སེམས་ངོགས་ན་བཞད་པའི་ཕ་ས།

རིན་ཆེན་གསེར་གྱི་ས་གཞི་གདན་ལ་བཏིང་ནས།།
སྔོན་པོ་གོས་ཀྱིས་བནབས་བཟའ་ལུས་ལ་གཡོགས་དེ།།
མི་ངོམས་རྩྭ་ཐང་ཡངས་པའི་འབྲོག་གི་འཚོ་གནས་།།
སོག་ཡུལ་མཐོང་བ་ཀུན་སྨོན་བདག་གི་ཕ་ས།།
 
མདུན་རི་མནྟལ་བརྩིགས་འདྲ་དཔའ་རྩལ་རི་བོ།།
རྒྱབ་རི་གླིང་ཆེན་འགྱིང་འདྲ་གཡུ་སྒང་རི་རྒྱུད།།
ལྭ་ཁ་གསེར་ཁྲི་བླ་མའི་གདན་ས་ངོ་མཚར།།
དགའ་ལྡན་བཤད་སྒྲུབ་དར་རྒྱས་བདག་གི་དགོན་ཆེན།།
 
ཀླུ་མོ་སྟོང་གི་གར་ས་ཀླུ་ཡི་ཆབ་བྲག།།
དཔའ་བོ་སྟོང་གི་མཆོད་གནས་དཔའ་བོ་ངར་ལངས།།
བྲག་དགོན་བླ་མ་དམ་པའི་གདན་ས་ཁྱད་མཚར།།
མདའ་ཚན་བཀྲ་ཤིས་དགའ་ལྡན་བདག་གི་དགོན་གླིང་།
 
སངས་རྒྱས་སྟོང་གི་བླ་རི་གྱི་གན་ལྷ་བྲག།།
འདོད་ཁམས་བདག་མོའི་དངུལ་ཁང་མཁའ་འགྲོ་གནས་ཡུལ།།
མ་བཞེངས་ལྷུན་གྱིས་གྲུབ་པའི་གནས་མཆོག་ངོ་མཚར།།
ལྷ་མོ་བླ་མཚོ་གནས་ཁང་བདག་གི་མཆོད་གནས།།
 
རྨ་ཀླུང་དལ་འབབ་རིང་མོ་འཁྱིལ་བའི་ཁུག་ན།
སེར་འོད་ལམ་ལམ་མཆེད་པའི་གསེར་གྱི་དགོན་ཆུང་།།
ཤིང་བཟའ་སྐྱེས་མཆོག་དམ་པའི་ཕྱག་འདེབས་གནང་པས།།
བཀྲ་ཤིས་བདེ་ལེགས་འཁྱིལ་གླིང་བདག་གི་ཆོས་མཁར།།
 
མཐོན་པོ་གནམ་གྱི་ཀ་བ་མཛོ་སྔོན་རྫ་རི།།
འཕྲིན་ལས་མྱུར་མགྱོགས་བདག་པོ་གོ་ཆེན་གཡག་ཞོན།།
གཙུག་ལག་ནོར་བུའི་གདན་ས་གཙང་དགོན་རབ་བརྟན།།
ལྷ་ལྡན་ཆོས་ཀྱི་ཞིང་འདི་བདག་གི་རྟེན་ས།།
 
ཕྱོགས་བཞི་ཆམ་ལ་ཕབ་མཁན་རྡོ་རྗེ་གཟི་འབར།།
མྱུར་མགྱོགས་ཀུན་གྱི་བདག་པོ་རླུང་རྟ་རྟ་དཀར།།
དགེ་འདུན་འདུས་པའི་ཚོགས་ཪྭ་ཆོས་སྒར་དགོན་ཆེན།
བཀྲ་ཤིས་ཆོས་རྫོང་གླིང་དགོན་བདག་གི་དད་ས།།
 
བཙན་པོ་ཨ་མྱེས་གྱི་ལིང་མཆོད་རྟེན་བཞེངས་འདྲ།།
རྩེ་ཡི་འདུས་རི་མཐོན་པོ་གནམ་གྱི་ཀ་བ།།
བར་གྱི་མགོན་པོའི་བླ་མཁར་ཆོས་ཁྲི་བརྩིགས་འདྲ།།
གདོང་གྲོགས་བྱིན་རླབས་མྱུར་མཛད་བདག་གི་གཞི་བདག།
 
