ང་ལ་དག་ཁྲུས་གནོངས་དང་།

སྙུག་སྟོབས་བདེ་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-08-22

 

ང་ཡི་སེམས་པར་སྨུག་པའི་ན་བུན་འཁྲིགས་ནས་མནར།།
ང་ཡི་གཟུགས་པོ་ནད་ཀྱི་ཟིན་ཏེ་འགྲོ་བསྐྱོད་དཀའ།།
སེམས་ཀྱི་བ་སྤུ་དག་ཀྱང་ཟད་ལ་ཉེ་བར་འདུག།
ཟིམ་ཟིམ་ཆར་པས་བདག་ལ་དག་ཁྲུས་གཙང་མར་གནོང་།

མགོ་བོ་བྱེ་མས་ཁེངས་ཏེ་ཙོག་པ་ཆགས་ནས་ཡོད།།
ལག་པ་དྲེག་པས་ཚོས་ཏེ་ནག་པོའི་ཕྱིས་རས་འདྲ།།
གཟུགས་པོ་དག་ཀྱང་དྲི་མས་ཟིན་ནས་སྐྱུག་མེར་རྒྱག།
ཆར་སིམ་འདི་ཡི་བདག་ལ་དག་ཁྲུས་ལན་ཅིག་གནོང་།

ང་ཡི་དཔེ་ཆ་དག་ཀྱང་རྙིང་ནས་རུལ་དྲིས་ཁྱབ།།
ཀློག་ཀླད་ནང་གི་ཡི་གེ་དག་ཀྱང་ནག་པོར་གྱུར།།
ཨེ་མ་དེ་རིང་གནམ་ལྷས་གནང་བའི་ཆར་ཟིམ་འདི།།
གཡུ་ཐོག་རྙིང་མས་སྦྱིན་པའི་སྨན་ལས་ལྷག་ཏུ་ཕན།།

ཀྱེ་ཀྱེ་ཕན་པའི་ཆར་སིམ་འདི་དང་འདི་འདྲ་བ།།
གངས་ལྗོངས་ཡུལ་དུ་བབ་ཀྱང་དགོས་ལ་བབ་ཀྱང་ངེས།།
ཀྱེ་ཀྱེ་གནམ་རྒན་མ་དང་ཡུལ་ལྷ་སྤུན་གྲོགས་ཚོ།།
ང་ཡི་ལུས་སྟེང་ཡང་ཡང་བབ་པའི་དཔུང་རོགས་མཛོད།།
           ༢༠༡༣   ༦  ༢  ཉིན།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལ་དག་ཁྲུས་གནོངས་དང་།

2013-08-22 སྙུག་སྟོབས་བདེ་གྲོལ། ཀློག་གྲངས། མཆན ཡོད།

 

ང་ཡི་སེམས་པར་སྨུག་པའི་ན་བུན་འཁྲིགས་ནས་མནར།།
ང་ཡི་གཟུགས་པོ་ནད་ཀྱི་ཟིན་ཏེ་འགྲོ་བསྐྱོད་དཀའ།།
སེམས་ཀྱི་བ་སྤུ་དག་ཀྱང་ཟད་ལ་ཉེ་བར་འདུག།
ཟིམ་ཟིམ་ཆར་པས་བདག་ལ་དག་ཁྲུས་གཙང་མར་གནོང་།

མགོ་བོ་བྱེ་མས་ཁེངས་ཏེ་ཙོག་པ་ཆགས་ནས་ཡོད།།
ལག་པ་དྲེག་པས་ཚོས་ཏེ་ནག་པོའི་ཕྱིས་རས་འདྲ།།
གཟུགས་པོ་དག་ཀྱང་དྲི་མས་ཟིན་ནས་སྐྱུག་མེར་རྒྱག།
ཆར་སིམ་འདི་ཡི་བདག་ལ་དག་ཁྲུས་ལན་ཅིག་གནོང་།

ང་ཡི་དཔེ་ཆ་དག་ཀྱང་རྙིང་ནས་རུལ་དྲིས་ཁྱབ།།
ཀློག་ཀླད་ནང་གི་ཡི་གེ་དག་ཀྱང་ནག་པོར་གྱུར།།
ཨེ་མ་དེ་རིང་གནམ་ལྷས་གནང་བའི་ཆར་ཟིམ་འདི།།
གཡུ་ཐོག་རྙིང་མས་སྦྱིན་པའི་སྨན་ལས་ལྷག་ཏུ་ཕན།།

ཀྱེ་ཀྱེ་ཕན་པའི་ཆར་སིམ་འདི་དང་འདི་འདྲ་བ།།
གངས་ལྗོངས་ཡུལ་དུ་བབ་ཀྱང་དགོས་ལ་བབ་ཀྱང་ངེས།།
ཀྱེ་ཀྱེ་གནམ་རྒན་མ་དང་ཡུལ་ལྷ་སྤུན་གྲོགས་ཚོ།།
ང་ཡི་ལུས་སྟེང་ཡང་ཡང་བབ་པའི་དཔུང་རོགས་མཛོད།།
           ༢༠༡༣   ༦  ༢  ཉིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།