ལྗོན་པའི་ཕུགས་བསམ།(ཞར་བཀོད་གཅིག་ཡོད)


དཔྱིད་གསུམ་མཚར་སྡུག་མེ་ཏོག་ཆལ་ཆིལ་དུ་བཞད་པས། །
ཨ་ལྕེའི་དབུ་ལོ་མཛེས་པའི་རྒྱན་ཆ་ཙམ་ཡོང་ན། །
ན་ཆུང་སོར་མོའི་མཚོན་གྱིས་ཚལ་བ་རུ་འཕངས་ཀྱང༌། །
འགྱོད་མེད་བཏང་སྙོམས་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
དབྱར་གསུམ་སྣུམ་སྟུག་ཡལ་འདབ་དཔག་ཚད་དུ་རྒྱས་པས། །
ཨ་ཇོའི་སྐུ་ངལ་གསོ་བའི་ཚད་སྐྱོབ་ཙམ་ཡོང་ན། །
ཚ་གདུང་མེ་དུག་དྲག་པོས་བརྩེ་མེད་དུ་གཟིར་ཡང༌། །
བསྐང་མེད་ཞི་བ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
སྟོན་གསུམ་སྨིན་ལེགས་འབྲས་བཟང་ཕང་ཕུང་དུ་དུད་པས། །
རྨོ་བོའི་ཟོ་མདངས་གསོ་བའི་བཅུད་ལེན་ཙམ་ཡོང་ན། །
རྣོ་ངར་རྔ་ཟོར་གདུག་པོས་འཇིང་བ་ནས་བཅད་ཀྱང༌། །
ཕངས་མེད་དགའ་བ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
དགུན་གསུམ་ཡལ་གའི་ཁོ་ལག་ཕྱོགས་མེད་དུ་བརྐྱངས་པས། །
སྤོ་བོའི་མེ་སྟོབས་གསོ་བའི་དྲོད་ལེན་ཙམ་ཡོང་ན། །
རེག་གཅོད་སྟ་གྲི་ངར་མས་དུམ་བུ་རུ་གཏུབས་ཀྱང༌། །
ལན་མེད་བཟོད་པ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
ཁྱད་པར་རིང་བའི་རྩེ་མོ་ནམ་མཁའ་རུ་བསྙེགས་པས། །
ནུ་སྲིང་བུ་ཚ་དགྱེས་པའི་སྐས་གདང་དུ་གྱུར་ཏེ། །
རྒྱུ་སྐར་དོ་ཤལ་ལེན་པའི་རྐང་སྟེགས་ཤིག་ཡོང་ན། །
རེ་བློ་གཏིང་ནས་ཚིམ་པའི་དགའ་སྟོན་ལ་རོལ་འགྲོ། །

         ཞོགས་པའི་གངས་རི།

སྐྱ་རེངས་གོས་དག་བྱི་བ་ཡི། །
རྨད་བྱུང་ཁ་བའི་ས་འཛིན་མོ། །
མ་བཅོས་དུང་བའི་ཉམས་རྫོགས་པ། །
ལྷུན་གྱིས་གྲུབ་པའི་དབེ་ན་སི། །
ཉིན་བྱེད་སྣང་བའི་ལག་པ་ཡི། །
རེག་པ་གསར་བ་ཐོབ་གྱུར་ན། །
འཇོ་སྒེག་ཉམས་ཀྱི་པད་དཀར་ལས། །
རྩེ་དགའི་འཛུམ་རླབས་འཕྱུར་བྱེད་ལ། །
ད་དུང་ཅི་དགའི་རོལ་སྒེག་གིས། །
ཡང་དག་དགའ་སྟོན་བསྒྲུབས་གྱུར་ན། །
བདེ་ཆེན་ཚོར་བའི་རླངས་སྤྲིན་གྱིས། །
དགུ་ཚིགས་དབྱིངས་ཆེན་འཁྱུད་ཀྱང་སྲིད། །
འོན་ཀྱང་དེ་ཚེ་བསིལ་ལྡན་མ། །
རང་ལུས་བོར་བའི་རླངས་གཟུགས་ཙམ། །
འོད་ཟེར་སྣང་བའི་བུ་ཆུང་ཁོ། །
བྲི་གང་མེད་པའི་གཟི་བྱིན་ལྷམ། །


