སེམས་ཀྱི་རོལ་ཆ། (ཞར་བཀོད་གཅིག་ཡོད)


ཕར་ལ་ཤར་འདྲ་ཚུར་ལ་འཆར་འདྲ།།
གཟུགས་བརྙན་འཆར་བའི་མེ་ལོང་ངོས་ལ།།
དགེ་དང་མི་དགེའི་སྣ་ཆུ་འདྲེས་པའི།།
མཚོ་འགྲམ་ངོས་ཀྱི་སྨིག་རླུང་འཐེན་འདྲ།།
 
ཡིད་ཀྱི་བདེ་སྡུག་དཔུང་བོར་བཞག་ནས།།
མི་རྟག་དབྱངས་ཀྱིས་ཀུ་ཅོ་འདོན་དུས།།
འཁོར་བའི་ཁམས་ཀྱི་སྐྱིད་ཀྱི་རུ་མ།།
ས་ཕྱོགས་གཞན་ལ་བྲོས་པ་འདྲ་འོ།།
 
ཞེ་ལ་འཁོར་བའི་དོ་ཧའི་རྟ་དབྱངས།།
སྨིན་མཚམས་གང་ལ་ཆགས་ཐོགས་མེད་པར།།
ལུས་ཀྱི་གསེང་ལ་ཏིལ་འགྲོས་བྱེད་སྐབས།།
རྣམ་ཤེས་གཞན་དུ་འཕོ་བ་འདྲ་བ།།
 
མཛུབ་མོ་ལྔ་ཡི་སེན་བར་རྩེ་ནས།།
དྲིལ་ཆུང་ཟད་པོའི་ལྕེ་སྣེ་བརྡར་ཏེ།།
རུས་པའི་འོབས་ལ་ན་རོ་སྦས་པ།།
སྐྱེས་བོ་སུ་ཡི་མིག་འབྲས་ཡིན་ནམ།།
 
བྱེ་མའི་རི་ལ་བཤིག་པའི་སྣང་བས།།
ཚེར་མའི་སྤང་ལ་ཆར་རྒྱུན་ཕབ་སྟེ།།
འདིར་སྣང་སྒྱུ་མའི་ལྡེབས་རིས་ངོས་ལ།།
རྣམ་འགྱུར་གྲང་མོའི་རེ་ཁ་ཕབ་ཡོད།།
 
མུན་པས་རྨི་ལམ་འཐག་པའི་ཟུར་ན།།
ཟླ་བའི་གདོང་གི་མིག་ཆུ་བྲི་ཞིང་།།
སྡུག་གི་ལོ་མ་ཆང་ལ་སྦངས་ཉིན།།
འཁོར་བའི་བློ་ལྡོག་ལག་ཏུ་ཤོང་ངམ།།
 
            ཚངས་མགུར་ནང་གི་བྱེའུ།
                         

____དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་ཁོའི་མ་སྐྱེས་ཨ་མ།
དྲུག་པ་ཁོང་ཉིད་འབོད་པའི་གཞས་པ།།
མ་སྐྱེས་ཨ་མ་སྐད་པའི་གར་མ།།
བོད་དང་དབུས་ཀྱི་ཕོ་བྲང་ནང་ནས།།
འཆར་ཡན་བྱེའུ་ག་འདྲ་བསྲེགས་མྱོང་།།
 
རྨི་ལམ་ཚུན་དང་མངོན་སུམ་དྲན་པ།།
མགུར་གླུའི་ནང་དུ་སྡེབ་ཚུལ་དེ་ག།
དགོན་དང་གྲོང་བའི་མཐའ་ལ་བལྟས་ཏེ།།
གློ་བུར་འབྲི་དང་གྱེར་དགོས་ཐུག་གམ།།
 
རིང་ནས་འདྲེས་ཤིང་བརྩེ་བའི་མ་མ།།
ག་ལེར་རྒྱབ་གཟུགས་མཐོང་བ་ཉིད་ནས།།
རང་གི་ཆུང་འདྲིས་ཡིན་པ་ཤེས་དུས།།
རྡོ་གཅལ་ཐང་ནས་ལྡིང་བཞིན་ངུས་སམ།།
 
