ཕུགས་བསམ།

ལྷ་མོ་ཚེ་རིང་།༼ལྷོ་ནུབ་མི་རིགས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-03-19

མཁའ་བསྐྱོད་འཕུར་གྲུའི་ངོ་མཚར་མཐོང་ན་ནམ་ཞིག་གནམ་འཕང་བསྐྱོད་པར་འདོད།།
དོན་མཐུན་ཚོང་བའི་རྒྱུ་སྟོབས་རིག་ན་བདེ་སྐྱིད་འཚོ་བ་བསྐྲུན་པར་བསམ།།
དགེ་རྒན་དམ་པའི་བཀའ་གསུང་ཐོས་ན་ཁྲིད་ཀྱི་གར་སྟེགས་སྙེག་པར་སྤྲོ།།
ན་ཆུང་དུས་ཀྱི་ང་ཚོའི་ཕུགས་བསམ་གནམ་གཤིས་བཞིན་དུ་འགྱུར་བག་རྒོད།།

རྒྱུགས་འབྲས་བཟང་བོའི་སྤྲོ་འཛུམ་མཐོང་བས་རང་ཡང་དེ་ཉིད་ཡིན་ན་བསམ།།
སློབ་ཆེན་འཚོ་བའི་སྐྱིད་སྣང་གླེང་ན་རེ་བའི་ཡིད་སྨོན་གཏིང་ནས་སྐྱེས།།
ཉིན་མོའི་ཟས་དང་དགོང་མོའི་གཉིད་ཆག་མཐར་ཐུག་འབྲས་བུ་སྨིན་འདོད་དེ།།
མཐོ་རྒྱུགས་བརྒལ་ཞིང་སློབ་ཆེན་འགྲིམས་པ་ང་ཚོའི་ཕུགས་བསམ་ཉག་གཅིག་པུ།།

བཅོས་མའི་སེམས་ལ་ཡིད་རྟོན་བྲལ་བས་དགའ་བ་མི་གཅིག་སྣ་ཚོགས་བྱུང་།།
མིག་རྒྱང་རིང་ཐུང་ཁ་ཁ་ཡིན་པས་མ་འོངས་ཕུགས་བསམ་རེ་རེ་བྱུང་།།
སློབ་ཁང་གྲུ་བཞིའི་སྡོད་གནས་འདྲ་ཡང་སེམས་ཀྱི་གཏད་སོ་མི་འདྲ་བས།།
སློབ་ཆེན་འཚོ་བའི་རོལ་སྟངས་དེར་ཡང་རང་རང་སོ་སོའི་གར་སྟབས་འཁྱུག།

གཞུང་ཞབས་པ་ཡི་གོ་གནས་བསམ་སྟེ་མཐོན་པོའི་གོ་ས་སྙེག་པར་བརྩམས།།
ཞིབ་འཇུག་སློབ་མའི་ངོ་སོ་མཐོང་བས་ལག་རྟགས་ཙམ་ཡང་ཐོབ་ན་བསམ།།
དོན་གྱིས་གཞུང་དོན་གཉེར་ཞིང་དམངས་ལ་ཞབས་འདེགས་ཞུ་མཁན་ག་ཙམ་བདོག།
ངོ་མས་རིག་གཞུང་ཞིབ་འཇུག་ཕྱོགས་ལ་དུངས་པ་ཟབ་མཁན་ཅི་ཙམ་ཡོད།།

མིང་གི་གཞུང་ཞབས་པ་ནི་ག་ས་གང་དུ་ས་ཁྱབ་རྡོ་ཁྱབ་རེད།།
དོན་གྱི་གཞུང་ཞབས་པ་ནི་མཛུབ་མོ་ནང་དུ་བཀུག་ཀྱང་ཉུང་ཉུང་རེད།།
མིང་གི་ཞིབ་འཇུག་སློབ་མ་ནམ་མཁའི་སྐར་ཚོགས་ལས་ཀྱང་མང་ན་ཡང་།།
དོན་གྱི་ཞིབ་འཇུག་སློབ་མ་དགུང་གི་ཉི་ཟླ་ཇི་བཞིན་རྙེད་པར་དཀའ།།

བསམ་བློ་བཞི་གསུམ་བཅུ་གཉིས་ནང་ལ་ཕྱོགས་ཏེ་མནོ་བསམ་རེ་བཏང་ན།།
ཕྱི་ནང་གཉིས་ཀྱི་རྒྱུ་རྐྱེན་དུ་མས་ང་ཚོའི་ཕུགས་བསམ་བརླག་ནས་ཐལ།།
ཐོབ་དང་གོ་སའི་བསླུ་བྲིད་མངར་མོས་ཡིད་ཀྱི་ལྕགས་ཀྱུ་གཞན་ལ་དྲངས།།
ཆུང་དུས་ཕུགས་བསམ་བདག་པོ་ད་ལྟ་སྟོང་བསམ་མགྲོན་པོའི་གྲལ་ན་བཞུགས།།
 
                       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕུགས་བསམ།

2014-03-19 ལྷ་མོ་ཚེ་རིང་།༼ལྷོ་ནུབ་མི་རིགས ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།