རྩོམ་རིག་གི་བླང་དོར་གསལ་བྱེད་ཀ་རྩོམ།

དོར་ཞི་གདོང་དྲུག་སྙེམས་བློ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-03

ཀ་ལ་པ་རུ་སྣུམ་པའི་བཅུད་ཡོད་ན།།

ཁ་ནས་དོན་མེད་ཚིག་སྟོང་མི་སྒྲོག་པར།།

ག་རེ་དུས་རབས་གསར་བ་འདིའི་ནང་དུ།།

ང་ཡིས་དམངས་ལ་ཅི་ལྟར་ཙན་འདོགས་སོམས།།

ཅ་རིལ་བཞིན་དུ་ཁང་མིག་ནང་བསྒོངས་ནས།།

ཆ་རྒྱུས་མེད་ཀྱང་བློ་ལ་ཤར་ཚོད་ཀྱིས།།

ཇ་རིན་དུ་རིན་ལེན་ཐབས་ཙམ་དམིགས་པའི།།

ཉ་ཉོག་ཚིག་བསྒྲིགས་སྙན་ངག་ཡིན་ནོ་ལོ།།

ཏ་ལའི་ཀླུང་བཞིན་ཟབ་ཅིང་རྒྱ་ཆེ་བའི།།

ཐ་སྙད་བདེན་ཕྱོགས་འཇིག་རྟེན་བྱ་བཞག་དང་།།

ད་ལྟའི་དུས་ཀྱི་ཁྱད་ཆོས་ལྷང་འདོན་པའི།།

ན་རའི་འཚོ་བ་སྙུག་རྩེར་ལེན་པ་གཅེས།།

པ་ཏྲ་རི་མོ་བཞིན་དུ་ཚིག་མཛེས་ཕྱིར།།

ཕ་ལེ་ཕོ་ལེ་ལྷན་པ་བསྒྲིགས་པའི་རྩོམ།།

བ་ལང་ངུར་སྒྲ་སེའུ་བཅུ་བའི་ངག།

མ་དྲོས་མཚོ་ལྟར་རྒྱས་ཀྱང་དགོས་པ་ཆུང་།།

ཙ་ཏུར་འཛུགས་སྐྲུན་གཟུགས་མཐོང་བཞིན་གྱི་སྣོད།།

ཚ་གྲང་དྲོད་ཚད་ཤེས་བྱེད་དངུལ་ཆུའི་སྦུག།

ཛ་ཏིའི་རོ་བཞིན་འཚོ་བའི་བྲོ་བ་ཅན།།

ཝ་ལེར་བློ་སྒོ་འབྱེད་པའི་རྩོམ་རིགས་མཁོ།།

ཞ་རའི་མིག་གི་སྒྲིབ་གཡོགས་མི་སེལ་བར།།

ཟ་འོག་རྒྱལ་མཚན་བཟོས་པས་ཅི་ལ་ཕན།།

འ་ཅག་རང་གི་རིགས་ལ་ཕན་པའི་ཕྱིར།།

ཡ་མཚན་ཐབས་ཤེས་གཞན་ལས་ཅིས་མི་ལེན།།

ར་བ་དོག་པོར་རང་བློ་མ་བཅིངས་པར།།

ལ་ལུང་ཀུན་ཏུ་ཤེས་རྒྱ་བསྐྱེད་ན་བཟང་།།

ཤ་དང་གླ་བ་རི་ལུང་མ་ཉུལ་བར།།

ས་གཅིག་བཟུང་བས་ནུས་པ་ཉམས་ཞེས་གྲགས།།

ཧ་ནུ་མན་ཐས་མགྲིན་བཅུའི་གཟུགས་དངོས་དང་།།

ཧ་ཅང་མཚུངས་པའི་གཟུགས་བརྙན་ཕྱེ་བ་ལྟར།།

ཨ་རག་ཆུ་ནག་སོ་སོར་མ་འདྲེས་པར།།

ཨ་མྲྀ་ཏ་འདྲའི་རྩོམ་རིག་སྤེལ་ཞིག་ཀྱེ།།

 

རྩོམ་ཁུངས། དོར་ཞིའི་གསུང་རྩོམ་ཐོར་བུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་གི་བླང་དོར་གསལ་བྱེད་ཀ་རྩོམ།

