གངས་ཧོར་བའི་ཆང་མགུར།
༼༡ ༽
རང་གི་དགའ་བའི་སྦི་རག །
རྒྱུན་དུ་འཐུང་རྒྱུ་བྱུང་ན།།
རྒྱ་མཚོའི་གཏིང་ནས་ནོར་བུ། །
ལོན་པ་དེ་དང་འདྲ་བྱུང༌། །
༼༢ ༽
སེམས་པ་ཆང་ལ་ཤོར་ནས།།
མཚན་མོའི་གཉིད་ཐེབས་གཅོག་གི།།
ཉིན་མོ་དངུལ་ལོར་མ་གསོག །
ཡིད་སེམས་སྐྱོ་རོགས་རེད་བཞག།
༼༣ ༽
ཆང་རྐྱལ་ཆང་ལ་ཆགས་ནས། །
ཉིན་མཚན་འཐུང་དགོས་བསམས་ཀྱང༌། །
སྦ་ཁུག་སྟོང་བ་ཆགས་དུས ། །
རང་སེམས་ཁོ་ཐག་ཆོད་སོང༌། །
༼༤ ༽
མངལ་ཆགས་བུ་མོའི་ལྟོ་བ༌། །
ཟླ་དགུའི་རྗེས་སུ་ཞུམ་སོང༌། །
ལྡིར་ལྡིར་ཆང་རྐྱལ་གྲོད་པ།
འབུར་ནས་ཞུམ་རྒྱུ་མི་འདུག །
༼༥༽
དུང་བ་བུ་མོར་མ་སྟེར། །
བདུད་རྩི་ཆང་ལ་བཅངས་པས།།
ཁྲེལ་མེད་དུག་ཆང་དེ་ཡིས།།
ཚུར་ལ་བྱི་ཕྲུག་སྦྱར་བཞག །
༼༦༽
ཤེས་བྱའི་དགའ་ཚལ་གླིང་དུ། །
རིག་གནས་སློབ་དུ་སོང་བས།།
སེམས་པ་བཀུག་ཀྱང་མ་ཐུབ། །
ཨར་ཁང་ཕྱོགས་ལ་ཤོར་སོང༌། །
༼༧ ༽
སྒོར་མོ་ལག་དུ་ཡོད་དུས།
སྦི་རག་ཡིད་ལ་འཁོར་བྱུང་།།
སྦ་ཁུག་སྟོང་བ་སོང་དུས།
ཕ་མ་ཡིད་ལ་འཁོར་བྱུང་།
༼༨ ༽
སེམས་པ་ཆང་ལ་འགྲོ་འགྲོ །
རིག་གནས་སློབ་ལ་ཕྱིན་ན། །
སློབ་ཆེན་ལོ་བཞིའི་རྗེས་སུ།།
མཁས་པ་ཆགས་པ་སྨོས་མེད།།
༼༩ ༽
སྒོར་མོ་ཡོད་པའི་དུས་སུ།།
ཨར་ཁང་ཞབས་ཞུའི་མཛེས་མས།།
ང་ལ་ཟུར་མིག་འཕངས་ནས།།
བཅོས་མའི་འཛུམ་གྱིས་བསུས་སོང་།།
༼༡༠༽
སྦ་ཁུག་ཆམ་པ་ཕོག་དུས།།
ཆང་ཁང་སྒོ་ཟུར་ཞིག་ནས།།
ཆང་དྲི་བརྔུབས་ཙམ་བྱས་ཀྱང་།།
སྡང་མིག་གློག་དམར་འཁྱུག་འཁྱུག།
༼༡༡༽
སྦི་རག་གྲོགས་སུ་བྱེད་ན།།
སློབ་ལ་འཐུས་ཤོར་འགྲོ་གི །
སློབ་ཁང་ནང་ལ་སོང་དུས།།
