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།