འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།

གང་ལ་གང་འཚམ་དེ་ལ་དེ་འཚམ་གྱིས།།

མི་ཆེན་ངོ་སོ་བསྟོད་ལ་མི་མཁས་ངས།།

འཛམ་གླིང་ཕྱི་ནང་གཉིས་ཀྱི་རྒྱན་གྱུར་བ།།

སྐྱེས་ཆེན་འགའ་རེའི་མཛད་རྣམ་བསྟོད་ལ་རངས།།

 

ཆེན་པོ་ཆུང་ངུར་འཛིན་པའི་སུན་འབྱིན་མཁན།།

ཆུང་ངུ་ཆེན་པོར་བལྟ་བའི་ལྷག་མཐོང་པ།།

རང་སེམས་ཆེ་ཆུང་སྙོམ་མཁས་ཞི་དུལ་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

ཁེ་ལ་རྡོག་པས་རྫི་བའི་རང་རློམ་ཅན།།

གྲགས་པ་རྩ་ནས་གཅོད་པའི་ང་རྒྱལ་ཅན།།

ཁེ་གྲགས་གཉིས་ལས་རྒྱལ་བའི་སྐྱེས་ཆེན་གང་།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

ནམ་མཁའ་གུར་དུ་ཕིབས་པས་སེམས་རྒྱ་ཡངས།།

ས་གཞི་གདན་དུ་བཏིངས་པས་བློ་སྤོབས་ཆེ།།

སེམས་ཅན་མ་རུ་བལྟ་བའི་ལྷག་བསམ་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

བདེན་པ་ཚད་མར་འཛིན་པའི་དྲང་བདེན་པ།།

རྒྱུ་འབྲས་ཐོད་དུ་བཅིངས་པའི་འཕྲིན་ལས་ཅན།།

སེམས་ཀྱི་ཆེ་ཆུང་གཞལ་མཁས་ཡུལ་གྱུར་བ།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

ཞི་བདེ་བྱང་སེམས་སྒྲོག་པའི་བདེན་སྐྱོང་པ།།

འཐབ་འཁྲུག་རྩོད་སློང་འགོག་པའི་རྒྱལ་མཚན་ཆེ།།

གནམ་ས་གཞི་གཅིག་སྦྲེལ་བའི་མཐུ་རྩལ་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

མ་རིག་སེམས་ལས་སྐྱེས་པའི་དུག་གསུམ་དང་།།

ཕྱི་ནང་ཁྲག་གི་མཚོ་ལ་རོལ་བ་སོགས།།

མ་ལུས་དུག་གི་རྩ་བ་འཇོམས་པའི་དཔལ།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

སེམས་ཀྱི་རྒྱལ་མོའི་ཚུར་སྣང་སྒྱུ་མའི་གར།།

སེམས་པའི་སྟེང་འོག་ཀུན་ཏུ་རྒྱུ་བའི་རླབས།།

སེམས་ཀྱིས་འདུལ་བ་མཚུངས་མེད་ཉི་མའི་བུ།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

སྟོན་མཇུག་ལོ་མ་སེར་པོའི་འཇིག་རྟེན་དུ།།

མཐིང་མདོག་སྣུམ་ཚོན་བྱུགས་ལ་རྔམ་པ་ཡིས།།

རང་ལུས་ཚོན་རྩིར་ཕབ་པའི་རྣམ་ཐར་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

མདོར་ན་བདེན་རྫུན་བཟང་ངན་ལེགས་འབྱེད་པའི།།

རྒྱུ་འབྲས་རྒྱ་མའི་ཕྱོགས་སུ་མ་ལྷུང་བ།།

མགོ་ནག་མི་ཡི་ཁྲོད་ན་དུ་མཆིས་པ།།

གཞན་ལ་མ་འདྲི་རང་གི་སེམས་ལ་དྲིས།།

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།

2009-12-03 འགར་སྐལ་བཟང་། ཀློག་གྲངས། མཆན ཡོད།

གང་ལ་གང་འཚམ་དེ་ལ་དེ་འཚམ་གྱིས།།

མི་ཆེན་ངོ་སོ་བསྟོད་ལ་མི་མཁས་ངས།།

འཛམ་གླིང་ཕྱི་ནང་གཉིས་ཀྱི་རྒྱན་གྱུར་བ།།

སྐྱེས་ཆེན་འགའ་རེའི་མཛད་རྣམ་བསྟོད་ལ་རངས།།

 