སེམས་པ་ཆང་ལ་ཤོར་ཐལ།།
༼༡༢༽
བུ་ལ་སྒོར་མོ་ཡོད་ན།།
ཆང་ལ་རྫོགས་མཐའ་མི་འདུག །
ཆང་རྐྱལ་གཏན་གྱི་སྐྱབས་གནས། །
འདི་ལ་བཅོལ་ན་ཨེ་འགྲིག།
༼༡༣༽
ཨ་རག་ཟིལ་མངར་བདུད་རྩི།།
ཆགས་པའི་རང་རྒྱུད་མིན་འགྲོ །
འབྱུང་བཞི་ནད་ཀྱིས་ཁེངས་ཀྱང་།།
ཁྱེད་རང་ཡིད་ལ་དྲན་གི །
༼༡༤༽
སྙིང་སྡུག་བྲོས་ཀྱང་མི་སྡུག །
སྐྱོ་ཡ་ཨ་རག་དཀར་པོ།།
གེགས་དང་ཆག་སྒོར་མི་སྐྲག །
བཟི་སྨན་སྦ་ཝིའི་སྦི་རག །
༼༡༥༽
ནག་ཆུ་ནང་མ་མང་བ།།
ནང་མའི་ཆང་རིན་མཐོ་བ།།
བུ་ཆུང་ཕ་མ་དྲན་ས།།
ནག་ཆུའི་ནང་མའི་སྒོ་ཁ།།
༼༡༦༽
ཕྲན་ཕྲའི་ལམ་ན་ཞུགས་དུས།།
བྱང་ཕྲུག་གངས་ཀྱི་ཧོར་བ།།
ཨར་ཁང་ནང་ལ་ཡོད་དུས།།
མདོ་ཤོར་ཆང་རྐྱལ་རྡོར་སྨྱོན།།
༼༡༧༽
དྲིན་ཆེན་ཨ་ཕ་ཨ་མ།།
ཤོག་སྒོར་ཕྲན་ཙམ་གནང་དང་།།
ཐག་རིང་འཁྱམ་པར་མི་འགྲོ །
ཨར་ཁང་བསྐོར་ནས་ལོག་ཡོང༌།།
༼༡༨༽
རྒྱ་ནག་ཡུལ་གྱི་ཞོའོ་ཧྭ།།
ཕྱི་གླིང་ཡུལ་གྱི་སྦ་ཝིའི།།
བཟོ་སའི་བཟོ་གྲྭ་ཁ་ཁ།།
འཛོམས་ས་ནག་ཆུའི་ཨར་ཁང་།།
༼༡༩༽
ནག་ཆུའི་ཨར་ཁང་ནང་ལ།།
ཨ་རག་འདྲ་མིན་སྣ་ཚོགས།།
ང་ལ་མང་པོ་མི་དགོས། །
ལྷ་ས་བྱུང་ན་འགྲིག་པ།།
༼༢༠༽
སྦྲ་ནག་མི་རིགས་གླུ་གར།།
ལས་མཚམས་སྔ་པོར་མ་འཇོག །
ང་དང་ཆང་རྐྱལ་གྲོགས་ཚོ །།
སྦི་རག་འཐུང་འཕྲོ་ལུས་ཡོད། །
༼༢༡༽
ཆང་རག་འཐུང་དང་མི་འཐུང་།།
ལུས་པོ་འདི་ལ་གཟིགས་དང་། །
ལྟོ་བ་ལྡིར་ལྡིར་ཆགས་རྗེས།།
རྒྱུག་ཤར་གློད་ཀྱང་མི་ཕན།།
༼༢༢༽
ཁ་གཅིག་སྐོམ་པའི་དུས་ལ། །
ཆང་རིགས་ཚང་མ་མ་འཐུང་། །
དོན་ལྔ་སྣོད་དྲུག་ཡོངས་ལ།།
ནད་ཀྱིས་མནར་དུས་འཕྱི་ཡོང་། །
༼༢༣༽
དུས་ཐུང་ལང་ཚོའི་གཟི་མདངས།།
