ང་ལ་གློ་བུར་ཏུ་དངངས་སྐྲག་ཅིག་སྐྱེས་བྱུང་།༼ཞར་བཀོད་གསུམ་ཡོད༽

         གོས་རྐྱང་ཞིག་གིས་རྣམ་ཤེས་གསོས།།
         དེ་ལ་སྲེད་པའི་ཚ་རླབས་འབར།།
         ཆུ་རྐྱང་ཞིག་གིས་གཟུཊ་བྱད་བསྐྱངས།།
         དེ་ལ་བཅུད་ཀྱི་རུ་མ་ཆགས།།

         དྲན་པ་རླབས་བཞིན་འཕྱོ་བ་འདི།།
         སྣང་བའི་ཁམས་ལ་རྩལ་གྱིས་འཕགས།།
         དུངས་བ་སྤྲིན་བཞིན་འཁྲིགས་པ་འདི།།
         སྟོང་བའི་དབྱིངས་ལ་ཡུན་གྱིས་ཡལ།།

         འཆི་བའི་བརྡ་ཞིག་ཁོ་བོས་ཐོས།།
         ཁོ་བོ་དེ་ལ་ཨེན་ཙམ་བཀྱེད།།
         ཡིན་ཡང་འཆི་བ་འཆི་བ་སྟེ།།
         འཆི་བས་སུ་ཞིག་ཚེ་བླུར་གཏོང་།།

         ང་ཚོ་ཞེས་པ་བག་ཆགས་ཏེ།།
         བག་ཆགས་ཤིག་གི་ཟུར་ཁ་ཡིན།།
         ཟུར་ཁ་རྣོ་བའི་བག་ཆགས་འདིས།།
         བབས་ཆགས་འཚོ་བའི་ནང་སྙིང་བརྐུས།།

         འཚོ་བར་བྲག་ཅ་མཆེད་པ་དེ།།
         རྣ་བའི་མཐིལ་ལ་མཆེད་པ་དེ།།
         མཐོ་བ་ཉི་ཟླའི་རྩེ་ལ་འཇོག།
         དམའ་བ་རྒྱ་མཚོའི་གཏིང་ལ་འཇོག།

         མཁའ་ལ་འུར་གྱིས་སྤུར་ཤུལ་གྱི།།
         ཡིད་ལ་བསྙེས་པའི་ཆོ་ག་དག།
         སྣང་བའི་ཟེ་བར་ཆགས་པ་ཞེས།།
         མཐའ་སྲུང་མི་ཡིས་ང་ལ་བཤད།།

                             2013 12 6

            ཁྲག་དང་འདྲ་བའི་སྙན་ངག་འདི།

          ཁྲག་དྲི་བྲོ་བའི་སྙན་ངག་ཅིག།
          རྣམ་ཤེས་ཤིག་གི་པང་ལ་ལྷུང་།།
          དེ་ལ་སེམས་ཀྱི་གཤོག་སྒྲོ་བཙུགས།།
          དེ་ནི་མུ་མེད་དབྱིངས་ལ་སྤུར།།

          སྤྲིན་པ་རླུང་བུས་མཐའ་ལ་བསྡུས།།
          ཤེས་པ་ཕཊ་ཀྱིས་མཁའ་ལ་བསྐྲད།།
          སྣང་སྟོང་གར་གྱི་ལྷ་མོ་ཡང་།།
          འཛུམ་དང་བཅས་ཏེ་དབྱིངས་ལ་དྭངས།།

          བྱང་ཁའི་ཉི་ཟེར་རི་ལ་འཕོས།།
          ལང་ཚོའི་ཁྲག་དྲོན་སྲིབ་ལ་བཞུར།།
          ཙག་གིས་བཅུམས་པའི་ཆུ་མོས་ཀྱང་།།
          ལག་གཡུག་བྱེད་བཞིན་མདུན་ལ་ཆས།།

