ཨ་ཁུ་གཙང་བོ།

པི་ཝང་རྒྱུད་དྲུག་སྦྲེང་བའི་ཕྱག་སོར་ཕྲ་མོ།།
སྙན་པའི་རོལ་དབྱངས་དཀྲོལ་བའི་ལས་ལ་བྲེལ་ཏེ།།
གྲེ་བ་གུར་གྱི་སྒོ་མོ་ཕྱེ་བའི་ཉིན་ལ།།
ང་ཚོ་སྤུན་ཟླ་མང་པོ་འཁོར་ནས་རྩེའོ།།
དགུང་གི་ཉི་མ་ཤར་རིའི་རྩེ་ནས་འཕགས་ཡོང༌།།
རྟགས་དང་རྟེན་འབྲེལ་ཐོག་མ་དེ་ནས་འགྲིག་ཐལ།།
མ་སྲུ་རྒན་གཞོན་བར་གསུམ་འདི་ནས་འཛོམས་ཏེ།།
གར་གྱི་འགོ་མ་དཀོན་མཆོག་གསུམ་ལ་ཕུལ་ཡོད།།
དཀར་ཡོལ་འབྲུག་རིས་ནང་གི་ནས་ཆང་བསིལ་མ།།
ཞིམ་མངར་རྒུན་ཆང་དམར་པོ་ལྟེམ་མེར་འཁྱིལ་ཡོད།།
ཞལ་ཟས་རོ་བརྒྱ་ལྡན་པ་གྲལ་དུ་བཤམས་ནས།།
འུ་ཅག་སྐུ་ཚེ་རིང་བའི་སྨོན་འདུན་ཞུས་ཡོད།།
ཁྱེད་ཀྱི་གདོང་གི་སྐྱི་པགས་གཉེར་མ་བཤུས་ཞོག།
ང་ཡི་གདོང་གི་གཡོ་སྒྱུ་སྤྲེལ་ལད་བླངས་ཆོག།
སོ་དཀར་འཛུམ་ཆུང་སྟོན་པའི་གར་ཞིག་འཁྲབ་ན།།
དེ་རིང་ཁྲོམ་པའི་གྲལ་གྱི་གླུ་བ་ང་ཡིན།།
ས་གཞི་སྔོན་མོར་སྐྱིད་པའི་དགོད་སྒྲ་འཐིམ་བཞིན།།
ཆུ་བོ་དྭངས་མོས་བདེ་བའི་བསོ་སྒྲ་སྒྲོགས་བཞིན།།
ཁ་དཀར་རྐྱང་ལ་འཐབ་པའི་རླུང་བུ་འཇམ་པོ།།
དེ་རིང་ཁྲོམ་པའི་གྲལ་གྱི་མགྲོན་པོ་ཐོག་མ།།
སྤྲིན་དཀར་ལྡིང་ཁང་ནང་གི་གཡུ་འབྲུག་སྔོན་མོ།།
ཐུགས་རྗེ་སྦྲང་ཆར་ཟིལ་མ་འདི་རུ་ཕོབས་དང༌།།
ལས་དང་སྐལ་བ་བཟང་བོའི་ཡུར་ཆུ་ཐོག་མ།།
འབྲུ་དྲུག་སྙེ་མའི་ཞིང་དུ་འདི་ནས་དྲངས་ཆོག།
ཕར་ལ་བལྟས་བའི་གོང་མ་ལྷ་ཡང་དགའ་དགའ།།
ཚུར་ལ་བལྟས་བའི་འོག་ཕྱོགས་ཀླུ་ཡང་སྐྱིད་སྐྱིད།།
དགའ་སྐྱིད་འཛོམས་པའི་བདག་གི་གཉེན་ཉེ་སྤུན་ཟླ།།
ཕ་ས་སྒོར་མོ་འདི་ལ་ཞེ་རེ་ཆགས་ཨང༌།།
དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ཚོགས་ལ།།
ལྷ་ཤིང་ཤུག་པ་སྔོན་པོའི་བསང་ཞིག་བཀྱགས་ནས།།
ཆོས་དུང་དཀར་པོའི་འབོད་པ་ལན་གསུམ་བཏང་ན།།
བསམ་དོན་ཡིད་བཞིན་འགྲུབ་པའི་དངོས་གྲུབ་གནང་ཤོག།
ཕ་དང་ཨ་ཁུ་དགའ་བའི་གླུ་ཞིག་བླངས་ཤིང༌།།
མ་དང་སྲུ་མོ་དགྱེས་བའི་བྲོ་ཞིག་འཁྲབ་ནས།།
སྦྲང་ཆར་སིམ་སིམ་འབེབ་པའི་འབྲུག་ཆུང་ངེད་གཉིས།།
རྩེད་བཞིན་རྩེད་བཞིན་ཨ་སྔོན་དགུང་ལ་འཕུར་འགྲོ།།
དགུང་གི་སྤྲིན་པ་དཀར་པོ་སྲབ་ཅིང་མཛེས་པ།།
དྲི་བཞོན་རླུང་བུ་ཕྲ་མོ་དྲོད་ཅིང་འཇམ་པ།།
ང་དང་ཕོ་ཆུང་འབྲུག་དཀར་བརྩེ་ཞིང་མཐུན་པ།།
བདག་གི་སྙན་ངག་དཀར་པོ་མཉེན་ཞིང་འཇེབས་པ།།
                      ༢༠༠༤     ༡        ༢༨
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་གཙང་བོ།

2008-11-06 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།