ཨར་ཁང་ནང་དུ་འབར་ཡོད།
ཨར་ཁང་ཞབས་ཞུས་མ་གཏོགས།།
སུ་དང་གང་གིས་མི་རིག །
༼༢༤༽
ལང་ཚོ་བཀྲག་མདངས་ཡལ་སོང་།།།
སྦ་ཁུག་སྟོང་བ་ཆགས་སོང་།།
ང་དང་ཆང་རྐྱལ་གྲོགས་པོར།།
ལྷག་པ་འབྱུང་བཞིའི་ནད་ཙམ།།
༼༢༥༽
ལང་ཚོ་འཆོར་བའི་རྒས་པོ།།
ནད་ཀྱིས་མནར་བའི་ཆང་རྐྱལ།།
སྨན་ཁང་བརྒྱ་ཡིས་མ་ཐུབ།།
ཕྱི་མའི་ལམ་ལ་ཕེབས་སོང་།།
༼༢༦༽
ཆང་འདི་མེད་ཀྱང་ཆོག་ག །
ལང་ཚོ་བརླག་དོན་མི་འདུག །
སྦི་རག་མ་རག་ཆོག་ག །
ནད་ཀྱིས་མནར་དོན་མི་འདུག །
༼༢༧༽
ཨར་ཁང་སྐྱིད་པའི་སྒང་ལ།།
སྦ་ཝིའི་བྲོ་བ་ཞིམ་པ།།
དེ་དགོང་འབྲི་རྒྱུའི་སྦྱོང་ཚན།།
འགྱངས་ཙམ་བྱེད་དགོས་བྱུང་སོང་།།
༼༢༨༽
ཆང་རག་ལོབ་པ་སྔ་སོང་།།
ཆང་རག་གཅོད་པ་འགྱངས་སོང་།།
མི་ཚེར་རྫོགས་ཚིག་བྲིས་དུས།།
འགྱོད་པ་སྐྱེས་ཀྱང་འཕྱིས་སོང་།།
༼༢༩༽
འཐུང་ཆུ་སྣ་ཚོགས་དཀྱིལ་ནས།།
ཆང་རག་ཁ་ལ་ཞིམ་སོང་།།
ཆང་རག་དུག་ཆུ་ཡིན་པ།།
འཆི་ཁར་མ་གཏོགས་མ་ཤེས།།
༼༣༠༽
དཀའ་བས་བསགས་པའི་སྒོར་མོས།།
དགའ་བའི་ཟས་ཤིག་མ་ནུས།།
བདུད་རྩི་ཆང་གིས་བཟི་རྗེས།།
ཚོང་དཔོན་རྒྱ་ལས་ཤང་བ།།
༼༣༡༽
ལྷ་སའི་སྦི་རག་ཞིམ་སོང་།།
སྦ་ཝིའི་ཁ་ལ་འཇམ་སོང་།།
སྒོར་འདི་རྫོགས་རྒྱུ་མེད་ན།།
ཚེ་གང་བཏུང་ཀྱང་མི་ངོམས།།
༼༣༢༽
སྦ་ཝིའི་འཐུང་ཀྱང་མ་བཟི།།
ཞོའོ་ཧྭ་འཇིབ་ཀྱང་མ་སྐྱོན།།
ཆང་རིན་སྤྲོད་ཁའི་ཞབས་དག །
ཞལ་དཀར་གང་གིས་རིལ་སོང་།།
༼༣༣༽
ཉིན་མོ་རྔུལ་དྲི་འཚུབ་འཚུབ།།
གཞན་གཡོག་རྒྱུག་ལ་ཕྱིན་ཡོད།།
དགོང་མོ་ཆང་དྲི་འཚུབ་འཚུབ།།
ཨར་ཁང་ནང་ལ་བསྡད་ཡོད།།
༼༣༤༽
ཨར་ཁང་ཆང་རག་མངར་བ།།
བུ་མོའི་ལུས་དྲི་ཞིམ་པ།།