          སྙིང་ལ་མཆེད་པའི་དངན་པ་དེ།།
          སྨྲེང་བའི་ཁམས་ལ་རིམ་གྱིས་ཡལ།།
          ཡ་མཚན་ལྟད་མོའི་ཡོལ་བ་ཡང་།།
          དེ་ཡི་དུས་སུ་ཡུད་ཙམ་ཕྱེས།།

          དར་ཟབ་གོས་ཀྱི་སྣེ་མོ་དེ།།
          ཤའུ་སྟེང་ལ་བཙན་གྱིས་དྲུད།།
          བརྗོད་འདས་ཚོར་བའི་ཆུ་མགོ་ཡང་།།
          འདི་ཡི་སྐབས་ལ་ཅིག་ཅར་བརྡོལ།།

          འབྱམས་ཀླས་ཟེར་ན་འདི་ལ་ཟེར།།
          རབ་འབྱམས་ཟེར་ན་འདི་ལ་བརྗོད།།
          དག་དང་མ་དག་སྣང་བ་ཡང་།།
          ཁྲག་ལམ་འདི་ལས་འདི་ལྟར་འཕྱུར།།

          ཡུམ་གྱི་རང་སྣང་སད་པའི་ཚེ།།
          ཀུན་རྫོབ་གླེང་ན་ཆུང་འདུག་ཟེར།།
          གྲོགས་ཀྱི་འདིར་སྣང་འགཊ་པའི་ཚེ།།
          དོན་དམ་གླེང་ན་ཆེ་འདུག་ཟེར།།

          ལུས་ཀྱི་ཐོ་ཡོར་འགུལ་བ་དེ།།
          གཉུག་མའི་ཁམས་ནས་འགུལ་བ་དེ།།
          ཏིང་འཛིན་འཕྲུལ་གྱི་སྒོ་ངར་བཅུག།
          སྒོ་ངའི་སྦུབས་དང་མཛོད་ལ་བཅུག།

          སུན་པའི་རླུང་དམར་འུར་འུར་ལྡང་།།
          རྟོག་པའི་ཆུ་མོ་ཆལ་ཆིལ་འཕྱོ།།
          ཡིད་ལ་སྦྲུམ་པའི་ཚོར་ཤེས་ཀྱང་།།
          འཚོ་བའི་མངལ་དུ་ག་ལེར་གཟིམས།།
                     
                              2013  12  25

           དེ་རིང་ཡང་ནི་ང་རང་སད་དེ་ཡོད།
                                        
སྤྲིན་གྱི་གཤོག་པ་རླུང་གིས་བསྒུལ་ཞིང་རླུང་གི་རྒྱུ་བ་གདང་ལ་བརྒྱུས།།
སེམས་ཀྱི་ཀུན་རྟོག་མེ་ཡིས་བསྲེཊ་ཤིང་མེ་ཡི་ངོ་བོ་རང་ལ་འཐིམས།།
སྣང་གསལ་རི་མོའི་རང་མདངས་ཟེར་ཡང་རང་ལ་སྣང་བ་དེ་ལས་མེད།།
མཐའ་བྲལ་རིག་པའི་རང་སྒྲ་ཟེར་ཡང་རང་གིས་ཐོས་པ་དེ་ལས་མེད།།

མི་ཡི་ཁ་རླངས་མཁའ་ལ་ཆགས་པ་ལྷ་ཆེན་ཞིག་གི་ཁྲོས་གཏམ་ཡིན།།
ས་ཡི་རྡུལ་དམར་གྱེན་ཏུ་འཕྱུར་བ་ལྷ་མོ་ཞིག་གི་ཨག་རྒྱངས་ཡིན།།
བར་མ་དོ་རུ་ཕྱིར་ལ་འཁྱམས་ཞིང་ནང་ལ་འཛུལ་བའི་མི་བུ་ཚོ།།
མི་ཡུལ་ལུང་པའི་གྲུ་ཟུར་འདི་ལ་ལས་ཀྱི་བདག་པོས་སྤྱུགས་པ་རེད།།

