སེམས་ཀྱི་མགུར་རིང་།

 

སྲོད་ཀྱི་དུས་ཚིགས་འདི་ལ།།
གྱེས་པའི་ལག་འཇུ་གླན་སོང་།།
སང་གི་སྐྱ་རེངས་ཟེར་བ།།
ད་དུང་ཁ་ཐག་རིང་ངོ།།

སང་ཉིན་དབྱར་ཟླ་བཞི་བར།།
སྔོ་རྩྭའི་མལ་སྟན་སྟེང་ནས།།
ཆུང་འདྲིས་སྒྲོལ་མའི་ཕྱོགས་ལ།།
མིག་གིས་རྒྱང་ལྟ་བྱས་ཆོག།

ཆུང་འདྲིས་སྒྲོལ་མ་ཟེར་བ།།
ང་ལ་དབང་ཐབས་མི་འདུག།
དབང་བའི་ཐབས་ནི་མེད་ཀྱང་།།
དྲན་པའི་རྒྱུ་ནི་མི་ཆད།།

ཆུང་འདྲིས་སྒྲོལ་མའི་མིང་ཡིག།
ང་ཡི་སེམས་ལ་བརྐོས་ཡོད།།
ཆུང་འདྲིས་རྒྱང་ལ་བྱིན་ཀྱང་།།
མིང་ལ་བསུབས་ཐུབ་མི་འདུག།

སྒྲོལ་མའི་ཁྲོ་མིག་དེ་ནི།།
སེམས་ཀྱི་དྲོད་ཅིག་ཡིན་ནོ།།
ཁྲོ་མིག་མེད་པའི་ལོ་ཟླ།།
སེམས་ཀྱི་སྡུག་ཅིག་ཡིན་ནོ།།

ན་ནིང་དབྱར་ཟླ་བཞི་བ།།
འཛོམས་པའི་ཉིན་མོ་ཡིན་ལ།།
ད་ལོའི་དབྱར་ཟླ་བཞི་བ།།
གྱེས་པའི་ཉིན་མོ་ཡིན་སོང་།།

ཁྲེལ་དང་ཕྱི་ཐག་མེད་པ།།
ཁྱོད་ནི་ཡིན་ཡིན་སྣང་བ།།
ང་ནི་མིན་མིན་འདྲ་བ།།
སེམས་པའི་ཕྱི་ནང་དེ་རེད།།

དུངས་བ་ཨ་གསར་འཛིན་པ།།
ཁྱོད་ཀྱི་གཤིས་དེ་ཡིན་ལ།།
གཤིས་དེ་ཞེན་པ་ལོག་ནས།།
སེམས་ཀྱི་མགུར་རིང་གྱེར་སོང་།།

ཆུང་འདྲིས་སྒྲོལ་མ་ཟེར་བ།།
ཕྱི་ཐག་མེད་པའི་མི་ཡིན།།
ཕྱི་ཐག་མེད་པའི་མི་དེ།།
སེམས་ནས་བརྗེད་ཐབས་དཀའ་བ།།

འདས་པའི་ན་ནིང་ལོ་ཟླ།།
སྐྱ་ཐོ་སྔོ་སྡུག་ཡིན་ཡིན།།
སླེབས་པའི་ད་ལོ་ལོ་ཟླ།།
སྡུག་གིས་བསྐྱལ་བའི་ལོ་ཟླ།།

དགུང་གི་ཉི་མ་འདི་ལ།།
དྲོད་ཅིག་མེད་མེད་འདྲ་བ།།
ཆུང་འདྲིས་འདི་གའི་རིགས་ལ།།
རློམ་རྒྱུ་མེད་མེད་སྣང་བ།།

ཁྲེལ་དང་ཕྱི་ཐག་མེད་པའི།།
ཆུང་འདྲིས་འདི་གའི་རིགས་ལ།།
ཡི་ག་ཅུང་ཟད་ཆད་ཐལ།།
རློམ་སེམས་མེད་པ་ཤེས་ཐལ།།

ཆུང་འདྲིས་སྒྲོལ་མ་གླེང་ན།།
སྔོན་གྱི་སྒྲོལ་དཀར་དྲན་ཡོང་།།
ཁྲེལ་དང་ཕྱི་ཐག་འཛོམས་པའི།།
སྒྲོལ་དཀར་སྙིང་ནས་དྲན་ཡོང་།།

དྲན་པ་འདི་ཡི་རྒྱབ་ན།།
འགྱོད་པའི་གཞི་ཞིག་འདུག་གི།
འགྱོད་པའི་གཞི་ནི་འདུག་ཀྱང་།།
ད་ནི་བརྗེད་པར་བྱ་འོ།།

