མི་རྟག་རྒྱང་གླུ།
༡
དངོས་ཁམས་མི་རྟག་ལོང་ལོང་འགྱུར་བའི་གཟུགས།།
ལོངས་སྤྱོད་མི་བརྟན་དགའ་དགའི་རྩེད་མོའི་ཚུལ།།
ལྟ་བ་མི་གཅིག་སོ་སོའི་རང་ལུགས་ཙམ།།
ཡང་དག་རེ་མོས་འདུར་འདུར་གང་ལ་སྙེག།
༢
ཚེ་སྲོག་མི་མཁྲེགས་ལམ་ནང་རྩྭ་སྐྱའི་ལུས།།
རྒྱུ་འབྱོར་མི་འདུག་འདབ་སྟེང་ཆུ་ཐིགས་འདྲ།།
གཉེན་ཉེ་མི་བཞུགས་ཚུར་འོང་མགྲོན་པོའི་ལས།།
རེ་རེའི་གཅེས་འཛིན་སེམས་རྟེན་སུ་ལ་བཅོལ།།
༣
འདུ་འབྲལ་མི་ཤེས་འགྱུར་འགྱུར་སྤྲིན་གྱི་ཕུང་།།
འཕེལ་འགྲིབ་མ་ངེས་བསྒྱུར་བསྒྱུར་སྒྱུ་མའི་གར།།
ཡོད་མེད་མི་སྲིད་རབ་རིབ་སྨུག་རྒྱུའི་ཟོལ།།
མཐར་ཐུག་དམིགས་པའི་མཛེས་བ་ཅི་ལ་གཏོད།།
༤
དུས་ནི་འགྱུར་འགྱུར་སྤྲིན་པའི་ངང་ཚུལ་ཅན།།
མི་ནི་གཡོ་གཡོ་ལ་ཁའི་དར་ལྕོག་བཞིན།།
རླུང་ནི་ལྡོམ་ལྡོམ་ཕྱོགས་མེད་འཁྱམ་པོ་སྟེ།།
མཐའ་མར་བདེནབདེན་གནས་ལུགས་སུ་ཡིས་འཇལ།།
༥
དགའ་སྐྱོའི་གཡོ་སྒུལ་མི་བརྟན་དར་སྐྱོད་སྐྱོད།།
དར་རྒུད་འགྱུར་བ་མི་རྟག་མཚོ་སྐྱོམ་སྐྱོམ།།
མི་ཚེ་ལམ་ཁ་མི་འདྲ་དྲ་འཐེན་འཐེན།།
རྣམ་དག་དྲང་བོའི་ཕྱོགས་སྣེ་འདར་སིག་སིག།།
༦
ང་ཡི་ལང་ཚོ་ཡལ་ཡལ་རྫ་ཁའི་སྨུག།
ཁྱོད་ཀྱི་མཛེས་བ་འབྲོ་འབྲོ་རླུང་ཁའི་རྡུལ།།
ཡོད་ཚད་རྣམ་པ་ཉམ་ཉམ་སྟོན་ཁའི་རྩྭ།།
ངེས་བརྟན་རིན་ཐང་བྲིན་བྲིན་ཅི་ལ་དམིགས།།
༧
རྣམ་དཔྱོད་རྣོན་པོ་འཇིག་རྟེན་མཐའ་རུ་བསྲིངས།།
ཤེས་བ་ཟབ་མོ་འགྲོ་དྲུག་གཏིང་དུ་ཟུག།
འདི་ནི་བསླུ་མེད་བདེན་པའི་གད་རྒྱངས་ཏེ།།
མཐར་ཐུག་འོད་སྣང་འདྲེན་པའི་དྭངས་མ་ཡིན།།
2013,1,1 ཉིན་རང་ཁྱིམ་ནས།

རྩོམ་ཁུངས། ངེད་དྲ་བ།