སྒོར་མོ་གཏོད་དགོས་མེད་ན།།
བཟང་པོ་གསུམ་འཛོམས་འདིར་འདུག །
༼༣༥༽
ཕྱི་རྒྱལ་ཨ་རག་ངར་མ།།
ཐོབ་དང་འབྱོར་བའི་མཚོན་རྟགས།
འབྱོར་མེད་ཆང་རྐྱལ་ང་ཡིས།།
འཐུང་ལོ་ཡོད་ས་མི་གདའ།།
༼༣༦༽
ཨ་མ་ཆང་མས་བཙོས་པའི།།
འབྲུ་དཀར་ནས་ཀྱི་ཆང་འདི།།
ཆང་རྐྱལ་དབུལ་པོ་ང་ཚོར།།
གནང་བའི་གསོལ་རས་མིན་འགྲོ།།
༼༣༧༽
གསར་བུ་ཨ་གསར་ཆེ་བས།།
གཞན་རག་རྒྱུན་དུ་འཐུང་གི །
སྲོལ་རྒྱུན་ཆང་གི་རིན་ཐང་།།
དེ་ཙམ་ཤེས་ཀྱིན་མི་འདུག །
༼༣༨༽
ནས་དཀར་ཆང་གི་ལག་རྩལ།།
མ་སྒྱུར་རྒྱུན་དུ་སྐྱོང་དང་།།
ཆང་དང་སྦི་རག་བྲོ་བ།།
ནོར་ཡོང་བསམ་པ་མི་གདའ།།
༼༣༩༽
གང་ཧོར་ཆང་རག་དགའ་བས།།
ཕྱི་མའི་མགྱོགས་ལམ་ཟིན་ཀྱང་།།
ཆང་མགུར་འདི་ཡི་སྙིང་དོན།།
བུ་ཚས་རྟོགས་ན་དེས་ཆོག །
རང་གི་དགའ་བའི་སྦི་རག །
རྒྱུན་དུ་འཐུང་རྒྱུ་བྱུང་ན།།
རྒྱ་མཚོའི་གཏིང་ནས་ནོར་བུ། །
ལོན་པ་དེ་དང་འདྲ་བྱུང༌། །
༼༢ ༽
སེམས་པ་ཆང་ལ་ཤོར་ནས།།
མཚན་མོའི་གཉིད་ཐེབས་གཅོག་གི།།
ཉིན་མོ་དངུལ་ལོར་མ་གསོག །
ཡིད་སེམས་སྐྱོ་རོགས་རེད་བཞག།
༼༣ ༽
ཆང་རྐྱལ་ཆང་ལ་ཆགས་ནས། །
ཉིན་མཚན་འཐུང་དགོས་བསམས་ཀྱང༌། །
སྦ་ཁུག་སྟོང་བ་ཆགས་དུས ། །
རང་སེམས་ཁོ་ཐག་ཆོད་སོང༌། །
༼༤ ༽
མངལ་ཆགས་བུ་མོའི་ལྟོ་བ༌། །
ཟླ་དགུའི་རྗེས་སུ་ཞུམ་སོང༌། །
ལྡིར་ལྡིར་ཆང་རྐྱལ་གྲོད་པ།
འབུར་ནས་ཞུམ་རྒྱུ་མི་འདུག །
༼༥༽
དུང་བ་བུ་མོར་མ་སྟེར། །
བདུད་རྩི་ཆང་ལ་བཅངས་པས།།
ཁྲེལ་མེད་དུག་ཆང་དེ་ཡིས།།
ཚུར་ལ་བྱི་ཕྲུག་སྦྱར་བཞག །
༼༦༽
ཤེས་བྱའི་དགའ་ཚལ་གླིང་དུ། །
རིག་གནས་སློབ་དུ་སོང་བས།།