སྒྲོལ་མ་སྒྲོལ་དཀར་གཉིས་ཀ།
སེམས་ལ་བཅུག་པའི་མི་ཡིན།།
འདས་པའི་ལོ་ཟླ་འགོར་ཀྱང་།།
སེམས་ནས་བརྗེད་པར་མི་བྱ།།

སྒྲོལ་མ་སྒྲོལ་དཀར་གཉིས་ཀ།
ང་ལ་མཚོན་ན་དྲིན་ཡོད།།
སྙན་ངག་ཅེས་པའི་དགའ་རོགས།།
བར་བ་བྱེད་མཁན་དེ་ཡིན།།

སྒྲོལ་མ་སྒྲོལ་དཀར་མེད་ན།།
སྙན་ངག་ཅེས་པའི་དགའ་རོགས།།
རྙེད་ཐབས་བྱུང་བ་མི་འདུག།
དགའ་རོགས་སྒྲིག་ཐབས་མི་འདུག།

སྒྲོལ་མ་སྒྲོལ་དཀར་གཉིས་ཀྱི།།
དྲིན་ལ་འཇལ་ཐབས་མི་འདུག།
དྲིན་ལ་འཇབ་ཐབས་མེད་ཀྱང་།།
འཇལ་བའི་བསམ་པ་བཟུང་ཡོད།།

སྒྲོལ་མའི་ཁྲེལ་མེད་བྱས་ཀྱང་།།
ད་ནི་གཞི་ནས་མི་སྐྱོན།།
སྙན་ངག་ཅེས་པའི་མཛེས་མར།།
སྒྲོལ་མའི་བར་བ་བྱས་འདུག།

སྒྲོལ་མ་སྒྲོལ་དཀར་གཉིས་ཀ།
སེམས་ནས་བརྗེད་པར་མི་བྱ།།
སེམས་ནས་བརྗེད་པར་བྱས་ན།།
ད་ནི་ཁྲེལ་མེད་ང་ཡིན།།

སྒྲོལ་མ་སྒྲོལ་དཀར་ཟེར་བཞིན།།
ཚན་པ་ཉེར་གཅིག་བྲིས་ཐལ།།
སྒྲོལ་མའི་བསྟོད་པ་འདོན་བཞིན།།
སྒྲོལ་མ་མིག་ལ་ཤར་ཡོང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་མགུར་རིང་།

2013-08-18 བྲག་རྡོ། ཀློག་གྲངས། མཆན ཡོད།

 

སྲོད་ཀྱི་དུས་ཚིགས་འདི་ལ།།
གྱེས་པའི་ལག་འཇུ་གླན་སོང་།།
སང་གི་སྐྱ་རེངས་ཟེར་བ།།
ད་དུང་ཁ་ཐག་རིང་ངོ།།

སང་ཉིན་དབྱར་ཟླ་བཞི་བར།།
སྔོ་རྩྭའི་མལ་སྟན་སྟེང་ནས།།
ཆུང་འདྲིས་སྒྲོལ་མའི་ཕྱོགས་ལ།།
མིག་གིས་རྒྱང་ལྟ་བྱས་ཆོག།

ཆུང་འདྲིས་སྒྲོལ་མ་ཟེར་བ།།
ང་ལ་དབང་ཐབས་མི་འདུག།
དབང་བའི་ཐབས་ནི་མེད་ཀྱང་།།
དྲན་པའི་རྒྱུ་ནི་མི་ཆད།།

ཆུང་འདྲིས་སྒྲོལ་མའི་མིང་ཡིག།
ང་ཡི་སེམས་ལ་བརྐོས་ཡོད།།
ཆུང་འདྲིས་རྒྱང་ལ་བྱིན་ཀྱང་།།
མིང་ལ་བསུབས་ཐུབ་མི་འདུག།

སྒྲོལ་མའི་ཁྲོ་མིག་དེ་ནི།།
སེམས་ཀྱི་དྲོད་ཅིག་ཡིན་ནོ།།
ཁྲོ་མིག་མེད་པའི་ལོ་ཟླ།།
སེམས་ཀྱི་སྡུག་ཅིག་ཡིན་ནོ།།

ན་ནིང་དབྱར་ཟླ་བཞི་བ།།
འཛོམས་པའི་ཉིན་མོ་ཡིན་ལ།།
ད་ལོའི་དབྱར་ཟླ་བཞི་བ།།
གྱེས་པའི་ཉིན་མོ་ཡིན་སོང་།།

ཁྲེལ་དང་ཕྱི་ཐག་མེད་པ།།
ཁྱོད་ནི་ཡིན་ཡིན་སྣང་བ།།
ང་ནི་མིན་མིན་འདྲ་བ།།
སེམས་པའི་ཕྱི་ནང་དེ་རེད།།

