མེ་ལོང་ངོས་ཀྱི་ཟིལ་བ།


ཉི་མའི་རྔུལ་ཆུ་གོ་ལའི་གདོང་ལ་ཟགས།།
ཟླ་བའི་དགུ་ཚིགས་རུམ་ནས་གཉིད་ཅོག་རྒྱག།
སྐར་མས་སྐྱ་རེངས་མིད་པའི་བར་གླེགས་དེར།།
མི་ཚེའི་ལམ་གསར་བསྙེགས་པའི་དབུ་ཁྱུད་བྲིས།།
 
དབུ་མའི་མཚེར་ས་བཙལ་བའི་ལམ་བར་ན་།།
རྟག་ཆད་ཚེར་མའི་རུ་མཚོན་གཟེངས་པ་ཡིས།།
རྣམ་དཔྱོད་བློ་གྲོས་ལྷ་མོ་སྡུག་གུ་མར།།
ལྟ་གྲུབ་བྲེད་ཤ་ཟ་བའི་མིག་མདངས་བྱིན།།
 
བདག་མེད་དགའ་མའི་སྨྱོས་བུམ་རེག་པ་ཡིས།།།
བདེན་འཛིན་འདོད་ལྷ་རིམ་དགུའི་ས་རུ་ཡིབ།།
སེམས་ཀྱི་གཞུང་རྟ་དྲང་བའི་དགེ་སྦྱོང་བ།།
མཐའ་བྲལ་དབུ་མའི་ལམ་ལ་ཡིད་ཆེས་ཐོབ།།
 
འཇིག་ལྟའི་ར་རི་དག་པའི་མགྲིན་ལམ་ནས།།
ཉམས་སྣང་མགུར་མ་བཞུར་བའི་རྣལ་འབྱོར་བ།།
ཆོས་བརྒྱད་འཇའ་ཚོན་བདའ་བའི་རྩེད་མོ་ལ།།
མཉམ་བཞག་དཀྱིལ་ཀྲུང་ངང་ལས་གད་མོ་ཤོར།།
 
ཚོགས་གཉིས་ཟུང་འཇུག་གསེར་གྱི་ཐུར་མ་ཡིས།།
ཟབ་རྒྱས་འོ་མཚོ་ལུགས་ཀྱིས་དཀྲུགས་པ་ལས།།
སྐུ་བཞིའི་གསང་གསུམ་རི་མོ་འབུམ་ཤར་བས།།
སྐལ་ལྡན་མདོངས་མཐར་ཡིད་ཀྱི་ངལ་གསོ་ཐོབ།།
        ༢༠༡༣་༨་༡༥ཉིན་ཤོ་དོ་ནས་བྲིས།

    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ངོས་ཀྱི་ཟིལ་བ།

2014-06-30 མདའ་མེ་ལྕེ། ཀློག་གྲངས། མཆན ཡོད།


ཉི་མའི་རྔུལ་ཆུ་གོ་ལའི་གདོང་ལ་ཟགས།།
ཟླ་བའི་དགུ་ཚིགས་རུམ་ནས་གཉིད་ཅོག་རྒྱག།
སྐར་མས་སྐྱ་རེངས་མིད་པའི་བར་གླེགས་དེར།།
མི་ཚེའི་ལམ་གསར་བསྙེགས་པའི་དབུ་ཁྱུད་བྲིས།།
 
དབུ་མའི་མཚེར་ས་བཙལ་བའི་ལམ་བར་ན་།།
རྟག་ཆད་ཚེར་མའི་རུ་མཚོན་གཟེངས་པ་ཡིས།།
རྣམ་དཔྱོད་བློ་གྲོས་ལྷ་མོ་སྡུག་གུ་མར།།
ལྟ་གྲུབ་བྲེད་ཤ་ཟ་བའི་མིག་མདངས་བྱིན།།
 
བདག་མེད་དགའ་མའི་སྨྱོས་བུམ་རེག་པ་ཡིས།།།
བདེན་འཛིན་འདོད་ལྷ་རིམ་དགུའི་ས་རུ་ཡིབ།།
སེམས་ཀྱི་གཞུང་རྟ་དྲང་བའི་དགེ་སྦྱོང་བ།།
མཐའ་བྲལ་དབུ་མའི་ལམ་ལ་ཡིད་ཆེས་ཐོབ།།
 
འཇིག་ལྟའི་ར་རི་དག་པའི་མགྲིན་ལམ་ནས།།
ཉམས་སྣང་མགུར་མ་བཞུར་བའི་རྣལ་འབྱོར་བ།།
ཆོས་བརྒྱད་འཇའ་ཚོན་བདའ་བའི་རྩེད་མོ་ལ།།
མཉམ་བཞག་དཀྱིལ་ཀྲུང་ངང་ལས་གད་མོ་ཤོར།།
 
ཚོགས་གཉིས་ཟུང་འཇུག་གསེར་གྱི་ཐུར་མ་ཡིས།།
ཟབ་རྒྱས་འོ་མཚོ་ལུགས་ཀྱིས་དཀྲུགས་པ་ལས།།
སྐུ་བཞིའི་གསང་གསུམ་རི་མོ་འབུམ་ཤར་བས།།
སྐལ་ལྡན་མདོངས་མཐར་ཡིད་ཀྱི་ངལ་གསོ་ཐོབ།།
        ༢༠༡༣་༨་༡༥ཉིན་ཤོ་དོ་ནས་བྲིས།

    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།