 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྗོན་པའི་ཕུགས་བསམ།(ཞར་བཀོད་གཅིག་ཡོད)

2009-03-29 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།


དཔྱིད་གསུམ་མཚར་སྡུག་མེ་ཏོག་ཆལ་ཆིལ་དུ་བཞད་པས། །
ཨ་ལྕེའི་དབུ་ལོ་མཛེས་པའི་རྒྱན་ཆ་ཙམ་ཡོང་ན། །
ན་ཆུང་སོར་མོའི་མཚོན་གྱིས་ཚལ་བ་རུ་འཕངས་ཀྱང༌། །
འགྱོད་མེད་བཏང་སྙོམས་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
དབྱར་གསུམ་སྣུམ་སྟུག་ཡལ་འདབ་དཔག་ཚད་དུ་རྒྱས་པས། །
ཨ་ཇོའི་སྐུ་ངལ་གསོ་བའི་ཚད་སྐྱོབ་ཙམ་ཡོང་ན། །
ཚ་གདུང་མེ་དུག་དྲག་པོས་བརྩེ་མེད་དུ་གཟིར་ཡང༌། །
བསྐང་མེད་ཞི་བ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
སྟོན་གསུམ་སྨིན་ལེགས་འབྲས་བཟང་ཕང་ཕུང་དུ་དུད་པས། །
རྨོ་བོའི་ཟོ་མདངས་གསོ་བའི་བཅུད་ལེན་ཙམ་ཡོང་ན། །
རྣོ་ངར་རྔ་ཟོར་གདུག་པོས་འཇིང་བ་ནས་བཅད་ཀྱང༌། །
ཕངས་མེད་དགའ་བ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
དགུན་གསུམ་ཡལ་གའི་ཁོ་ལག་ཕྱོགས་མེད་དུ་བརྐྱངས་པས། །
སྤོ་བོའི་མེ་སྟོབས་གསོ་བའི་དྲོད་ལེན་ཙམ་ཡོང་ན། །
རེག་གཅོད་སྟ་གྲི་ངར་མས་དུམ་བུ་རུ་གཏུབས་ཀྱང༌། །
ལན་མེད་བཟོད་པ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །
ཁྱད་པར་རིང་བའི་རྩེ་མོ་ནམ་མཁའ་རུ་བསྙེགས་པས། །
ནུ་སྲིང་བུ་ཚ་དགྱེས་པའི་སྐས་གདང་དུ་གྱུར་ཏེ། །
རྒྱུ་སྐར་དོ་ཤལ་ལེན་པའི་རྐང་སྟེགས་ཤིག་ཡོང་ན། །
རེ་བློ་གཏིང་ནས་ཚིམ་པའི་དགའ་སྟོན་ལ་རོལ་འགྲོ། །

         ཞོགས་པའི་གངས་རི།

སྐྱ་རེངས་གོས་དག་བྱི་བ་ཡི། །
རྨད་བྱུང་ཁ་བའི་ས་འཛིན་མོ། །
མ་བཅོས་དུང་བའི་ཉམས་རྫོགས་པ། །
ལྷུན་གྱིས་གྲུབ་པའི་དབེ་ན་སི། །
ཉིན་བྱེད་སྣང་བའི་ལག་པ་ཡི། །
རེག་པ་གསར་བ་ཐོབ་གྱུར་ན། །
འཇོ་སྒེག་ཉམས་ཀྱི་པད་དཀར་ལས། །
རྩེ་དགའི་འཛུམ་རླབས་འཕྱུར་བྱེད་ལ། །
ད་དུང་ཅི་དགའི་རོལ་སྒེག་གིས། །
ཡང་དག་དགའ་སྟོན་བསྒྲུབས་གྱུར་ན། །
བདེ་ཆེན་ཚོར་བའི་རླངས་སྤྲིན་གྱིས། །
དགུ་ཚིགས་དབྱིངས་ཆེན་འཁྱུད་ཀྱང་སྲིད། །
འོན་ཀྱང་དེ་ཚེ་བསིལ་ལྡན་མ། །
རང་ལུས་བོར་བའི་རླངས་གཟུགས་ཙམ། །
འོད་ཟེར་སྣང་བའི་བུ་ཆུང་ཁོ། །
བྲི་གང་མེད་པའི་གཟི་བྱིན་ལྷམ། །


 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།