སེམས་པ་བཀུག་ཀྱང་མ་ཐུབ། །
ཨར་ཁང་ཕྱོགས་ལ་ཤོར་སོང༌། །
༼༧ ༽
སྒོར་མོ་ལག་དུ་ཡོད་དུས།
སྦི་རག་ཡིད་ལ་འཁོར་བྱུང་།།
སྦ་ཁུག་སྟོང་བ་སོང་དུས།
ཕ་མ་ཡིད་ལ་འཁོར་བྱུང་།
༼༨ ༽
སེམས་པ་ཆང་ལ་འགྲོ་འགྲོ །
རིག་གནས་སློབ་ལ་ཕྱིན་ན། །
སློབ་ཆེན་ལོ་བཞིའི་རྗེས་སུ།།
མཁས་པ་ཆགས་པ་སྨོས་མེད།།
༼༩ ༽
སྒོར་མོ་ཡོད་པའི་དུས་སུ།།
ཨར་ཁང་ཞབས་ཞུའི་མཛེས་མས།།
ང་ལ་ཟུར་མིག་འཕངས་ནས།།
བཅོས་མའི་འཛུམ་གྱིས་བསུས་སོང་།།
༼༡༠༽
སྦ་ཁུག་ཆམ་པ་ཕོག་དུས།།
ཆང་ཁང་སྒོ་ཟུར་ཞིག་ནས།།
ཆང་དྲི་བརྔུབས་ཙམ་བྱས་ཀྱང་།།
སྡང་མིག་གློག་དམར་འཁྱུག་འཁྱུག།
༼༡༡༽
སྦི་རག་གྲོགས་སུ་བྱེད་ན།།
སློབ་ལ་འཐུས་ཤོར་འགྲོ་གི །
སློབ་ཁང་ནང་ལ་སོང་དུས།།
སེམས་པ་ཆང་ལ་ཤོར་ཐལ།།
༼༡༢༽
བུ་ལ་སྒོར་མོ་ཡོད་ན།།
ཆང་ལ་རྫོགས་མཐའ་མི་འདུག །
ཆང་རྐྱལ་གཏན་གྱི་སྐྱབས་གནས། །
འདི་ལ་བཅོལ་ན་ཨེ་འགྲིག།
༼༡༣༽
ཨ་རག་ཟིལ་མངར་བདུད་རྩི།།
ཆགས་པའི་རང་རྒྱུད་མིན་འགྲོ །
འབྱུང་བཞི་ནད་ཀྱིས་ཁེངས་ཀྱང་།།
ཁྱེད་རང་ཡིད་ལ་དྲན་གི །
༼༡༤༽
སྙིང་སྡུག་བྲོས་ཀྱང་མི་སྡུག །
སྐྱོ་ཡ་ཨ་རག་དཀར་པོ།།
གེགས་དང་ཆག་སྒོར་མི་སྐྲག །
བཟི་སྨན་སྦ་ཝིའི་སྦི་རག །
༼༡༥༽
ནག་ཆུ་ནང་མ་མང་བ།།
ནང་མའི་ཆང་རིན་མཐོ་བ།།
བུ་ཆུང་ཕ་མ་དྲན་ས།།
ནག་ཆུའི་ནང་མའི་སྒོ་ཁ།།
༼༡༦༽
ཕྲན་ཕྲའི་ལམ་ན་ཞུགས་དུས།།
བྱང་ཕྲུག་གངས་ཀྱི་ཧོར་བ།།
ཨར་ཁང་ནང་ལ་ཡོད་དུས།།
མདོ་ཤོར་ཆང་རྐྱལ་རྡོར་སྨྱོན།།
༼༡༧༽
དྲིན་ཆེན་ཨ་ཕ་ཨ་མ།།
ཤོག་སྒོར་ཕྲན་ཙམ་གནང་དང་།།
ཐག་རིང་འཁྱམ་པར་མི་འགྲོ །
ཨར་ཁང་བསྐོར་ནས་ལོག་ཡོང༌།།