2009-12-03 དོར་ཞི་གདོང་དྲུག་སྙེམས་བློ། ཀློག་གྲངས། མཆན ཡོད།

ཀ་ལ་པ་རུ་སྣུམ་པའི་བཅུད་ཡོད་ན།།

ཁ་ནས་དོན་མེད་ཚིག་སྟོང་མི་སྒྲོག་པར།།

ག་རེ་དུས་རབས་གསར་བ་འདིའི་ནང་དུ།།

ང་ཡིས་དམངས་ལ་ཅི་ལྟར་ཙན་འདོགས་སོམས།།

ཅ་རིལ་བཞིན་དུ་ཁང་མིག་ནང་བསྒོངས་ནས།།

ཆ་རྒྱུས་མེད་ཀྱང་བློ་ལ་ཤར་ཚོད་ཀྱིས།།

ཇ་རིན་དུ་རིན་ལེན་ཐབས་ཙམ་དམིགས་པའི།།

ཉ་ཉོག་ཚིག་བསྒྲིགས་སྙན་ངག་ཡིན་ནོ་ལོ།།

ཏ་ལའི་ཀླུང་བཞིན་ཟབ་ཅིང་རྒྱ་ཆེ་བའི།།

ཐ་སྙད་བདེན་ཕྱོགས་འཇིག་རྟེན་བྱ་བཞག་དང་།།

ད་ལྟའི་དུས་ཀྱི་ཁྱད་ཆོས་ལྷང་འདོན་པའི།།

ན་རའི་འཚོ་བ་སྙུག་རྩེར་ལེན་པ་གཅེས།།

པ་ཏྲ་རི་མོ་བཞིན་དུ་ཚིག་མཛེས་ཕྱིར།།

ཕ་ལེ་ཕོ་ལེ་ལྷན་པ་བསྒྲིགས་པའི་རྩོམ།།

བ་ལང་ངུར་སྒྲ་སེའུ་བཅུ་བའི་ངག།

མ་དྲོས་མཚོ་ལྟར་རྒྱས་ཀྱང་དགོས་པ་ཆུང་།།

ཙ་ཏུར་འཛུགས་སྐྲུན་གཟུགས་མཐོང་བཞིན་གྱི་སྣོད།།

ཚ་གྲང་དྲོད་ཚད་ཤེས་བྱེད་དངུལ་ཆུའི་སྦུག།

ཛ་ཏིའི་རོ་བཞིན་འཚོ་བའི་བྲོ་བ་ཅན།།

ཝ་ལེར་བློ་སྒོ་འབྱེད་པའི་རྩོམ་རིགས་མཁོ།།

ཞ་རའི་མིག་གི་སྒྲིབ་གཡོགས་མི་སེལ་བར།།

ཟ་འོག་རྒྱལ་མཚན་བཟོས་པས་ཅི་ལ་ཕན།།

འ་ཅག་རང་གི་རིགས་ལ་ཕན་པའི་ཕྱིར།།

ཡ་མཚན་ཐབས་ཤེས་གཞན་ལས་ཅིས་མི་ལེན།།

ར་བ་དོག་པོར་རང་བློ་མ་བཅིངས་པར།།

ལ་ལུང་ཀུན་ཏུ་ཤེས་རྒྱ་བསྐྱེད་ན་བཟང་།།

ཤ་དང་གླ་བ་རི་ལུང་མ་ཉུལ་བར།།

ས་གཅིག་བཟུང་བས་ནུས་པ་ཉམས་ཞེས་གྲགས།།

ཧ་ནུ་མན་ཐས་མགྲིན་བཅུའི་གཟུགས་དངོས་དང་།།

ཧ་ཅང་མཚུངས་པའི་གཟུགས་བརྙན་ཕྱེ་བ་ལྟར།།

ཨ་རག་ཆུ་ནག་སོ་སོར་མ་འདྲེས་པར།།

ཨ་མྲྀ་ཏ་འདྲའི་རྩོམ་རིག་སྤེལ་ཞིག་ཀྱེ།།

 

རྩོམ་ཁུངས། དོར་ཞིའི་གསུང་རྩོམ་ཐོར་བུ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།