དུངས་བ་ཨ་གསར་འཛིན་པ།།
ཁྱོད་ཀྱི་གཤིས་དེ་ཡིན་ལ།།
གཤིས་དེ་ཞེན་པ་ལོག་ནས།།
སེམས་ཀྱི་མགུར་རིང་གྱེར་སོང་།།

ཆུང་འདྲིས་སྒྲོལ་མ་ཟེར་བ།།
ཕྱི་ཐག་མེད་པའི་མི་ཡིན།།
ཕྱི་ཐག་མེད་པའི་མི་དེ།།
སེམས་ནས་བརྗེད་ཐབས་དཀའ་བ།།

འདས་པའི་ན་ནིང་ལོ་ཟླ།།
སྐྱ་ཐོ་སྔོ་སྡུག་ཡིན་ཡིན།།
སླེབས་པའི་ད་ལོ་ལོ་ཟླ།།
སྡུག་གིས་བསྐྱལ་བའི་ལོ་ཟླ།།

དགུང་གི་ཉི་མ་འདི་ལ།།
དྲོད་ཅིག་མེད་མེད་འདྲ་བ།།
ཆུང་འདྲིས་འདི་གའི་རིགས་ལ།།
རློམ་རྒྱུ་མེད་མེད་སྣང་བ།།

ཁྲེལ་དང་ཕྱི་ཐག་མེད་པའི།།
ཆུང་འདྲིས་འདི་གའི་རིགས་ལ།།
ཡི་ག་ཅུང་ཟད་ཆད་ཐལ།།
རློམ་སེམས་མེད་པ་ཤེས་ཐལ།།

ཆུང་འདྲིས་སྒྲོལ་མ་གླེང་ན།།
སྔོན་གྱི་སྒྲོལ་དཀར་དྲན་ཡོང་།།
ཁྲེལ་དང་ཕྱི་ཐག་འཛོམས་པའི།།
སྒྲོལ་དཀར་སྙིང་ནས་དྲན་ཡོང་།།

དྲན་པ་འདི་ཡི་རྒྱབ་ན།།
འགྱོད་པའི་གཞི་ཞིག་འདུག་གི།
འགྱོད་པའི་གཞི་ནི་འདུག་ཀྱང་།།
ད་ནི་བརྗེད་པར་བྱ་འོ།།

སྒྲོལ་མ་སྒྲོལ་དཀར་གཉིས་ཀ།
སེམས་ལ་བཅུག་པའི་མི་ཡིན།།
འདས་པའི་ལོ་ཟླ་འགོར་ཀྱང་།།
སེམས་ནས་བརྗེད་པར་མི་བྱ།།

སྒྲོལ་མ་སྒྲོལ་དཀར་གཉིས་ཀ།
ང་ལ་མཚོན་ན་དྲིན་ཡོད།།
སྙན་ངག་ཅེས་པའི་དགའ་རོགས།།
བར་བ་བྱེད་མཁན་དེ་ཡིན།།

སྒྲོལ་མ་སྒྲོལ་དཀར་མེད་ན།།
སྙན་ངག་ཅེས་པའི་དགའ་རོགས།།
རྙེད་ཐབས་བྱུང་བ་མི་འདུག།
དགའ་རོགས་སྒྲིག་ཐབས་མི་འདུག།

སྒྲོལ་མ་སྒྲོལ་དཀར་གཉིས་ཀྱི།།
དྲིན་ལ་འཇལ་ཐབས་མི་འདུག།
དྲིན་ལ་འཇབ་ཐབས་མེད་ཀྱང་།།
འཇལ་བའི་བསམ་པ་བཟུང་ཡོད།།

སྒྲོལ་མའི་ཁྲེལ་མེད་བྱས་ཀྱང་།།
ད་ནི་གཞི་ནས་མི་སྐྱོན།།
སྙན་ངག་ཅེས་པའི་མཛེས་མར།།
སྒྲོལ་མའི་བར་བ་བྱས་འདུག།

སྒྲོལ་མ་སྒྲོལ་དཀར་གཉིས་ཀ།
སེམས་ནས་བརྗེད་པར་མི་བྱ།།
སེམས་ནས་བརྗེད་པར་བྱས་ན།།
ད་ནི་ཁྲེལ་མེད་ང་ཡིན།།

སྒྲོལ་མ་སྒྲོལ་དཀར་ཟེར་བཞིན།།
ཚན་པ་ཉེར་གཅིག་བྲིས་ཐལ།།
སྒྲོལ་མའི་བསྟོད་པ་འདོན་བཞིན།།
སྒྲོལ་མ་མིག་ལ་ཤར་ཡོང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།