ལྷ་ཡི་སྤྲུལ་བ་ཞེ་ནས་བོར་རྗེས།།
སྒོམ་པའི་བླ་མའི་ཞལ་རས་མེད་ཀྱང་།།
སེམས་སོང་དགའ་མོའི་དོན་དུ་ཡིན་པ།།
གཟན་སྣེའི་ཁུད་ནས་རྟགས་ཙམ་གྲུབ་འོང་།།
 
ཁོག་ཏུ་དྲན་པ་ཆང་མ་ཡེ་ཤེས།།
ཕྱི་རུ་འཆར་བ་ཟླ་བའི་ལྷ་མོ།།
གྲི་ཤན་ཙམ་ལ་རྟེན་འབྲེལ་བསྒྲིགས་ནས།།
ཕྱིར་མིག་ཙམ་ལ་ཞེ་ཆགས་འཕངས་ཡོད།།
 
ནོར་བུ་གླིང་གའི་འཕྲིན་སྐྱེལ་བ་ཞིག།
གསང་བའི་སྒོ་ནས་བཞག་པ་མེད་ཀྱང་།།
རང་གི་གཞས་ཚིག་བཏང་བའི་ཐད་དུ།།
ཐབས་ཤེས་ག་འདྲ་འཐེན་ནས་ཡོད་དམ།།
 
མཚན་མོའི་ལག་སྒྲོན་རྐང་སྣེར་ཀེར་ཏེ།།
ཐག་རིང་ལམ་ལ་ཆས་པའི་ངང་ཚུལ།།
གོམ་ཆུང་དལ་གྱིས་བླངས་པ་ཨེ་ཡིན།།
ཁང་བའི་ལྟག་སྒོ་བརྒྱུད་ཤོག་གསུང་ངམ།།
 
ལྷ་སའི་དབུས་ཀྱི་བར་སྐོར་ཨ་ཅག།
ངུར་བ་ཡངས་མོ་ལེན་པ་རེད་དམ།།
ནུ་ཟུང་དྲོན་མོ་གནང་བར་མཛད་དེ།།
ངང་གཤིས་སྤྲོ་པོས་ཁྱེད་ཉིད་སུས་ཤོག།

 (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་རོལ་ཆ། (ཞར་བཀོད་གཅིག་ཡོད)

2014-01-08 ཤེས་རབ། ཀློག་གྲངས། མཆན ཡོད།


ཕར་ལ་ཤར་འདྲ་ཚུར་ལ་འཆར་འདྲ།།
གཟུགས་བརྙན་འཆར་བའི་མེ་ལོང་ངོས་ལ།།
དགེ་དང་མི་དགེའི་སྣ་ཆུ་འདྲེས་པའི།།
མཚོ་འགྲམ་ངོས་ཀྱི་སྨིག་རླུང་འཐེན་འདྲ།།
 
ཡིད་ཀྱི་བདེ་སྡུག་དཔུང་བོར་བཞག་ནས།།
མི་རྟག་དབྱངས་ཀྱིས་ཀུ་ཅོ་འདོན་དུས།།
འཁོར་བའི་ཁམས་ཀྱི་སྐྱིད་ཀྱི་རུ་མ།།
ས་ཕྱོགས་གཞན་ལ་བྲོས་པ་འདྲ་འོ།།
 
ཞེ་ལ་འཁོར་བའི་དོ་ཧའི་རྟ་དབྱངས།།
སྨིན་མཚམས་གང་ལ་ཆགས་ཐོགས་མེད་པར།།
ལུས་ཀྱི་གསེང་ལ་ཏིལ་འགྲོས་བྱེད་སྐབས།།
རྣམ་ཤེས་གཞན་དུ་འཕོ་བ་འདྲ་བ།།
 
མཛུབ་མོ་ལྔ་ཡི་སེན་བར་རྩེ་ནས།།
དྲིལ་ཆུང་ཟད་པོའི་ལྕེ་སྣེ་བརྡར་ཏེ།།
རུས་པའི་འོབས་ལ་ན་རོ་སྦས་པ།།
སྐྱེས་བོ་སུ་ཡི་མིག་འབྲས་ཡིན་ནམ།།
 