༼༡༨༽
རྒྱ་ནག་ཡུལ་གྱི་ཞོའོ་ཧྭ།།
ཕྱི་གླིང་ཡུལ་གྱི་སྦ་ཝིའི།།
བཟོ་སའི་བཟོ་གྲྭ་ཁ་ཁ།།
འཛོམས་ས་ནག་ཆུའི་ཨར་ཁང་།།
༼༡༩༽
ནག་ཆུའི་ཨར་ཁང་ནང་ལ།།
ཨ་རག་འདྲ་མིན་སྣ་ཚོགས།།
ང་ལ་མང་པོ་མི་དགོས། །
ལྷ་ས་བྱུང་ན་འགྲིག་པ།།
༼༢༠༽
སྦྲ་ནག་མི་རིགས་གླུ་གར།།
ལས་མཚམས་སྔ་པོར་མ་འཇོག །
ང་དང་ཆང་རྐྱལ་གྲོགས་ཚོ །།
སྦི་རག་འཐུང་འཕྲོ་ལུས་ཡོད། །
༼༢༡༽
ཆང་རག་འཐུང་དང་མི་འཐུང་།།
ལུས་པོ་འདི་ལ་གཟིགས་དང་། །
ལྟོ་བ་ལྡིར་ལྡིར་ཆགས་རྗེས།།
རྒྱུག་ཤར་གློད་ཀྱང་མི་ཕན།།
༼༢༢༽
ཁ་གཅིག་སྐོམ་པའི་དུས་ལ། །
ཆང་རིགས་ཚང་མ་མ་འཐུང་། །
དོན་ལྔ་སྣོད་དྲུག་ཡོངས་ལ།།
ནད་ཀྱིས་མནར་དུས་འཕྱི་ཡོང་། །
༼༢༣༽
དུས་ཐུང་ལང་ཚོའི་གཟི་མདངས།།
ཨར་ཁང་ནང་དུ་འབར་ཡོད།
ཨར་ཁང་ཞབས་ཞུས་མ་གཏོགས།།
སུ་དང་གང་གིས་མི་རིག །
༼༢༤༽
ལང་ཚོ་བཀྲག་མདངས་ཡལ་སོང་།།།
སྦ་ཁུག་སྟོང་བ་ཆགས་སོང་།།
ང་དང་ཆང་རྐྱལ་གྲོགས་པོར།།
ལྷག་པ་འབྱུང་བཞིའི་ནད་ཙམ།།
༼༢༥༽
ལང་ཚོ་འཆོར་བའི་རྒས་པོ།།
ནད་ཀྱིས་མནར་བའི་ཆང་རྐྱལ།།
སྨན་ཁང་བརྒྱ་ཡིས་མ་ཐུབ།།
ཕྱི་མའི་ལམ་ལ་ཕེབས་སོང་།།
༼༢༦༽
ཆང་འདི་མེད་ཀྱང་ཆོག་ག །
ལང་ཚོ་བརླག་དོན་མི་འདུག །
སྦི་རག་མ་རག་ཆོག་ག །
ནད་ཀྱིས་མནར་དོན་མི་འདུག །
༼༢༧༽
ཨར་ཁང་སྐྱིད་པའི་སྒང་ལ།།
སྦ་ཝིའི་བྲོ་བ་ཞིམ་པ།།
དེ་དགོང་འབྲི་རྒྱུའི་སྦྱོང་ཚན།།
འགྱངས་ཙམ་བྱེད་དགོས་བྱུང་སོང་།།
༼༢༨༽
ཆང་རག་ལོབ་པ་སྔ་སོང་།།
ཆང་རག་གཅོད་པ་འགྱངས་སོང་།།
མི་ཚེར་རྫོགས་ཚིག་བྲིས་དུས།།
འགྱོད་པ་སྐྱེས་ཀྱང་འཕྱིས་སོང་།།
༼༢༩༽
འཐུང་ཆུ་སྣ་ཚོགས་དཀྱིལ་ནས།།