འོད་ཀྱི་རི་མོ་མཆན་ལ་བཅུག་སྟེ་དེ་ཡི་གྲུབ་གཟུགས་བློ་ལ་བྲིས།།
མུན་པའི་རབ་ཁ་གདོང་ལ་བསུས་ཏེ་དེ་ཡི་རང་གཟུགས་རྒྱང་ལ་སྤྲད།།
གཅིག་འཁྲུལ་གཉིས་འཁྲུལ་གསུམ་འཁྲུལ་བྱས་ཏེ་འཁྲུལ་བའི་གར་ལ་རོལ་དུས་དེར།།
རང་གི་ཤེས་རབ་དོང་ནས་ལེན་པ་ནོར་བུའི་ནང་གི་ནོར་བུའོ།།

ཀུན་རྫོབ་འོབས་སུ་འཇའ་ཚོན་བཀྲ་བ་ཆུ་བུར་མིག་གིས་མ་མཐོང་ངོ་།།
ཞེན་པའི་དར་གོས་ས་ལ་ཟགས་པ་རྨོངས་པའི་བློ་ཡིས་མ་རྟོགས་སོ།།
ཚད་མིན་བློ་ཡིས་ཚད་མར་བཟུང་བ་བདེན་པའི་ཟུར་ལ་མི་མཛའ་འོ།།
རྒོད་པོའི་འཕུར་ཡར་སྐྱ་ཀས་འགྲན་པ་འགྲན་པའི་གྲལ་ལ་མི་བརྩིའོ།།

བདག་འཛིན་ཐ་གུས་མགོ་ལག་བཀུག་སྟེ་སྲེད་པའི་རྡང་ལ་དམ་དུ་བཏགས།།
ཡིན་སྣང་བེར་ཀས་གཞུ་ཐེངས་རེ་ལ་མིན་སྣང་རྟོག་པ་དྲག་ཏུ་ཁྲོས།།
ཞོ་ལྟར་ཆགས་པའི་སེམས་ཀྱི་འཛིན་པ་འཛད་པའི་མཐའ་ལ་ཁོ་བོ་བྲེལ།།
ཆུ་ལྟར་བཞུར་བའི་ཡིད་ཀྱི་རྟོག་པ་ཆད་པའི་ཟུར་ལ་ང་རང་དངངས།།  

བདེན་པ་དེ་ནི་འདི་འོ་ཞེས་སུ་ལག་པས་འཛིན་མཁན་ག་ཚོད་ཡོད།།
རྫུན་པ་འདི་ནི་དེ་འོ་ཞེས་སུ་མཛུབ་མོས་སྟོན་མཁན་ག་ཙམ་ཡོད།།
དོན་ལ་གཞོལ་ཞིང་དོན་མིན་ལས་ལ་ཡོངས་སུ་མཐུན་པའི་ང་ཅག་གི།
སེམས་དང་བསམ་པའི་བར་གསེང་འདི་ན་མི་དྲག་ནད་ཅིག་ཡོད་ཤས་ཆེ།།
                                                               
                               2013 12 11

          རབ་རིབ་ཅིག་བཤད།

          འཁོར་བའི་རི་ལ་བཙུགས་པའི།།
          དར་ཤིང་སྐྱ་བོ་ཞིག་ལ།།
          སྲིད་པའི་པང་ལ་འཐེན་པའི།།
          རྨུ་ཐག་ཕྲ་མོ་ཞིག་ལ།།
          ཆུ་མིག་ལང་ཚོ་འཁོར་ཡོད།།
          ཆར་རྗེས་འཇའ་ཚོན་འཁྱིལ་ཡོད།།
          སེམས་ཁ་ཟགས་ལའི་ཁ་བས།།
          ཁོ་བོར་ཁ་རོག་ཟེར་བཞིན།།
          ང་ཡི་འབྱུང་བཞིའི་ཁམས་ལ།།
          ཁངས་ཀྱི་རི་རབ་བརྩིགས་སོང་།།
                             2013  11  16
 
          (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལ་གློ་བུར་ཏུ་དངངས་སྐྲག་ཅིག་སྐྱེས་བྱུང་།༼ཞར་བཀོད་གསུམ་ཡོད༽

2014-01-19 ཞོགས་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།