མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན།
འཁྱགས་པས་རེ་བ་བཅུམས་པས་སྐར་མ་རབ་རིབ་འདར།།
ཡོལ་བས་བདེན་པ་གཡོགས་པས་ཟླ་བ་རྟ་རྨིག་ཤར།།
རྔམས་པས་ཧབ་དགོད་ཤོར་བས་འུག་སྒྲ་བྲག་ཅར་འཁོར།།
མུན་པའི་སློག་རྡིག་བཀབ་པས་རླུང་བུའི་ཤིག་ཡང་འདུར།།
ཕྱི་ཐུམ་བལ་གྱིས་བཏུམས་པའི་ཚེར་མའི་མལ་གདན་ཐོག་ན།།
མས་མད་མིག་ཟུང་སྐམ་ཞིང་མ་ཁ་སོ་ཡིས་སྡོམ་མོ།།
མ་བསྐོས་ཨ་ཁུ་ཨ་ནེས་ལྐོག་ལབ་དིར་རེར་བྱེད་དོ།།

རྩོམ་ཁུངས། ངེད་དྲ་བ།