ཆེན་པོ་ཆུང་ངུར་འཛིན་པའི་སུན་འབྱིན་མཁན།།

ཆུང་ངུ་ཆེན་པོར་བལྟ་བའི་ལྷག་མཐོང་པ།།

རང་སེམས་ཆེ་ཆུང་སྙོམ་མཁས་ཞི་དུལ་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

ཁེ་ལ་རྡོག་པས་རྫི་བའི་རང་རློམ་ཅན།།

གྲགས་པ་རྩ་ནས་གཅོད་པའི་ང་རྒྱལ་ཅན།།

ཁེ་གྲགས་གཉིས་ལས་རྒྱལ་བའི་སྐྱེས་ཆེན་གང་།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

ནམ་མཁའ་གུར་དུ་ཕིབས་པས་སེམས་རྒྱ་ཡངས།།

ས་གཞི་གདན་དུ་བཏིངས་པས་བློ་སྤོབས་ཆེ།།

སེམས་ཅན་མ་རུ་བལྟ་བའི་ལྷག་བསམ་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

བདེན་པ་ཚད་མར་འཛིན་པའི་དྲང་བདེན་པ།།

རྒྱུ་འབྲས་ཐོད་དུ་བཅིངས་པའི་འཕྲིན་ལས་ཅན།།

སེམས་ཀྱི་ཆེ་ཆུང་གཞལ་མཁས་ཡུལ་གྱུར་བ།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

ཞི་བདེ་བྱང་སེམས་སྒྲོག་པའི་བདེན་སྐྱོང་པ།།

འཐབ་འཁྲུག་རྩོད་སློང་འགོག་པའི་རྒྱལ་མཚན་ཆེ།།

གནམ་ས་གཞི་གཅིག་སྦྲེལ་བའི་མཐུ་རྩལ་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

མ་རིག་སེམས་ལས་སྐྱེས་པའི་དུག་གསུམ་དང་།།

ཕྱི་ནང་ཁྲག་གི་མཚོ་ལ་རོལ་བ་སོགས།།

མ་ལུས་དུག་གི་རྩ་བ་འཇོམས་པའི་དཔལ།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

སེམས་ཀྱི་རྒྱལ་མོའི་ཚུར་སྣང་སྒྱུ་མའི་གར།།

སེམས་པའི་སྟེང་འོག་ཀུན་ཏུ་རྒྱུ་བའི་རླབས།།

སེམས་ཀྱིས་འདུལ་བ་མཚུངས་མེད་ཉི་མའི་བུ།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

སྟོན་མཇུག་ལོ་མ་སེར་པོའི་འཇིག་རྟེན་དུ།།

མཐིང་མདོག་སྣུམ་ཚོན་བྱུགས་ལ་རྔམ་པ་ཡིས།།

རང་ལུས་ཚོན་རྩིར་ཕབ་པའི་རྣམ་ཐར་ཅན།།

འཇིག་རྟེན་ཕྱི་ནང་གཉིས་ཀྱི་བརྟུལ་ཕོད་པ།།

 

མདོར་ན་བདེན་རྫུན་བཟང་ངན་ལེགས་འབྱེད་པའི།།

རྒྱུ་འབྲས་རྒྱ་མའི་ཕྱོགས་སུ་མ་ལྷུང་བ།།

མགོ་ནག་མི་ཡི་ཁྲོད་ན་དུ་མཆིས་པ།།

གཞན་ལ་མ་འདྲི་རང་གི་སེམས་ལ་དྲིས།།

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།