རླུང་གཙང་རི་མཐོ་རང་བྱུང་གཏེར་གྱི་ཕྱུགས་ཞིང་།།
ས་བཟང་ཆུ་དྭངས་རྩི་སྨན་མ་ེཏོག་འཁྲུངས་ས།།
མཛེས་པ་བརྒྱ་ཡི་བསྐྲུན་པའི་འཁོད་སྙོམས་ཡངས་པོ།།
དག་ཞིང་མི་ཡུལ་འཕོས་འདྲ་བདག་གི་རྩྭ་ཐང་།།
 
རྭ་རྩེ་རྣོན་པོ་་གནམ་གྱི་ཀ་བ་བཀར་ཞིང་།།
རྨིག་ལུང་གོར་མོ་དོག་མོ་ས་གཞི་བནན་པ།།
དཀར་གཙང་བལ་འཇམ་སྤྲིན་པའི་བང་རིམ་བརྩིགས་པ།།
རྟ་ནོག་ལུག་གི་གཡང་གཏེར་བདག་གི་སྒོ་ཕྱུགས།།
 
སྦྲ་ནག་སྨུག་པའི་ཆོན་ཐག་རྒྱང་ལ་འཐེན་ཞིང་།
སོག་གུར་གོར་མོའི་གུར་སྒོ་དགུང་ལ་སྙེགས་པ།།
སྔོ་ལྗང་རྩྭ་ཐང་སྟེང་གི་ཁྲ་རྒྱན་ངོ་མ།།
བདག་གི་ལྟེ་ཁྲག་ཕོ་སའི་ཁྱིམ་གཞི་དྲོན་པོ།།
 
ཟས་མཆོག་སྦྲང་དཀར་རྩམ་པའི་དྭངས་པ་ཕྱེ་ཞིང་།།
ཐུལ་དཀར་འབྲི་མར་སེར་བོའི་སྣུམ་གྱིས་ཟིན་ས།།
ཤ་ཐུད་ཕྱུར་བ་ཞིམ་པོའི་བཅུད་ཀྱིས་གཏམས་ས།།
ཟས་མཆོག་བདུད་རྩིའི་རོ་འཛིན་བདག་གི་ཁ་ཟས།།
 
མི་གཤིས་རང་ཚུགས་བརྟན་པའི་འབྲོག་གྱི་རྒད་པོ།།
སེམས་གཤིས་བྱམས་བརྩེ་ཆེ་བའི་ཨ་མ་འབྲོག་མོ།།།
བྱམས་སྐྱོང་སྙིང་ནས་གཅེས་པའི་འབྲོག་མི་རྒན་རྒོན།།
བཀའ་དྲིན་གཞལ་ཐབས་བྲལ་བ་བདག་གི་ཕ་མ།།
 
མག་མོག་སྐྱ་རེངས་ཡོལ་བའི་འཛུམ་དཀར་ངོམས་དུས།།
གསོམ་དཀར་ཆུ་ཟོ་རྒྱབ་ལ་དན་སེ་ཁུར་ནས།།
མདང་གསུམ་བཤད་པའི་སྙིང་གཏམ་སེམས་ལ་སྒོམ་བཞིན།།
ཞོགས་པའི་མཛེས་པ་བསྐྲུན་མཁན་བདག་གི་རོགས་ལོ།།
 
དུང་བ་སྟོང་གི་སེམས་ན་མཚོ་བཞིན་འཁྱིལ་ཞིང་།།
དྲན་པ་ཁྲི་ཡི་ངོགས་ན་འོད་བཞིན་འཚེར་བས།།
སྐྱེས་ཡུལ་ཕ་ས་གོར་མོར་ཕུལ་བའི་སྙན་ཚིག།།
འཆར་ཚུལ་རིག་པའི་ཀློང་ནས་འདི་ལྟར་རྡོལ་བྱུང་།།
      ༢༠༡༣་༤་༢༥་ཉིན་རང་ཤག་ནས་བྲིས།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ངོགས་ན་བཞད་པའི་ཕ་ས།

2013-08-18 སོག་མདའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།