མཚོ་ལ་ཟགས་པའི་ཁ་བ།

ཞེན་འཛིན་མེ་ཏོག་གི་དྲི་ངལ་སྣ་ལ་ལྡང་ཞིང་།།
རྟག་འཛིན་འཁྲུལ་ཤེས་ཀྱི་ཡོ་ལང་སེམས་ལ་འཕོ་དུས།།
གཉུག་མའི་ཆོས་སྐད་དེ་རི་བོའི་སུལ་ནས་གྲགས་བྱུང་།།
བདེན་པའི་བུ་ཆུང་དེ་གཙང་བོའི་འཁྲིས་ནས་སད་བྱུང་།།

དབྱངས་ཅན་པི་ཝང་གི་གདངས་ལ་བདེན་པ་སྦྲུམ་ཞིང་།།
ཚངས་ཆེན་ཕྱག་སོར་གྱི་རྩེ་ལ་དངོས་གྲུབ་བལྟམས་དུས།།
རང་སྣང་མེ་ཏོག་གི་ཚལ་དུ་སྦྲང་ཆུང་བཟི་འདུག།
གཞན་སྣང་ནགས་ཀླུང་གི་ཁྲོད་དུ་བྱ་བྱེའུ་འཕུར་འདུག།

རྣམ་རྟོག་བུ་ཆུང་གི་ངག་སྒོ་ཆང་གིས་ཕྱེས་ཤིང་།།
ཚོར་སྣང་འཇའ་གུར་གྱི་སྣེ་མོ་རླུང་གིས་གསེད་དུས།།
ཀ་དག་ཀ་དག་ཅེས་སྟོང་བའི་དབྱིངས་ནས་གྲཊ་བྱུང་།།
སྤྲོས་བྲལ་སྤྲོས་བྲལ་ཞེས་གློ་བའི་མཐིལ་ནས་འགུལ་བྱུང་།།

རྟག་འཛིན་ལྕཊ་ཀྱུ་ཡིས་ལུས་ངག་ཡིད་གསུམ་ཕུག་ཅིང་།།
བདེན་འཛིན་ཐག་པ་ཡིས་གློ་སྙིང་བྲང་གསུམ་བསྡམས་ཏེ།།
སེམས་ཀྱི་ཟབ་ས་རུ་གདུང་བའི་ན་ཟུག་ལངས་བྱུང་།།
ཡིད་ཀྱི་སྙི་ས་རུ་སྐྱོ་བའི་འོ་དོད་མཆེད་བྱུང་།།

                            2014 /3/15

       
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་ལ་ཟགས་པའི་ཁ་བ།

2014-06-21 ཞོགས་འོད། ཀློག་གྲངས། མཆན ཡོད།

ཞེན་འཛིན་མེ་ཏོག་གི་དྲི་ངལ་སྣ་ལ་ལྡང་ཞིང་།།
རྟག་འཛིན་འཁྲུལ་ཤེས་ཀྱི་ཡོ་ལང་སེམས་ལ་འཕོ་དུས།།
གཉུག་མའི་ཆོས་སྐད་དེ་རི་བོའི་སུལ་ནས་གྲགས་བྱུང་།།
བདེན་པའི་བུ་ཆུང་དེ་གཙང་བོའི་འཁྲིས་ནས་སད་བྱུང་།།

དབྱངས་ཅན་པི་ཝང་གི་གདངས་ལ་བདེན་པ་སྦྲུམ་ཞིང་།།
ཚངས་ཆེན་ཕྱག་སོར་གྱི་རྩེ་ལ་དངོས་གྲུབ་བལྟམས་དུས།།
རང་སྣང་མེ་ཏོག་གི་ཚལ་དུ་སྦྲང་ཆུང་བཟི་འདུག།
གཞན་སྣང་ནགས་ཀླུང་གི་ཁྲོད་དུ་བྱ་བྱེའུ་འཕུར་འདུག།

རྣམ་རྟོག་བུ་ཆུང་གི་ངག་སྒོ་ཆང་གིས་ཕྱེས་ཤིང་།།
ཚོར་སྣང་འཇའ་གུར་གྱི་སྣེ་མོ་རླུང་གིས་གསེད་དུས།།
ཀ་དག་ཀ་དག་ཅེས་སྟོང་བའི་དབྱིངས་ནས་གྲཊ་བྱུང་།།
སྤྲོས་བྲལ་སྤྲོས་བྲལ་ཞེས་གློ་བའི་མཐིལ་ནས་འགུལ་བྱུང་།།

རྟག་འཛིན་ལྕཊ་ཀྱུ་ཡིས་ལུས་ངག་ཡིད་གསུམ་ཕུག་ཅིང་།།
བདེན་འཛིན་ཐག་པ་ཡིས་གློ་སྙིང་བྲང་གསུམ་བསྡམས་ཏེ།།
སེམས་ཀྱི་ཟབ་ས་རུ་གདུང་བའི་ན་ཟུག་ལངས་བྱུང་།།
ཡིད་ཀྱི་སྙི་ས་རུ་སྐྱོ་བའི་འོ་དོད་མཆེད་བྱུང་།།

                            2014 /3/15

       
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།