ཆང་རག་ཁ་ལ་ཞིམ་སོང་།།
ཆང་རག་དུག་ཆུ་ཡིན་པ།།
འཆི་ཁར་མ་གཏོགས་མ་ཤེས།།
༼༣༠༽
དཀའ་བས་བསགས་པའི་སྒོར་མོས།།
དགའ་བའི་ཟས་ཤིག་མ་ནུས།།
བདུད་རྩི་ཆང་གིས་བཟི་རྗེས།།
ཚོང་དཔོན་རྒྱ་ལས་ཤང་བ།།
༼༣༡༽
ལྷ་སའི་སྦི་རག་ཞིམ་སོང་།།
སྦ་ཝིའི་ཁ་ལ་འཇམ་སོང་།།
སྒོར་འདི་རྫོགས་རྒྱུ་མེད་ན།།
ཚེ་གང་བཏུང་ཀྱང་མི་ངོམས།།
༼༣༢༽
སྦ་ཝིའི་འཐུང་ཀྱང་མ་བཟི།།
ཞོའོ་ཧྭ་འཇིབ་ཀྱང་མ་སྐྱོན།།
ཆང་རིན་སྤྲོད་ཁའི་ཞབས་དག །
ཞལ་དཀར་གང་གིས་རིལ་སོང་།།
༼༣༣༽
ཉིན་མོ་རྔུལ་དྲི་འཚུབ་འཚུབ།།
གཞན་གཡོག་རྒྱུག་ལ་ཕྱིན་ཡོད།།
དགོང་མོ་ཆང་དྲི་འཚུབ་འཚུབ།།
ཨར་ཁང་ནང་ལ་བསྡད་ཡོད།།
༼༣༤༽
ཨར་ཁང་ཆང་རག་མངར་བ།།
བུ་མོའི་ལུས་དྲི་ཞིམ་པ།།
སྒོར་མོ་གཏོད་དགོས་མེད་ན།།
བཟང་པོ་གསུམ་འཛོམས་འདིར་འདུག །
༼༣༥༽
ཕྱི་རྒྱལ་ཨ་རག་ངར་མ།།
ཐོབ་དང་འབྱོར་བའི་མཚོན་རྟགས།
འབྱོར་མེད་ཆང་རྐྱལ་ང་ཡིས།།
འཐུང་ལོ་ཡོད་ས་མི་གདའ།།
༼༣༦༽
ཨ་མ་ཆང་མས་བཙོས་པའི།།
འབྲུ་དཀར་ནས་ཀྱི་ཆང་འདི།།
ཆང་རྐྱལ་དབུལ་པོ་ང་ཚོར།།
གནང་བའི་གསོལ་རས་མིན་འགྲོ།།
༼༣༧༽
གསར་བུ་ཨ་གསར་ཆེ་བས།།
གཞན་རག་རྒྱུན་དུ་འཐུང་གི །
སྲོལ་རྒྱུན་ཆང་གི་རིན་ཐང་།།
དེ་ཙམ་ཤེས་ཀྱིན་མི་འདུག །
༼༣༨༽
ནས་དཀར་ཆང་གི་ལག་རྩལ།།
མ་སྒྱུར་རྒྱུན་དུ་སྐྱོང་དང་།།
ཆང་དང་སྦི་རག་བྲོ་བ།།
ནོར་ཡོང་བསམ་པ་མི་གདའ།།
༼༣༩༽
གང་ཧོར་ཆང་རག་དགའ་བས།།
ཕྱི་མའི་མགྱོགས་ལམ་ཟིན་ཀྱང་།།
ཆང་མགུར་འདི་ཡི་སྙིང་དོན།།
བུ་ཚས་རྟོགས་ན་དེས་ཆོག །
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།