འཚོ་བའི་ཟློས་གར་འཁྲབ་སྟངས།

 

 

ཁ་སང་གྲངས་མེད་ཞིག་ཕར་ལ་འདས་ནས།།
སང་ཉིན་མང་པོ་ཞིག་གམ་ལ་བཅར་ཀྱང་།།
འཚོ་བ་མཐའ་མེད་ཀྱི་བྱེ་ཐང་ཆེན་མོར་།།
སོང་བའི་རྐང་རྗེས་ཞིག་ཡེ་ནས་མི་འདུག།
 
རི་བོ་མཐོ་མཐོ་ཡི་རྩེ་མོ་འགོས་ཏེ།།
ས་སྒང་ཧྲིལ་བོ་ལ་ལྟད་མོ་བསམ་ཡང་།།
མི་གཙང་རྫས་དུག་གི་མཐོང་ལམ་བསྒྲིབ་ནས།།
མིན་པའི་ཁ་དོག་ཞིག་བློ་ལ་བྲིས་སོང་།།
 
གནའ་བོའི་རི་གྲོང་ཞིག་རྒྱབ་དུ་བསྐྱུར་ནས།།
སྲིན་པོའི་གྲོང་ཚོ་ཞིག་ཡུལ་ལ་འཁྲུལ་བས།།
ཤ་སད་རུས་ཐུག་གི་ཕུང་བོ་འདི་ཡང་།།
རྒྱུ་འབྲས་གོ་ལྡོག་གི་ལམ་ལ་གོམས་སོང་།།
 
བབས་ཆགས་གདངས་སྙན་གྱི་ཀྱི་གླིང་བུ་ཁེར་འབུད།།
རྫ་རིའི་ཁོངས་ལ་གསེང་ལྷོད་ཀྱིས་ཁྱབ་ཡང་།།
ཧམ་སེམས་ཟགས་མེད་ཀྱི་ཅེ་སྤྱང་ཚོགས་ལ།།
སྙན་པའི་ཚོར་ཤེས་ཤིག་སྐྱེ་རྒྱུ་མ་བྱུང་།།
 
སྐྲ་ལོ་སིང་སིང་གི་ཡོངས་སུ་གཡོགས་པའི།།
ཁག་མེད་ཉེས་མེད་ཀྱི་ངོ་གདོང་ཆུང་ཆུང་།།
བསླུ་བྲུད་གྲངས་མེད་ཀྱི་འགྲམ་ལྕགས་བཞུས་པས།།
གཡོ་རྒྱུའི་ཕྱི་པགས་ཤིག་མི་གྱོན་རང་གྱོན།།
 
ནམ་མཁའ་སྔོ་སྔོ་གན་གོས་སུ་གྱོན་ཞིང་།།
ས་གཞི་ལེབ་ལེབ་འདི་གདན་ལ་བཏིང་ནས།།
གདོན་མའི་གླུ་སྐད་དེ་དབྱངས་སུ་བཀུགས་ཀྱང་།།
རི་ཀླུང་ཐང་་གསུམ་ཀུན་གྲགས་མེད་ཚོར་མེད།།
 
འགན་འཁྲི་འོས་འཚམ་ཞིག་མགུལ་དུ་དཔྱངས་ནས།།
རྐང་ལམ་ཀྱག་ཀྱོག་ཞིག་ལྡོག་པའི་མནན་ན།།
འཚོ་བ་བསྐྱར་བཟློས་ཀྱི་སྤྱི་འགྲོས་འདི་ལ།།
འགྱུར་ལྡོག་ཨེན་ཙམ་ཞིག་ཨེ་ཐོངས་བསམ་ཡོད།།
                    

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་ཟློས་གར་འཁྲབ་སྟངས།

2013-08-24 ལྕགས་བྱམས་རྒྱལ། ཀློག་གྲངས། མཆན ཡོད།

 

 

ཁ་སང་གྲངས་མེད་ཞིག་ཕར་ལ་འདས་ནས།།
སང་ཉིན་མང་པོ་ཞིག་གམ་ལ་བཅར་ཀྱང་།།
འཚོ་བ་མཐའ་མེད་ཀྱི་བྱེ་ཐང་ཆེན་མོར་།།
སོང་བའི་རྐང་རྗེས་ཞིག་ཡེ་ནས་མི་འདུག།
 
རི་བོ་མཐོ་མཐོ་ཡི་རྩེ་མོ་འགོས་ཏེ།།
ས་སྒང་ཧྲིལ་བོ་ལ་ལྟད་མོ་བསམ་ཡང་།།
མི་གཙང་རྫས་དུག་གི་མཐོང་ལམ་བསྒྲིབ་ནས།།
མིན་པའི་ཁ་དོག་ཞིག་བློ་ལ་བྲིས་སོང་།།
 
གནའ་བོའི་རི་གྲོང་ཞིག་རྒྱབ་དུ་བསྐྱུར་ནས།།
སྲིན་པོའི་གྲོང་ཚོ་ཞིག་ཡུལ་ལ་འཁྲུལ་བས།།
ཤ་སད་རུས་ཐུག་གི་ཕུང་བོ་འདི་ཡང་།།
རྒྱུ་འབྲས་གོ་ལྡོག་གི་ལམ་ལ་གོམས་སོང་།།
 
བབས་ཆགས་གདངས་སྙན་གྱི་ཀྱི་གླིང་བུ་ཁེར་འབུད།།
རྫ་རིའི་ཁོངས་ལ་གསེང་ལྷོད་ཀྱིས་ཁྱབ་ཡང་།།
ཧམ་སེམས་ཟགས་མེད་ཀྱི་ཅེ་སྤྱང་ཚོགས་ལ།།
སྙན་པའི་ཚོར་ཤེས་ཤིག་སྐྱེ་རྒྱུ་མ་བྱུང་།།
 
སྐྲ་ལོ་སིང་སིང་གི་ཡོངས་སུ་གཡོགས་པའི།།
ཁག་མེད་ཉེས་མེད་ཀྱི་ངོ་གདོང་ཆུང་ཆུང་།།
བསླུ་བྲུད་གྲངས་མེད་ཀྱི་འགྲམ་ལྕགས་བཞུས་པས།།
གཡོ་རྒྱུའི་ཕྱི་པགས་ཤིག་མི་གྱོན་རང་གྱོན།།
 
ནམ་མཁའ་སྔོ་སྔོ་གན་གོས་སུ་གྱོན་ཞིང་།།
ས་གཞི་ལེབ་ལེབ་འདི་གདན་ལ་བཏིང་ནས།།
གདོན་མའི་གླུ་སྐད་དེ་དབྱངས་སུ་བཀུགས་ཀྱང་།།
རི་ཀླུང་ཐང་་གསུམ་ཀུན་གྲགས་མེད་ཚོར་མེད།།
 
འགན་འཁྲི་འོས་འཚམ་ཞིག་མགུལ་དུ་དཔྱངས་ནས།།
རྐང་ལམ་ཀྱག་ཀྱོག་ཞིག་ལྡོག་པའི་མནན་ན།།
འཚོ་བ་བསྐྱར་བཟློས་ཀྱི་སྤྱི་འགྲོས་འདི་ལ།།
འགྱུར་ལྡོག་ཨེན་ཙམ་ཞིག་ཨེ་ཐོངས་བསམ་ཡོད།།
                    

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།