བྱེ་མའི་རི་ལ་བཤིག་པའི་སྣང་བས།།
ཚེར་མའི་སྤང་ལ་ཆར་རྒྱུན་ཕབ་སྟེ།།
འདིར་སྣང་སྒྱུ་མའི་ལྡེབས་རིས་ངོས་ལ།།
རྣམ་འགྱུར་གྲང་མོའི་རེ་ཁ་ཕབ་ཡོད།།
 
མུན་པས་རྨི་ལམ་འཐག་པའི་ཟུར་ན།།
ཟླ་བའི་གདོང་གི་མིག་ཆུ་བྲི་ཞིང་།།
སྡུག་གི་ལོ་མ་ཆང་ལ་སྦངས་ཉིན།།
འཁོར་བའི་བློ་ལྡོག་ལག་ཏུ་ཤོང་ངམ།།
 
            ཚངས་མགུར་ནང་གི་བྱེའུ།
                         

____དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་ཁོའི་མ་སྐྱེས་ཨ་མ།
དྲུག་པ་ཁོང་ཉིད་འབོད་པའི་གཞས་པ།།
མ་སྐྱེས་ཨ་མ་སྐད་པའི་གར་མ།།
བོད་དང་དབུས་ཀྱི་ཕོ་བྲང་ནང་ནས།།
འཆར་ཡན་བྱེའུ་ག་འདྲ་བསྲེགས་མྱོང་།།
 
རྨི་ལམ་ཚུན་དང་མངོན་སུམ་དྲན་པ།།
མགུར་གླུའི་ནང་དུ་སྡེབ་ཚུལ་དེ་ག།
དགོན་དང་གྲོང་བའི་མཐའ་ལ་བལྟས་ཏེ།།
གློ་བུར་འབྲི་དང་གྱེར་དགོས་ཐུག་གམ།།
 
རིང་ནས་འདྲེས་ཤིང་བརྩེ་བའི་མ་མ།།
ག་ལེར་རྒྱབ་གཟུགས་མཐོང་བ་ཉིད་ནས།།
རང་གི་ཆུང་འདྲིས་ཡིན་པ་ཤེས་དུས།།
རྡོ་གཅལ་ཐང་ནས་ལྡིང་བཞིན་ངུས་སམ།།
 
ལྷ་ཡི་སྤྲུལ་བ་ཞེ་ནས་བོར་རྗེས།།
སྒོམ་པའི་བླ་མའི་ཞལ་རས་མེད་ཀྱང་།།
སེམས་སོང་དགའ་མོའི་དོན་དུ་ཡིན་པ།།
གཟན་སྣེའི་ཁུད་ནས་རྟགས་ཙམ་གྲུབ་འོང་།།
 
ཁོག་ཏུ་དྲན་པ་ཆང་མ་ཡེ་ཤེས།།
ཕྱི་རུ་འཆར་བ་ཟླ་བའི་ལྷ་མོ།།
གྲི་ཤན་ཙམ་ལ་རྟེན་འབྲེལ་བསྒྲིགས་ནས།།
ཕྱིར་མིག་ཙམ་ལ་ཞེ་ཆགས་འཕངས་ཡོད།།
 
ནོར་བུ་གླིང་གའི་འཕྲིན་སྐྱེལ་བ་ཞིག།
གསང་བའི་སྒོ་ནས་བཞག་པ་མེད་ཀྱང་།།
རང་གི་གཞས་ཚིག་བཏང་བའི་ཐད་དུ།།
ཐབས་ཤེས་ག་འདྲ་འཐེན་ནས་ཡོད་དམ།།
 
མཚན་མོའི་ལག་སྒྲོན་རྐང་སྣེར་ཀེར་ཏེ།།
ཐག་རིང་ལམ་ལ་ཆས་པའི་ངང་ཚུལ།།
གོམ་ཆུང་དལ་གྱིས་བླངས་པ་ཨེ་ཡིན།།
ཁང་བའི་ལྟག་སྒོ་བརྒྱུད་ཤོག་གསུང་ངམ།།
 
ལྷ་སའི་དབུས་ཀྱི་བར་སྐོར་ཨ་ཅག།
ངུར་བ་ཡངས་མོ་ལེན་པ་རེད་དམ།།
ནུ་ཟུང་དྲོན་མོ་གནང་བར་མཛད་དེ།།
ངང་གཤིས་སྤྲོ་པོས་ཁྱེད་ཉིད་སུས་ཤོག།

 (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།